logo

ཟོ་ཐང་རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་རྒྱལ་ཡོངས་བོད་ཡིག་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། དུས་ཚོད།:2025-12-01 ཀློག་གྲངས།:
       ཟླ11ཚེས28ཉིན། ཟོ་ཐང་རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་རྒྱལ་ཡོངས་བོད་ཡིག་ལྷུག་རྩོམ་འགྲན་བསྡུར་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་གཟབ་རྒྱས་ངང་སྤེལ་བ་རེད།
       ད་ཐེངས་ཀྱི་བྱེད་སྒོ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རིག་གནས་དགོངས་པ་ལག་བསྟར་བྱ་རྒྱུ་ལྟེ་བར་བྱས་ཤིང་། “བརྒྱད་ལྔའི་”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལས་འགན་གྱི་བླང་བྱར་དམ་པོར་དམིགས་ཡོད་པ་མ་ཟད། “དུས་བདེའི་མཚོ་སྔོན་”འཛུགས་སྐྲུན་གྱི་བཀོད་ཇུས་དང་ཡོངས་སུ་མཐུན་ཡོད། ཟོ་ཐང་རྟགས་མའི་འགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་ལྷུག་རྩོམ་འགྲན་བསྡུར་ནི་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི«འགྲུལ་བཞུད་ལམ་སྟོན»ལེ་ཚན་དང་མཚོ་སྔོན་ཟོ་ཐང་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིས་མཉམ་དུ་ཇུས་འགོད་བྱས་ནས་གཉེར་བ་ཞིག་རེད།
       ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་5པར་རྩོམ་བསྡུའི་བྱེད་སྒོ་སྤེལ་འགོ་ཚུགས་ཚུན། བྱེད་སྒོར་རྒྱལ་ཡོངས་ས་གནས་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་ཆེན་པོ་ཐོབ་ཅིང་། སྤུས་ཚད་མཐོ་བའི་རྩོམ་ཡིག254བསྡུ་རུབ་ཐུབ་པ་དང་། རྩོམ་མཁན་ཁྲོད་ལས་འཁྱུར་ངལ་གསོ་གནང་མཁན་དང་། གཞུང་ཞབས་པ། དགེ་རྒན། སློབ་མ། འགྲིམ་འགྲུལ་ཉེན་རྟོག་པ། འབྲོག་པ་མང་ཚོགས་སོགས་ལས་རིགས་སྣ་ཚོགས་ཀྱི་མི་སྣ་ཡོད། ཁོང་ཚོས་ཟུར་ཚད་མི་འདྲ་བའི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཤེས་རྟོགས་དང་ལག་ལེན་དངོས་ཀྱི་མྱོང་ཚོར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། དེའི་ཁྲོད་ཀྱི་ཕུལ་བྱུང་བརྩམས་ཆོས54མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི«འགྲུལ་བཞུད་ལམ་སྟོན»ལེ་ཚན་དང་སྐད་འཕྲིན་སྤྱི་སྟེགས་ཐོག་གཏོང་སྤེལ་བྱས་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སྣ་ཚོགས་གཞི་རིམ་མང་ཚོགས་ཀྱི་སྙན་ལམ་དང་སྤྱན་ལམ་དུ་ཕུལ་ཡོད།
       དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་ནན་པོ་བྱས་པ་བརྒྱུད། མཐར་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2 ཨང་གསུམ་པ3 ཕུལ་བྱུང་བརྩམས་ཆོས་བྱ་དགའ10བཅས་དཔྱད་འདེམས་བྱས་པ་དང་། དམངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་ཆེད་ལྷུག་རྩོམ་སྤུས་ལེགས་མང་པོ་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།