logo

«ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་འཛིན་གྲྭར་གནང་བའི་གཏམ་བཤད།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-10 ཀློག་གྲངས།:
       ལེ་དབར་བརྒྱ་ལ་ལུགས་མི་འདྲ། །ལེ་དབར་སྟོང་ལ་སྲོལ་མི་འདྲ། །རྒྱལ་ཁབ་ཅིག་གིས་བཅོས་སྐྱོང་མ་ལག་གང་འདྲ་ཞིག་གདམ་གསེས་བྱ་རྒྱུ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་སྲོལ་རྒྱུན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆུ་ཚད་བཅས་ཀྱིས་ཐག་གཅོད་ཀྱི་ཡོད་པ་དང་། རྒྱལ་ཁབ་རང་རྒྱལ་གྱི་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་སྲོལ་རྒྱུན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་བཅས་ཀྱི་རྨང་གཞིའི་ཐོག་དུས་ཡུན་རིང་པོར་གོང་འཕེལ་བྱུང་བ་དང་། རིམ་པར་ལེགས་སྒྱུར་བྱས་པ། ནང་སྐྱེས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ཀྱི་འབྲས་བུ་ཡིན། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད་མོད། འོན་ཀྱང་ཇི་ལྟར་ལེགས་སྒྱུར་དང་ཇི་ལྟར་འཐུས་ཚང་གཏོང་རྒྱུའི་ཐད་ལ་ང་ཚོར་འདོད་བཞེད་ཡོད་དགོས་པ་དང་ངེས་ཤུགས་ཡོད་དགོས། གལ་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་མ་བལྟས་པར་གཞན་གྱི་ལམ་ལུགས་མ་དཔེ་འདྲ་སྤོ་འདྲ་བཤུ་བྱས་ན། སྟག་གི་རི་མོ་མ་འཁྱོངས་པར་ཁྱི་རྒན་རྒྱ་བོའི་གཟུགས་བརྙན་ལ་འགྱུར་སྲིད་པས། དོན་དངོས་ཀྱི་གནད་དོན་གང་ཡང་ཐག་གཅོད་མི་ཐུབ་པར་མ་ཟད། ས་ཆུ་མི་འཕྲོད་པའི་རྐྱེན་གྱིས་ངན་འབྲས་ཚབས་ཆེན་བཟོ་སྲིད།
—«ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་གནང་བའི་གཏམ་བཤད།» (༢༠༡༤ལོའི་ཟླ༢ཚེས༡༧ཉིན།)
  百里不同风,千里不同俗。一个国家选择什么样的治理体系,是由这个国家的历史传承、文化传统、经济社会发展水平决定的,是由这个国家的人民决定的。我国今天的国家治理体系,是在我国历史传承、文化传统、经济社会发展的基础上长期发展、渐进改进、内生性演化的结果。我国国家治理体系需要改进和完善,但怎么改、怎么完善,我们要有主张、有定力。如果不顾国情照抄照搬别人的制度模式,就会画虎不成反类犬,不仅不能解决任何实际问题,而且还会因水土不服造成严重后果。
《在省部级主要领导干部学习贯彻十八届三中全会精神全面深化改革专题研讨班上的讲话》(2014年2月17日)
འབྲེལ་ཡོད་འོས་སྦྱོར།