logo

གནའ་བོའི་དངུལ་ཀྲམ་ལས་དུས་རབས་ཀྱི་འཕོ་འགྱུར་གླེང་།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-05-20 ཀློག་གྲངས།:
       རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་གཏོད་བྱེད་དགོས་པ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། སྤྱི་ཟླ5པའི་ཚེས18ཉིན་རྒྱལ་སྤྱིའི་རྟེན་རྫས་བཤམས་སྟོན་ཁང་གི་ཉིན་མོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་གིསདངུལ་ལོར་རིག་གནས་ཤུལ་བཞག་བརྒྱུད། དུས་རབས་གསར་པའི་འཕོ་འགྱུར་གླེངཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཟབ་རྒྱས་སྤེལ་ཏེ་འབྲེལ་ཡོད་དབུ་ཁྲིད་དང་། ཆེད་ལས་མཁས་པ། དོག་སྡེའི་ཁུལ་གྱི་མང་ཚོགས་རྣམས་གདན་ཞུ་བྱས་ནས་བཤམས་སྟོན་ཁང་ནང་ཉར་ཚགས་བྱས་པའི་དུས་རབས་རིམ་བྱུང་གི་རིགས་འདྲ་མིན་གྱི་དངུལ་ལོར་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས་པ་བརྒྱུད། བོད་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་། རྒྱ་བོད་མི་རིགས་དབར་གྱི་མཐུན་སྒྲིལ། བོད་ནི་མེས་རྒྱལ་གྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་མཚོན་པར་བྱས་ཡོད།
       བོད་ལྗོངས་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་ནི་ལྷ་ས་གྲོང་ཁྱེར་དོག་སྡེ་རོང་དངུལ་དཔར་གྲོང་ཚོར་གནས་ཤིང་། ལོ་ངོ་བརྒྱའི་གོང་དུ་གནས་དེར“དོག་སྡེ་དངུལ་ལོར་བཟོ་གྲྭ”ཆགས་པས་གྲོང་ཚོའི་མིང་ཡང་དེ་ལྟར་ཐོགས་པ་ཞིག་རེད་ལ། དོག་སྡེ་དངུལ་ལོར་བཟོ་གྲྭའི་གནས་རྙིང་ཤུལ་དུ་ད་ལྟའི་རྒྱ་ཁྱོན་ལ་སྨི་ངོས་གྲུ7400ལྷག་ཙམ་ཟིན་པ་དང་། ཁྱོན་ཐོག་སོ་ལྔ་ལྡན་གྱི་རྡོ་རྩིག་གཙང་མའི་གནའ་བོའི་བོད་ཀྱི་ཕོ་བྲང་ལུགས་ཀྱི་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་འདི་བརྒྱབ་པ་ཞིག་ཡིན་པ་དང་། 2023ལོར་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་པ་ཞིག་རེད།
       བོད་ལྗོངས་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་ནང་བཤམས་པའི་བོད་ས་གནས་ཀྱི་དངུལ་ཊམ་རེ་རེར་ཡིག་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ་ཁུངས་བཙན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཞི་རྟེན་དུ་བྱས་ཡོད་ཅིང་། དུས་སྐབས་ཁག་གི་དངུལ་ཊམ་གྱི་ཡོང་ཁུངས་དང་། བཟོ་ལྟ། པར་གཞི། འཁོར་རྒྱུག་སོགས་ལོ་རྒྱུས་ཀྱི་དཔྱད་གཞིར་བརྟེན་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་དོ་དམ་ནུས་ལྡན་བྱེད་མྱོང་བའི་ལོ་རྒྱུས་དང་། བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བདེན་དཔང་གང་ལེགས་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།