logo

མཚོ་ལྷོ་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-08-02 ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།
 
       ཟླ8པའི་ཚེས1ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཁུལ་མི་རིགས་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཚོགས་ཆེན་སྟེང་ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་མགོ་ཁྲིད་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོའམ་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་མི་ཚོགས་པའི་མགོ་ཁྲིད་གཞོན་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་མི་ཚོགས་པའི་མགོ་ཁྲིད་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པན་ཁོ། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་དབྱང་ཧྥུང་ཁྲུན། དེ་མིན་ཅང་སུའུ་ཞིང་ཆེན་འཐུས་མི་ཚོགས་པ་དང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་འཐུས་མི་ཚོགས་པ་རྣམས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཕེབས་ཡོད།
       ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་གནང་།
       ཚོགས་ཆེན་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་དག་གིས་ཡུལ་མཚོ་ལྷོའི་མི་དམངས་ལ་སེམས་འདུན་དྲོན་མོས་འཚམ་འདྲི་ཞུས་ཤིང་ལོ70ཡི་ཆུ་རྒྱུན་རིང་མོ་དང་ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། མཚོ་ལྷོ་ཁུལ་གྱིས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་བླངས་པའི་མཚར་སྡུག་གི་གྲུབ་འབྲས་ལ་ཚད་མཐོན་པོའི་སྒོ་ནས་གདེང་འཇོག་གནང་།
ཁུལ་ཨུའི་ཧྲུའ་ཅི་ལིས་ཀང་གིས་གསུང་བཤད་གནང་པ་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་གནང་།
       སྔ་དྲོའི་དུས་ཚོད9དང་སྐར་མ30སྟེང་། སྙན་པའི་རོལ་དབྱངས་ཀྱི་འགྱུར་ཁུགས་དང་མཉམ་དུ། “བགྲང་བྱ་བདུན་ཅུར་བསྟོད་གླུ་ལེན། རྒྱང་བསྐྱོད་ལམ་གསར་འབད་པས་བཏོད”ཞེས་པའི་མཚོ་ལྷོ་ཁུལ་གྱི་ལོ་ངོ་བདུན་ཅུའི་མཚར་སྡུག་གི་གྲུབ་འབྲས་དང་མདུན་བསྐྱོད་ཀྱི་སྙིང་སྟོབས་མཚོན་པར་བྱེད་པའི་རིག་རྩལ་འཁྲབ་སྟོན་དངོས་སུ་མགོ་བརྩམས།
འབྲེལ་ཡོད་རུ་ཁག་དག་ཚོགས་རར་བསྐྱོད་བཞིན་པ།
འབྲེལ་ཡོད་རུ་ཁག་དག་ཚོགས་རར་བསྐྱོད་བཞིན་པ།
འབྲེལ་ཡོད་རུ་ཁག་དག་ཚོགས་རར་བསྐྱོད་བཞིན་པ།
རིག་རྩལ་འཁྲབ་སྟོན་བྱེད་པ།
རིག་རྩལ་འཁྲབ་སྟོན་བྱེད་པ།
ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ།
འབྲེལ་ཡོད་འོས་སྦྱོར།