མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་འདུ་སྐབས་དགུ་པ་འཚོགས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར།
དུས་ཚོད།:2026-06-08
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་འདུ་སྐབས་དགུ་པ་འཚོགས་པ།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་འཚམས་འདྲི་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་འཚམས་འདྲི་བྱས།
ཟླ6པའི4ཚེས་ཉིན། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་འདུ་སྐབས་དགུ་པ་ཟི་ལིང་དུ་འཚོགས། ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་དགའ་ཐོབ་པའི་འཐུབ་མིར་འཚམས་འདྲི་བྱས། ཞིང་ཆེནཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་ཏེ་གཏམ་བཤད། ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་དབྱང་ཧྥེང་ཁྲུན། ལི་ཧུང་ཡ། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་སྒྱུ་རྩལ་པར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་གྱི་བྱ་བ་གཉེར་མཁན་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་བྱས། ཁོ་ཚོས་བཤད་རྒྱུར། རིག་རྩལ་ལས་དོན་ནི་ཏང་དང་མི་དམངས་ཀྱི་ལས་དོན་གལ་ཆེན་ཡིན་ལ། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གཙོ་བོ་ཡིན་པས། དུས་རབས་གསར་པའི་རིག་རྩལ་ལས་གཉེར་པའི་འགན་འཁྲི་ལྕི་ཞིང་གཟི་བརྗིད་ལྡན། རེ་བར་ཚང་མས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སེམས་གོང་བུར་བསྒྲིལ་བ་དང་། དུས་རབས་གསར་པ་ཟིན་ཐོར་འགོད་པ་དང་དུས་རབས་གསར་པ་རྩོམ་འབྲི་བྱེད་པ། དུས་རབས་གསར་པར་བསྟོད་གླུ་ལེན་པ་བཅས་ཀྱི་འགན་འཁྲི་གལ་ཆེན་ནན་གྱིས་འཁུར་བ། ང་ཚོ་གསོ་སྐྱོང་བྱས་པའི་མཚོ་སྔོན་གྱི་ས་མཐོ་འདིར་རྐང་འཛུགས་པ། གནས་འདིར་འཚོ་བ་རོལ་བའི་རིགས་སོ་སོའི་མི་དམངས་ཀྱིས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་ཡིད་དབང་འགུག་པའི་གཏམ་རྒྱུད་ལེགས་པོར་བརྗོད་པ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལེགས་རྩོམ་སྔར་ལས་མང་པོ་ཧུར་ཐག་གིས་རྩོམ་པ་བཅས་ཀྱིས། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ཀའི་འཚོལ་སྙེག་གི་ཁྲོད་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རིག་གནས་རིག་རྩལ་ལས་དོན་ལ་ཚད་མཐོན་པོས་རྩིས་མཐོང་བྱེད་པ་དང་། རིག་རྩལ་བྱ་བ་ནམ་ཡང་གོ་གནས་གལ་ཆེན་དུ་བཞག་སྟེ། རྒྱ་ཆེའི་རིག་རྩལ་ལས་གཉེར་པར་རྒྱུན་མཐུད་སྒོས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོ་མཐུན་ཚོགས་ཀྱིས་རང་འགུལ་ངང་ཞབས་ཞུ་སྒྲུབ་པ་དང་། ཚང་མར་མཐུན་རྐྱེན་དང་སྟེགས་བུ་བསྐྲུན་ཏེ། རིག་རྩལ་གསར་རྩོམ་ལ་ཕན་པའི་ཁོར་ཡུག་སྔར་ལས་ལེགས་པ་ཞིག་བསྐྲུན་དགོས།
ཚོགས་འདུས་ནན་གྱིས་བསྟན་དོན། རྒྱ་ཆེའི་རིག་རྩལ་ལས་གཉེར་པས་བསམ་པའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། རིག་གནས་རང་རྟོན་བརྟན་པོར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་བརྗོད་དོན་གལ་ཆེན་ལ་དམིགས་ཤིང་། དུས་རབས་གསར་པའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་དེ། རིག་རྩལ་བརྩམས་ཆོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ཡ་རབས་གོམས་སྲོལ་ལ་ཁྲིད་སྟོན་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། གཞི་རིམ་ལ་རྐང་འཛུགས་པ། མང་ཚོགས་དང་ཉེ་བར་བཅར་བ། མཐོ་སྒང་དུ་ལག་ལེན་ཧུར་ཐག་བྱེད་པའི་ཁྲོད་གསར་རྩོམ་རྒྱུ་ཆ་བསྡུ་ལེན་བྱེད་པ། མི་ཕལ་བ་རྣམས་ཀྱི་འབད་བརྩོན་གྱི་བརྒྱུད་རིམ་ལ་དམིགས་པ་བཅས་ཀྱིས། བརྩེ་བ་ཟབ་མོས་མི་དམངས་ཀྱི་ལོ་རྒྱུས་སྙན་རྩོམ་རྩོམ་འབྲི་བྱས་ཏེ། རིག་རྩལ་དམངས་ཕན་ཞབས་ཞུ་རྒྱུན་དུ་སྤེལ་དགོས། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་དང་། སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་དུ་བསྒྱུར་བ་དང་གསར་གཏོད་རང་བཞིན་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ། སྨྱན་བྱད་གསར་པ་དང་ལག་རྩལ་གསར་པར་བརྟེན་ནས་བརྒྱུད་སྒྲོག་གི་ཐབས་ལམ་ཡངས་པོར་བཏོད་ཅིང་། ལེགས་རྩོམ་གསར་རྩོམ་བྱས་ཏེ་མཚོ་སྔོན་གྱི་རིག་རྩལ་ཤན་ཤུགས་མཐོར་འདེགས་གཏོང་དགོས། བློ་སྦྱོང་ཡག་པོ་ཐོན་པ་དང་ཀུན་སྤྱོད་དང་སྒྱུ་རྩལ་གོང་དུ་བཀུར་བ། རང་གཅུན་ནན་མོ་བྱེད་པ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལེགས་རྩོམ་སྔར་ལས་མང་པོ་གསར་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་འབྲི་བྱེད་པར་རིག་རྩལ་གྱི་སྟོབས་ཤུགས་འབུལ་དགོས།
ལི་ཧུང་ཡ་ཡིས་ཚོགས་འདུར་མགོ་འཛིན་བྱས་ཏེ«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད»སྒྲོག་འདོན་བྱས།ཚོགས་ཐོག་ཏུ། ཚོགས་ཞུགས་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་བྱིན་པ་དང་། བྱ་དགའ་ཐོབ་པའི་འཐུས་མི་མ་ཧའེ་དབྱི་དང་། ཀྲུའུ་ཞའོ་ཀྲུང་། དགེ་འདུན་ཚེ་རིང་། མ་ཁྲེང་ཞུང་བཅས་ཀྱིས་གཏམ་བཤད་སྤེལ།
ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་པ་རྣམས་ཀྱིས“སྐབས་དགུ་པའི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་དང‘ལྔ་བཅུ་བཞིའི’སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་རིག་རྩལ་གྲུབ་འབྲས་འགྲེམས་སྟོན”ལ་ལྟ་སྐོར་བྱས། །
འབྲེལ་ཡོད་འོས་སྦྱོར།
