logo

«སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-31 ཀློག་གྲངས།:
       ང་ཚོས་རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་གསོ་དྲང་སྙོམས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་སློབ་གསོ་སྲིད་ཇུས་བྱེད་དགོས་པ་དང་། སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་དང་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་ཚེ་གང་པོ་དང་འགྲོགས་པའི་སློབ་གསོ་གང་མགྱོགས་སུ་བསྐྲུན་ནས་སློབ་སྦྱོང་བྱ་རྒྱུ་དེ་མི་ཚང་མའི་འཚོ་བའི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ཤིག་ཆགས་པ་དང་། མི་ཚང་མས་སློབ་སྦྱོང་བྱེད་པ་དང་། གང་སར་སློབ་སྦྱོང་བྱེད་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་ཐུབ་པ་བཅས་ཡོང་བ་བྱེད་དགོས། མི་ཚང་མ་འདྲ་མཉམ་དུ་འཛིན་པའི་སློབ་གསོ་གང་མགྱོགས་སུ་འཛུགས་སྐྲུན་བྱས་ཏེ། ཕོ་མོ་དང་། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། དབུལ་ཕྱུག མི་རིགས་བཅས་ཀྱི་དབྱེ་བ་མེད་པར་ཚང་མར་སློབ་གསོ་བཟང་པོ་ཐོབ་གང་ཐུབ་བྱེད་དགོས། མི་རེ་རེར་འཚམ་པའི་སློབ་གསོ་གང་མགྱོགས་སུ་འཛུགས་སྐྲུན་བྱས་ཏེ། གཤིས་རྒྱུད་དང་བསྐོས་ཐང་དང་། དགའ་ཕྱོགས་དང་ཁྱད་ནུས། བྱང་ཚད་དང་བག་ཉལ་སྟོབས་ཤུགས་བཅས་མི་འདྲ་བའི་སློབ་མ་ཚང་མར་རང་ཉིད་འཚར་ལོངས་འབྱུང་བའི་དགོས་མཁོ་དང་འཚམ་པའི་སློབ་གསོ་ཐོབ་གང་ཐུབ་བྱེད་དགོས། སྔར་བས་སྒོ་འབྱེད་བབ་བསྟུན་གྱི་སློབ་གསོ་གང་མགྱོགས་སུ་འཛུགས་སྐྲུན་བྱས་ནས་སློབ་གསོའི་གདམ་ག་དེ་བས་མང་བ་དང་། འཚར་ལོངས་ཀྱི་འགྲོ་ལམ་དེ་བས་ཡངས་པོ་ཡོང་རྒྱུར་འབད་བརྩོན་བྱས་ཏེ། སྦྱངས་འབྲས་མཐོར་འདེགས་ཀྱི་རྒྱུག་ལམ་དང་། ལས་གནས་རིམ་འཕར་གྱི་རྒྱུག་ལམ། སྤྱི་ཚོགས་རིམ་འཕར་གྱི་རྒྱུག་ལམ་བཅས་སྔར་བས་ཤར་རྒྱུག་ཐུབ་པ་བྱེད་དགོས།
—«སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་དགོས།» (༢༠༡༨ལོའི་ཟླ༩ཚེས༡༠ཉིན།) «ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།»པོད་གསུམ་པ། ཕྱི་ཡིག་དཔེ་སྐྲུན་ཁང་གི༢༠༢༠ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༤༨པ།
  我们要坚持我国教育现代化的社会主义方向,坚持教育公益性原则,把教育公平作为国家基本教育政策,大力推进教育体制改革创新。要加快建成伴随每个人一生的教育,让学习成为每个人的生活习惯和生活方式,实现人人皆学、处处能学、时时可学。要加快建成平等面向每个人的教育,努力使每个人不分性别、不分城乡、不分地域、不分贫富、不分民族都能接受良好教育。要加快建成适合每个人的教育,努力使不同性格禀赋、不同兴趣特长、不同素质潜力的学生都能接受符合自己成长需要的教育。要加快建成更加开放灵活的教育,努力使教育选择更多样、成长道路更宽广,使学业提升通道、职业晋升通道、社会上升通道更加畅通。
—《坚决破除制约教育事业发展的体制机制障碍》(2018年9月10日),《习近平谈治国理政》第三卷,外文出版社 2020年版,第348页
འབྲེལ་ཡོད་འོས་སྦྱོར།