ཚེ་རིང་དབྱངས་སྐྱིད་ཀྱིས་བརྩམས་པའི«གླུ་གར་གྱི་རྒྱལ་སྲས»ཞེས་པ་དངོས་སུ་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2026-07-03
ཀློག་གྲངས།:
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བའི་ལེགས་སྐྱེས། «གླུ་གར་གྱི་རྒྱལ་སྲས»ཞེས་པའི་དེབ་གསར་དངོས་སུ་འགྲེམ་སྤེལ་བྱས་པའི་སྐོར་བཀོད་པ།
ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མཛོད་ཁང་ནང་གི་ཆེས་འོད་མདངས་འཚེར་བའི་མུ་ཏིག་རྡོག་པོ་ཞིག་སྟེ། བོད་ཀྱི་སྲོལ་རྒྱུན་གྱི་གླུ་གར་སྒྱུ་རྩལ་ནང་མ་དང་སྟོད་གཞས་ནི་ལོ་རྒྱུས་ཀྱི་ཆར་རླུང་དང་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་མ་ཉམས་པར་ད་ལྟའི་བར་དུ་མི་རབས་ནས་མི་རབས་བརྒྱུད་དེ་ཡོང་བའི་རྩ་ཆེའི་ནོར་བུ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་རྒྱབ་ལྗོངས་འོག ཟླ7ཚེས1ཉིན་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཡུན་རིང་དཀའ་སྤྱད་འབད་བརྩོན་གྱིས་བརྩམས་གནང་བའི་དེབ་གསར«གླུ་གར་གྱི་རྒྱལ་སྲས—བཀྲ་ཤིས་ཚེ་རིང་ལགས་ཀྱི་སྒྱུ་རྩལ་མི་ཚེ»ཞེས་པ་དེ་དངོས་སུ་འགྲེམ་སྤེལ་བྱས་པ་དང་ཆབས་ཅིག དེབ་དེས་ཀློག་པ་པོ་མང་པོ་ཞིག་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུང་བའི་བརྩེ་སེམས་དང་རིག་གནས་ཀྱི་གདེང་ཚོད་སྔར་བས་ཇེ་བརྟན་དུ་བཏང་ཡོད།

གཅིག ངག་བརྗོད་ལོ་རྒྱུས་ཀྱིས་བསྐྲུན་པའི་དུས་རབས་ཀྱི་མེ་ལོང་དང་མི་རིགས་མཐུན་སྒྲིལ་གྱི་སྲོལ་བཟང་།
དེབ་འདིའི་སྔོན་འགྲོའི་གཏམ་གྱིས་མཚོན་པའི་ཤོག་ལྷེ་རེ་རེ་ནས་ང་ཚོས་རྩོམ་པ་པོའི་དུས་རབས་ཀྱི་འགན་འཁྲི་དང་ལས་དོན་ལ་བཅངས་པའི་ལྷག་བསམ་མཐོང་ཐུབ། འདི་ནི"ངག་བརྗོད་ལོ་རྒྱུས"ཀྱི་བརྩམས་ཆོས་རྣལ་མ་ཞིག་ཡིན་ལ།རྩོམ་པ་པོས་རྒྱུན་རིང་པོའི་དུས་ཚོད་སྤྱད་དེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ནང་མ་དང་སྟོད་གཞས་ཀྱི་རྒྱུན་འཛིན་པ་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་ཐད་ཀར་བཅར་འདྲི་ཞུས་ཤིང་། ཁོང་གི་དྲན་ལམ་བརྒྱུད་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྱུར་ལྡོག་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་འདིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དོན་སྙིང་ཟབ་མོའང་མངོན་ཡོད།

