logo

རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་གཟེངས་བསྟོད་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བཀྲ་ཚེ། ཕག་རྡོ། གཡང་འབུམ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-09-14 ཀློག་གྲངས།:
       ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་བདུན་པའི་ཁྲོད་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས་ལ་བྱ་དགའ་སྤྲོད་པའི་གཟེངས་བསྟོད་མཛད་སྒོ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྡུས།
མཛད་སྒོའི་ཡུལ་དངོས།
       གཟེངས་བསྟོད་མཛད་སྒོའི་སྟེང་། མཚོ་སྔོན་བོད་ཡིག་ཚགས་པར་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་འབྲེལ་ཡོད་མགོ་ཁྲིད་རྣམས་དང་། ཐེངས་འདིའི་དཔྱད་འདེམ་པ། བྱ་དགའ་ཐོབ་པའི་རྩོམ་པ་པོ། དེ་མིན་ད་དུང་བོད་ཀྱི་དེང་རབས་རྩོམ་རིག་སྐོར་ལ་སློབ་ཁྲིད་དང་ཞིབ་འཇུག ཕྱག་ལས། སློབ་སྦྱོང་བཅས་གནང་བཞིན་པའི་རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་པ། འབུམ་རམས་པ་དང་རབ་འབྱམས་སློབ་མ། ལས་སྒྲུབ་མི་སྣ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་སློབ་དང་བཅས་པ་མི་གྲངས་བརྒྱ་ཕྲག་ལྷག་ཚོགས་ཞུགས་བྱས།
བྱ་དགའ་ཨང་དང་པོ་ཐོབ་མཁན།
བྱ་དགའ་ཨང་གཉིས་པ་ཐོབ་མཁན།
       བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནམ་མཁའ་བཀྲ་ཤིས་ཀྱི་བརྩམས་ཆོས«བྱ་དང་འཇོལ་མོ»ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དངོས་གྲུབ་རྡོ་རྗེ་ཡི་བརྩམས་ཆོས«མཁའ་རུ་འཐེན་པའི་འོད་དཀར»དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཀླད་ཀོར་གྱི་བརྩམས་ཆོས«སྐར་མ»གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་བདེན་སྒྲུབ་ཀྱི་བརྩམས་ཆོས«ནེ་ཙོ»དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་རྩོམ་པ་པོ་ཆོས་དབྱིངས་རྒྱ་མཚོའི་བརྩམས་ཆོས«མི་མ་ཡིན»དང་མཛོད་རྒུ་ཏིང་འཛིན་འཕྲིན་ལས་ཀྱི་བརྩམས་ཆོས«མགོ་ཡི་ཞྭ་ལ་ཝ་ཟུར་ཡོད»བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་ལ། རེ་རེ་བཞིན་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་སྒོར10000དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ལ་སྒོར8000རེ། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ལ་སྒོར6000རེ་བཅས་བྱ་དགའི་རྟགས་བུམ་གཟི་བརྗིད་དཔང་ཡིག་དང་བཅས་པ་གནང་།
བྱ་དགའ་ཨང་གསུམ་པ་ཐོབ་མཁན།
       རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྤེལ་བ་དེས་བོད་ཀྱི་ན་གཞོན་སྒྲུང་གཏམ་རྩོམ་པ་པོ་གང་མང་ཞིག་སྔོག་འདོན་དང་སྐྱེད་སྲིང་བྱེད་པའི་ཐད་ནུས་པ་མི་དམན་པ་ཐོན་བཞིན་ཡོད་ལ། དུས་རབས་གསར་པའི་བོད་ཀྱི་དེང་རབས་རྩོམ་རིག་སྤྱི་དང་སྒོས་སུ་སྒྲུང་ཐུང་གསར་རྩོམ་གྱི་ལས་དོན་ལ་ཡར་སྐུལ་དང་གཞོགས་འདེགས་ཀྱི་བྱས་པ་མངོན་པར་གསལ་བས། འགྲན་སྡུར་ལ་བརྟེན་ནས་རྩོམ་པ་པོ་གསོ་སྐྱོང་བྱེད་པ་དང་། འགྲན་སྡུར་ལ་བརྟེན་ནས་རྩོམ་རིག་དར་སྤེལ་གཏོང་བའི་དགེ་མཚན་དང་དོན་སྙིང་ཆེན་པོ་མངོན་དུ་གྱུར་ཡོད།
མཚོ་སྔོན་བོད་ཡིག་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བན་དེ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
བྱ་དགའ་ཐོབ་པའི་རྩོམ་པ་པོའི་འཐུས་ཚབ་ཏེ་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱིས་གཏམ་བཤད་གནང་བཞིན་པ།
ཚོགས་རའི་ཟུར་ཅིག
ཚོགས་ཞུགས་མི་སྣའི་ལྷན་བསྐྱོན་མཉམ་པར།
འབྲེལ་ཡོད་འོས་སྦྱོར།