logo

2025ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བརྒྱད་པ་བདེ་བླག་ངང་མཇུག་བསྒྲིལ་བ།

རྩོམ་པ་པོ།: ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2025-09-18 ཀློག་གྲངས།:
       ཉེ་ལམ། དུས་ཡུན་ཉིན་ལྔ་རིང་གི་འགྲན་རྩོད་དྲག་པོ་བྱས་མཐར། 2025ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བརྒྱད་པ་བདེ་བླག་ངང་མཇུག་བསྒྲིལ། རྒྱལ་ཁབ་དང་ས་ཁུལ25 དེ་མིན་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་འགྲན་ཞུགས་རུ་ཁག145དང་། ལུས་རྩལ་པ2300ལྷག་གིས་འགྲན་སྡུར་ཁྲོད་རྩེར་སོན་གྱི་རྩལ་ནུས་མངོན་ཞིང་། མདའ་རྩལ་ལ་བརྟེན་ནས་མཛའ་འབྲེལ་བསྒྲིགས་ཏེ་ཐུན་མོང་གིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ངོ་མཚར་བའི་ལེའུ་གསར་པ་བྲིས།
       སྐོར་ཐེངས་དུ་མའི་འགྲན་རྩོད་དྲག་པོ་བརྒྱུད། རྣམ་གྲངས་སོ་སོའི་བྱ་དགའ་གཏན་འཁེལ་བྱས་ཟིན་པ་སྟེ། གཅན་ཚ་རྫོང་ལས་བྱེད་པ་རྒན་གྲས་མདའ་འཕེན་མཐུན་ཚོགས་དང་། གཅན་ཚ་རྫོང་ཤ་བཟང་ཐང་མདའ་འཕེན་རུ་ཁག་ལ་ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་ཐོབ་པ་དང་། རྩེ་ཁོག་རྫོང་མདའ་འཕེན་མཐུན་ཚོགས་དང་གཞོང་ཐང་རྫོང་ལི་ལེན་མདའ་འཕེན་མཐུན་ཚོགས་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ། ཀོང་ཏུང་ཞིང་ཆེན་འཐུས་ཚབ་རུ་ཁག་དང་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་རྨ་ཙོང་མདའ་འཕེན་མཐུན་ཚོགས། པིན་ཧོ་མདའ་འཕེན་རུ་ཁག སྤྲེལ་ནགས་ཉིན་མདའ་འཕེན་རུ་ཁག་བཅས་ལ་སྲོལ་རྒྱུན་གཞུ་མི་ལྔའི་ཚན་ཆུང་དང་། སྲོལ་རྒྱུན་རྭ་གཞུ་མི20ཡི་ཚན་ཆུང་། གཞུ་འཁོར་ལོ་མ་མི20ཡི་ཚན་ཆུང་། གཞུ་ལེབ་མི20ཡི་ཚན་ཆུང་བཅས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། ཧིན་རྡུ་ཉི་ཞི་ཡའི་འཐུས་ཚབ་རུ་ཁག་དང་ལྷ་ས་མདའ་འཕེན་རུ་ཁག གསེར་ཆེན་རྫོང་ཚེ་ཧན་སུའུ་སྡེ་བའི་མདའ་འཕེན་རུ་ཁག བཱ་ཡན་རྫོང་ཆི་ཚའེ་ལུས་རྩལ་མཐུན་ཚོགས་བཅས་ལ་སོ་སོར་སྲོལ་རྒྱུན་གཞུ་མི་ལྔའི་ཚན་ཆུང་དང་། སྲོལ་རྒྱུན་རྭ་གཞུ་མི20ཡི་ཚན་ཆུང་། གཞུ་འཁོར་ལོ་མ་མི20ཡི་ཚན་ཆུང་། གཞུ་ལེབ་མི20ཡི་ཚན་ཆུང་བཅས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་རུ་ཁག་དང་མཚོ་ལྷོ་ཁུལ་མདའ་འཕེན་ལུས་རྩལ་མཐུན་ཚོགས། རྨ་ལྷོ་ཁུལ་མདའ་འཕེན་སྤྲོ་སྐྱིད་ཁང་གི་འཐུས་ཚབ་རུ་ཁག བཱ་ཡན་རྫོང་ཝན་ལུང་ལུས་རྩལ་མདའ་འཕེན་མཐུན་ཚོགས་བཅས་ལ་སོ་སོར་སྲོལ་རྒྱུན་གཞུ་མི་ལྔའི་ཚན་ཆུང་དང་། སྲོལ་རྒྱུན་རྭ་གཞུ་མི20ཡི་ཚན་ཆུང་། གཞུ་འཁོར་ལོ་མ་མི20ཡི་ཚན་ཆུང་། གཞུ་ལེབ་མི20ཡི་ཚན་ཆུང་བཅས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་རུ་ཁག་དང་། ལོ་བ་མདའ་འཕེན་རུ་ཁག མཚོ་ལྷོ་ཁུལ་མདའ་འཕེན་ལུས་རྩལ་མཐུན་ཚོགས། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཤིན་ལུང་དམངས་ཁྲོད་མདའ་འཕེན་མཐུན་ཚོགས་བཅས་ལ་སོ་སོར་སྲོལ་རྒྱུན་གཞུ་མི་ལྔའི་ཚན་ཆུང་དང་། སྲོལ་རྒྱུན་རྭ་གཞུ་མི20ཡི་ཚན་ཆུང་། གཞུ་འཁོར་ལོ་མ་མི20ཡི་ཚན་ཆུང་། གཞུ་ལེབ་མི20ཡི་ཚན་ཆུང་བཅས་ཀྱི་བྱ་དགའ་ཨང་བཞི་པ་ཐོབ།
       ཐེངས་འདིའི་འགྲན་སྡུར་གྱིས་དེང་རབས་ཀྱི་མདའ་འཕེན་དང་སྲོལ་རྒྱུན་གྱི་མདའ་འཕེན་གཞི་གཅིག་ཏུ་འདྲེས་ནས་རྒྱལ་སྤྱིའི་ལུས་རྩལ་འགྲན་སྡུར་སྙིང་སྟོབས་དར་སྤེལ་དང་། ལྗང་མདོག་འཕེལ་རྒྱས་དར་སྤེལ། དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བ་བཅས་དམིགས་ཡུལ་དུ་བྱས་ཡོད། འགྲན་སྡུར་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ་བ་དེས་གཅན་ཚ་རྫོང་དང་ཐ་ན་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་དང་རིག་གནས། ཡུལ་སྐོར་ཐོན་ལས་བཅས་ཀྱི་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ། “གཡང་མདའ”འགྲན་སྡུར་གྱི་མཚན་སྙན་གྲགས་དང་གབ་ཤུགས་ཆེ་རུ་ཕྱིན་པར་མ་ཟད། རབ་མཛེས་མཚོ་སྔོན་དང་ངོ་མཚར་རྨ་ལྷོ། ཡིད་འོང་གཅན་ཚ་བཅས་ཀྱི་ཡིད་དབང་འཕྲོག་ཤུགས་ལེགས་པར་མངོན་པ་རེད།
འབྲེལ་ཡོད་འོས་སྦྱོར།