ཞིན་ཧེ་རྫོང་གིས་ཆུང་འབྲིང་སློབ་མའི་རི་མོ་འགྲན་སྡུར་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཞིན་ཧེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-01-14
ཀློག་གྲངས།:
ཞིན་ཧེ་རྫོང་ཡོངས་ཀྱི་ཆུང་འབྲིང་སློབ་མའི་སློབ་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྒྱུ་རྩལ་གསར་སྐྲུན་གྱི་བག་ཤུགས་སྔོག་འདོན་བྱེད་པ། མཛེས་དཔྱོད་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་གསོ་སྤེལ་བྱ་ཆེད། ཞིན་ཧེ་རྫོང་སློབ་གསོ་ཅུའུ་ཡིས་གཙོ་སྒྲུབ་དང་། ཆུང་འབྲིང་སློབ་གྲྭ་སོ་སོས་རོགས་སྒྲུབ་བྱས་པའི་ཆུང་འབྲིང་སློབ་མའི་རི་མོ་འགྲན་སྡུར་སྐབས་དང་པོ་ཉིས་སྟོང་ཉེར་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་རྒྱལ་ཁའི་ངང་སྒྲུབ། བྱ་འགུལ་འདི་ལ་རྫོང་ཡོངས་ཀྱི་སློབ་གྲྭ་བདུན་ནས་སློབ་མ་བདུན་ཅུ་ཐམ་པ་ཞུགས་པ་དང། ཆུང་འབྲིང་སློབ་མ་དག་གིས་སྒྱུ་རྩལ་གསར་རྩོམ་ལ་བཅངས་པའི་བརྩེ་སེམས་དང་འདུན་མ་ཕྱིར་མངོན་པར་བྱས།

ཐེངས་འདིའི་འགྲན་བསྡུར་སྟེང་ལོ་ན་མི་འདྲ་བའི་སློབ་མའི་ཆུ་ཚད་དང་གསར་རྩོམ་གྱི་ཁྱད་ཆོས་ལ་གཞིགས་ནས་སློབ་ཆུང་ལོ་རིམ་དམའ་ཤོས་ཀྱི་ཚན་ཆུང་དང་སློབ་ཆུང་ལོ་རིམ་མཐོ་ཤོས་ཀྱི་ཚན་ཆུང་། དམའ་འབྲིང་ཚན་ཆུང་བཅས་ཚན་ཆུང་གསུམ་དུ་བགོས་ཡོད། "ཐན་ཉུང་འབྱུང་འཕྲོད། ཁོར་ཡུག་སྲུང་སྐྱོབ།" "ཐོན་ཁུངས་གྲོན་ཆུང་བྱེད་པ་རང་ཉིད་ནས་འགོ་རྩོམ།" "ཚན་རྩལ་གྱི་ཕུགས་བསམ། མ་འོངས་པ་གསར་སྐྲུན"བཅས་བརྗོད་གཞི་ཆེན་པོ་གསུམ་གྱི་སྟེང་ནས། རི་མོ་ལ་བརྟེན་ཏེ་སློབ་མ་དག་གིས་རང་གི་ཉེ་འགྲམ་གྱི་འཚོ་བའི་འདས་དོན་དང་ནང་སེམས་ཀྱི་ཕུགས་བསམ་མངོན་པར་བྱེད་པར་སྐུལ་སློང་བྱས་ཏེ་དུས་རབས་གསར་བའི་ཆུང་འབྲིང་སློབ་མའི་སྙིང་སྟོབས་དང་འགན་འཁྲི་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་དུ་བཅུག

དཔྱད་འཇོག་ཀྱི་མཇུག་འབྲས་དྲང་བདེན་དྲང་བཞག་ཡོང་བར་འགན་སྲུང་བྱ་ཆེད། སློབ་གྲྭ་སོ་སོ་ནས་མཛེས་རྩལ་ཆེད་ལས་དགེ་རྒན་བདམས་ཏེ་དཔྱད་འཇོག་ཚན་ཆུང་སྒྲུབ་པ་དང་། ཚན་ཆུང་བགར་ནས་སྐར་མ་རྒྱག་པ། ཕྱོགས་བསྡུས་དཔྱད་འཇོག་བྱེད་པ། གཅིག་བསྡུས་བསྐྱར་ཞིབ་བྱེད་པ་བཅས་བྱས་ནས་དཔྱད་འཇོག་བརྒྱུད་རིམ་གཟབ་ནན་བརྩི་སྲུང་བྱས། བརྗོད་གཞི་དང་འབྲེལ་ཞིང་སྣང་བརྙན་གྱིས་ཕྱུག་པ། འབྲི་རྩལ་ཁྱད་ཆོས་ལྡན་ལ་ཁ་མདོག་སྡེབ་སྦྱོར་བཟང་བ། ཤོག་ངོས་གྲལ་དག་མིན་སོགས་ཚད་གཞིར་བཟུང་ནས་ཆེད་ལས་སྐར་མ་བརྒྱབ་སྟེ་མཇུག་འབྲས་ཆོས་ཉིད་དང་མཐུན་ཞིང་དྲང་བདེན་ཡོང་བ་ཁག་ཐེག་བྱས།

ཐེངས་འདིའི་འགྲན་བསྡུར་གྱིས་རྫོང་ཡོངས་ཀྱི་ཆུང་འབྲིང་སློབ་མར་རྒྱུ་སྤུས་མཐོ་བའི་སྒྱུ་རྩལ་གྱི་འབྲེལ་འདྲིས་སྟེགས་བུ་ཞིག་བསྐྲུན་པར་མ་ཟད་སློབ་མ་རྣམས་ཀྱི་རི་མོ་འབྲི་བའི་ནུས་རྩལ་དང་མཛེས་དཔྱོད་ཀྱི་ཆུ་ཚད་གོང་མཐོར་བཏང་། དེར་མ་ཟད་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་སྐྲུན་གྱི་ཤེས་རྟོགས་གཏིང་ཟབ་ཏུ་བཏང་བ་དང་སློབ་གྲྭ་སོ་སོའི་མཛེས་རྩལ་སློབ་གསོ་ཉམས་མྱོང་བརྗེ་རེས་དང་རྒྱུ་སྤུས་གོང་མཐོར་འགྲོ་བར་སྐུལ་འདེད་བྱས་སྟབས། རྒྱ་ཆེ་བའི་དགེ་སློབ་དག་གིས་དཔྱད་འཇོག་བཟང་པོ་ཐོབ།
འབྲེལ་ཡོད་འོས་སྦྱོར།
