logo

«རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-08-05 ཀློག་གྲངས།:
       ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་དགོས། ད་ལྟ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བདེ་བླག་མིན་པའི་གནད་དོན་འབུར་ཐོན་ཡིན་པའི་གནད་འགག་གལ་ཆེན་ཞིག་ནི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བཀག་སྡོམ་དང་རང་ངོས་ནས་རེས་འཁོར་བྱེད་ཚུལ་ཅུང་ཚབས་ཆེན་ཡིན་པས། ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ་དང་། ཐོན་ལས་མུ་ཕྲེང་ལ་དམིགས་ནས་གསར་གཏོད་མུ་ཕྲེང་བཀོད་སྒྲིག་བྱས་ཏེ་ཚན་རྩལ་གསར་གཏོད་ཁྲོད་ཀྱི"ཁེར་ཆགས་གླིང་ཕྲན་གྱི་སྣང་ཚུལ"མེད་པ་བཟོ་དགོས། ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་དམ་ཚགས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བར་དོ་སྣང་བྱས་ཏེ། གསར་གཏོད་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འབུར་ཐོན་ཡོང་བ་དང་། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་འབུར་ཐོན་ཡོང་བར་བྱེད་དགོས་ཤིང་། མི་རྒྱུ་དངོས་གསུམ་གྱི་གསར་གཏོད་བདག་རྐྱེན་སྣ་ཚོགས་ཁེ་ལས་ཕྱོགས་སུ་བསྡུ་རུབ་བྱེད་པར་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་སུ་གང་མགྱོགས་སྒྱུར་དགོས།
—«རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད།» (༢༠༡༥ལོའི་ཟླ༣ཚེས༥ཉིན།)
  推进科技创新,必须破除体制机制障碍。现在,科技成果转化不顺不畅问题突出,一个重要症结是科研成果封闭自我循环比较严重,必须面向经济社会发展主战场,围绕产业链部署创新链,消除科技创新中的"孤岛现象"。要注重突破制约产学研用有机结合的体制机制障碍,突出市场在创新资源配置中的决定性作用,突出企业创新主体地位,推动人财物各种创新要素向企业集聚,使创新成果更快转化为现实生产力。
—《在参加十二届全国人大三次会议上海代表团审议时的讲话》(2015年3月5日)
འབྲེལ་ཡོད་འོས་སྦྱོར།