logo

མཚོ་ལྷོ་ཁུལ་གྱིས་རྣམ་པ་གསར་བ་ཞིག་གི་ལམ་ནས་ཁུལ་སྟོན་བསུ་བར་གྲ་སྒྲིག་གང་ལེགས་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-07-26 ཀློག་གྲངས།:
       ཉིན་འདི་འགའི་རིང་། རང་ཁུལ་གྱི་ས་ཁུལ་སོ་སོར་མེ་ཏོག་གིས་མཛེས་བཟོ་བྱེད་པ་དང་། ཁུལ་སྟོན་བརྗོད་བྱ་ཡིན་པའི་མཚོན་རྟགས་དང་བཀྲ་ཤིས་པའི་དངོས་པོའི་འདྲ་གཟུགས་བཟོ་བ། དེ་མིན་ཁུལ་སྟོན་ཁྱབ་སྒྲོག་བྱེད་པའི་བརྡ་ཁྱབ་འགྲེམ་བྱང་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ལམ་ཐིག་གཙོ་བོ་དང་ས་ཁོངས་གཙོ་བོར་མཛེས་བཟོ་བྱས་ཏེ་དགའ་སྟོན་གྱི་རྣམ་པས་མི་རྣམས་ལ་སྤྲོ་སེམས་བླ་ལྷག་ཅིག་སྦྱིན་འདུག
ལས་བཟོ་པ་དག་གིས་བྲེལ་འཚུབ་ངང་ཁུལ་སྟོན་ལ་སྟ་གོན་བྱེད་བཞིན་པ།
ལས་བཟོ་པ་དག་གིས་བྲེལ་འཚུབ་ངང་ཁུལ་སྟོན་ལ་སྟ་གོན་བྱེད་བཞིན་པ།
       ཟླ7པའི་ཚེས23ཉིན། གསར་འགོད་པས་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་གྱི་ཞི་མཐུན་ལམ་ནས་སུམ་ཚིགས་ལམ་བར་ལ་བལྟ་དུས། ལས་བཟོ་བ་ཚོས་ཚོན་མདངས་བཀྲ་ལ་ཆེ་ཆུང་མི་འདྲ་བའི་རླུང་འཁོར་མང་པོ་ཞིག་རྒྱ་ལམ་གྱི་འགྲམ་གཉིས་སུ་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། རླུང་བུ་ལྡང་ཐེངས་གཅིག་གིས་རླུང་འཁོར་དེ་དག་ལས་འཇའ་ཚོན་ལས་ཀྱང་ལྷག་པའི་མཚར་སྡུག་གི་བཀྲག་མདངས་ཤིག་མིག་གི་རྒྱལ་མོའི་དགའ་སྟོན་དུ་བཤམས་ཡོང་།
ཁྲ་ཚོམ་མེ་ཏོག་གིས་ཁུལ་སྟོན་བསུ།
གྲལ་དག་པའི་གཞུང་ལམ།
འབྲེལ་ཡོད་འོས་སྦྱོར།