མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་པོ་རྟགས་མའི་བོད་འགྱིག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-17
ཀློག་གྲངས།:
ཉེ་ཆར། མཚོ་ལྷོ་ཁུལ་གྱི་མཚོ་སྔོན་པོ་རྟགས་མའི་བོད་འགྱིག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་དེ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ།
ཐེངས་འདིའི་འགྲན་བསྡུར་ནི་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཁུལ་ཡོངས་གྱི་ས་གནས་སོ་སོ་ནས་ཡོང་བའི་རུ་ཁག6གི་བོད་འགྱིག་ལ་དགའ་མོས་ཡོད་མཁན120ལྷན་དུ་འཛོམས་ནས་ཉིན་གསུམ་གྱི་རིང་ལ་ཛ་དྲག་ངང་འགྲན་བསྡུར་སྤེལ།
འགྲན་བསྡུར་གྱི་ཡུལ་དངོས་སུ། འགྲན་ཞུགས་པ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་སྒོས་འགྱིག་གཤོང་སྟེང་གི་འགྱིག་རྡེའུ་དཀར་ནག་ལ་བལྟ་བཞིན་མཚམས་རེར་བསམ་གཞིགས་ནན་མོ་གཏོང་བ་དང་ལན་རེར་འགྱིག་རྡེའུ་འཇོག་སྟངས་ཇེ་མགྱོགས་སུ་བཏང་སྟེ་འགྱིག་རྩལ་དང་ཆེས་བཟང་བའི་བསམ་པའི་རྣམ་པ་ལེགས་པོ་མངོན་བྱས་པ་དང་། ཛ་དྲག་གི་འགྲན་བསྡུར་གྱིས་མཐའ་འཁོར་གྱི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་ནས་འགྱིག་རྩལ་ལ་བསྔགས་བརྗོད་ཚད་མེད་བྱས།
བོད་འགྱིག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཤིག་ཡིན་པའི་ཆ་ནས། ཕུན་སུམ་ཚོགས་པའི་བློ་གྲོས་ཀྱི་རྩལ་འདོན་དགོས་པས། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
འགྲན་ཞུགས་པ་རྡོ་རྗེ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཐེངས་འདིའི་གདན་ཞུ་འགྲན་བསྡུར་སྤེལ་བ་ལས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བ་མ་ཟད། བོད་འགྱིག་ལ་དགའ་མོས་ཡོད་མཁན་རྣམས་ལ་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ནས། བོད་འགྱིག་རིག་གནས་མཚོ་ལྷོ་ཁུལ་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་པ་རེད་ཟེར།

འབྲེལ་ཡོད་འོས་སྦྱོར།