གཉིས། "གླུ་གར་གྱི་རྒྱལ་སྲས"དང་སྲོལ་རྒྱུན་རིག་གནས་ཀྱི་བླ་སྲོག
རྒན་བཀྲ་ཤིས་ཚེ་རིང་ལགས་ནི་མི་ཚེ་ཧྲིལ་པོར་ཏང་གི་རིག་རྩལ་བྱ་གཞག་དང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་ལུས་སེམས་གཉིས་ཀྱིས་བསྔོས་པའི་སྒྱུ་རྩལ་པ་ཁྱད་དུ་འཕགས་པ་ཞིག་རེད། ཁོང་ལ་མི་ཚོས"གླུ་གར་གྱི་རྒྱལ་སྲས"ཞེས་པའི་མཚན་སྙན་འདི་ཕུལ་བ་ནི་ཁོང་གི་མགྲིན་པ་དང་སྟངས་སྟབས་ལས་ཐོན་པའི་སྒྱུ་རྩལ་གྱི་རང་གཤིས་ཁོ་ན་ཙམ་མིན་པར། སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དད་སེམས་རེད། དེབ་འདིའི་ནང་དུ་རྒན་ལགས་ཀྱིས་སྒྱུ་རྩལ་གྱི་ལམ་བུའི་ཐོག་བཞུར་བའི་རྔུལ་ཆུ་དང་རིག་གནས་རྒྱུན་འཛིན་ཆེད་དུ་ཕུལ་བའི་བྱས་རྗེས་བཅས་ཞིབ་ཕྲ་བཀོད་ཡོད་པས། འདི་ནི་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་ལོ་རྒྱུས་དེབ་ཐེར་གསོན་པོ་ཞིག་ཏུ་གྱུར་ཡོད་ལ། སྲིད་ཇུས་ཀྱི་ལམ་སྟོན་འོག་རིག་རྩལ་ལས་དོན་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་སྣང་བརྙན་ཞིག་ཀྱང་རེད།

གསུམ། ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་དང་མ་འོངས་པའི་རིག་གནས་དར་སྤེལ།
དེབ་འདི་རྩོམ་པའི་དམིགས་ཡུལ་གཙོ་བོ་ནི་དུས་རབས་གསར་པའི་རིག་གནས་ཀྱི་འཕེལ་ཕྱོགས་དང་མཐུན་པར་མ་འོངས་པར་ལམ་སྟོན་བྱ་རྒྱུ་དེ་རེད། ད་ལྟའི་དུས་རབས་འདིར་མི་རིགས་སོ་སོའི་ངོ་བོ་དང་ཁྱད་ཆོས་མཚོན་པའི་སྲོལ་རྒྱུན་སྒྱུ་རྩལ་འདི་དག་རྩ་ཆེན་དུ་བཟུང་ནས་ཡིག་ཐོག་ཏུ་ཉར་ཚགས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་སྟེ། འདིས་ཕྱི་རབས་པར་ཚད་གཞི་མཐོ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་མཁོ་འདོན་བྱས་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཡང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

མདོར་ན། དེབ་གསར«གླུ་གར་གྱི་རྒྱལ་སྲས»ཞེས་པ་འདི་ལེགས་པར་གྲུབ་པ་ནི། རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཏེ་བོད་ཀྱི་རིག་གནས་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་ལ། དེ་བས་ཀྱང་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྲུང་སྐྱོབ་དང་དར་སྤེལ་བཏང་བའི་ནང་མ་སྟོད་གཞས་ཀྱི་སྒྱུ་རྩལ་འདིར་བཞེངས་པའི་རྡོ་རིང་ཞིག་རེད། ང་ཚོས་དེབ་འདི་བརྒྱུད་ནས་སྲོལ་རྒྱུན་གྱི་མཛེས་པ་མྱོང་རོལ་བྱེད་ཐུབ་ལ། དེ་བས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་འཕེལ་རྒྱས་གཏོང་བའི་ལྕི་བའི་འགན་འཁྲི་དེ་ཡང་གསལ་པོར་རྟོགས་ཐུབ་ངེས་ཡིན།
འབྲེལ་ཡོད་འོས་སྦྱོར།