logo

«ཕུའུ་ཏུང་སྔར་ལས་ཆུ་ཚད་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་འབྱེད་གདོང་ལེན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-19 ཀློག་གྲངས།:
       ཆུ་ཚད་མཐོ་བའི་ལམ་ལུགས་ཀྱི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཡིན་པས། དུས་ནམ་ཡིན་ཡང་གཡོ་འགུལ་གཏོང་མི་རུང་། ད་ལྟའི་དུས་རབས་འདིར་སྟངས་སྒོ་བརྒྱབ་ནས་འཛུགས་སྐྲུན་བྱེད་པའི་བསམ་ཚུལ་དང་། གཞན་དག་རྩ་བ་ནས་དང་དུ་མི་ལེན་པའི་བྱེད་སྟངས། ང་ཆེ་ང་བཙན་དང་རྒྱལ་ཁ་ཐོབ་མཁན་གྱིས་ཚང་མ་ཟ་བའི་རེ་ངན་འཆང་བ་བཅས་གང་ཡིན་རུང་ཚང་མ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལས་ལྡོག་པའི་སྤྱོད་པ་འབའ་ཞིག་རེད། མིག་སྔར་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཐད་ལ་བསྐྱར་ལོག་གི་བྱེད་སྟངས་ཁ་ཤས་འཕྲད་ཡོད་མོད། འོན་ཀྱང་འཛམ་གླིང་ནི་ཕན་ཚུན་བཀག་སྡོམ་དང་ཕན་ཚུན་ཁ་ཕྲལ་གྱི་རྣམ་པར་ཕྱིར་ལོག་གཏན་ནས་བྱེད་མི་སྲིད་དེ། སྒོ་འབྱེད་མཉམ་ལས་ནི་སྔར་བཞིན་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་དང་། གཉིས་ཕན་མཉམ་རྒྱལ་ནི་སྔར་བཞིན་མི་སེམས་གཏད་ཕྱོགས་ཤིག་ཡིན། རྒྱལ་སྒོ་ཕྱེ་ནས་རྒྱལ་ཁབ་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་དགོས། ང་ཚོ་དང་མཉམ་ལས་བྱེད་འདོད་ཡོད་པའི་རྒྱལ་ཁབ་དང་། ས་ཁུལ། ཁེ་ལས་བཅས་ཚང་མར་ང་ཚོས་མཉམ་ལས་ཧུར་ཐག་བྱེད་དགོས།
—«ཕུའུ་ཏུང་སྔར་ལས་ཆུ་ཚད་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་འབྱེད་གདོང་ལེན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།» (༢༠༢༠ལོའི་ཟླ༡༡ཚེས༡༢ཉིན།) «ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་བཅས་ཀྱི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༡ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༥༣༤པ་ནས༤༣༦པའི་བར།
  深入推进高水平制度型开放,增创国际合作和竞争新优势。对外开放是我国的基本国策,任何时候都不能动摇。当今时代,任何关起门来搞建设的想法,任何拒人于千里之外的做法,任何搞唯我独尊、赢者通吃的企图,都是逆历史潮流而动的!当前,经济全球化遇到一些回头浪,但世界决不会退回到相互封闭、彼此分割的状态,开放合作仍然是历史潮流,互利共赢依然是人心所向。要敞开大门欢迎各国分享中国发展机遇,积极参与全球经济治理。凡是愿意同我们合作的国家、地区和企业,我们都要积极开展合作。
—《浦东要努力成为更高水平改革开放的开路先锋》(2020年11月12日),习近平《论把握新发展阶段、贯彻新发展理念、构建新发展格局》,中央文献出版社2021年版,第435-436页
འབྲེལ་ཡོད་འོས་སྦྱོར།