«བསམ་བློ་ཆབ་སྲིད་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-01
ཀློག་གྲངས།:
དུས་རབས་གསར་པར་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པའི་ཚེ། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་བར་ཞབས་འདེགས་ཞུ་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་བར་ཞབས་འདེགས་ཞུ་རྒྱུ། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་བཅས་རྒྱུན་འཁྱོངས། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་ནས་སློབ་གསོ་གཉེར་བ། ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་དངོས་དང་ཟུང་འབྲེལ། སློབ་གསོ་དེང་རབས་ཅན་དུ་འགྱུར་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོར་གཉེར་བ་བཅས་ལ་སྐུལ་འདེད་མགྱོགས་པོ་བཅས་བྱས་ནས། ཧུར་བརྩོན་གྱི་སྒོ་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་དུ་ལེན་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་དགོས་པ་དང་། ཀུན་སྤྱོད་དང་། ཤེས་རིག། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།
—«བསམ་བློ་ཆབ་སྲིད་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་ཞིག་ཡིན།» (༢༠༡༩ལོའི་ཟླ༣ཚེས༡༨ཉིན།) ཞི་ཅིན་ཕིང་གི«ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༨༦པ།
新时代贯彻党的教育方针,要坚持马克思主义指导地位,贯彻新时代中国特色社会主义思想,坚持社会主义办学方向,落实立德树人的根本任务,坚持教育为人民服务、为中国共产党治国理政服务、为巩固和发展中国特色社会主义制度服务、为改革开放和社会主义现代化建设服务,扎根中国大地办教育,同生产劳动和社会实践相结合,加快推进教育现代化、建设教育强国、办好人民满意的教育,努力培养担当民族复兴大任的时代新人,培养德智体美劳全面发展的社会主义建设者和接班人。
—《思政课是落实立德树人根本任务的关键课程》(2019年3月18日),习近平《论党的青年工作》,中央文献出版社2022年版,第186页
འབྲེལ་ཡོད་འོས་སྦྱོར།