logo

«ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་གནད་དོན་ཆེན་པོ་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-10-08 ཀློག་གྲངས།:
       བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་ཐག་གཅོད་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱེད་པའི་རྩ་བའི་བླང་བྱ་ཡིན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་གཏོད་དགོས་ན། ངེས་པར་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་ཐོག་ནས་གནད་དོན་དེ་དག་ཐག་གཅོད་བྱེད་པར་ལམ་ལུགས་ཅན་གྱི་ཇུས་གཞི་འདོན་སྤྲོད་བྱེད་དགོས།
—«ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་གནད་དོན་ཆེན་པོ་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་སྐོར་གྱི་གསལ་བཤད།» (༢༠༡༤ལོའི་ཟླ༡༠ཚེས༢༠ཉིན།) ཞི་ཅིན་ཕིང་གི«ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༠ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༨༥པ།
  法律是治国之重器,法治是国家治理体系和治理能力的重要依托。全面推进依法治国,是解决党和国家事业发展面临的一系列重大问题,解放和增强社会活力、促进社会公平正义、维护社会和谐稳定、确保党和国家长治久安的根本要求。要推动我国经济社会持续健康发展,不断开拓中国特色社会主义事业更加广阔的发展前景,就必须全面推进社会主义法治国家建设,从法治上为解决这些问题提供制度化方案。
—《关于〈中共中央关于全面推进依法治国若干重大问题的决定〉的说明》(2014年10月20日),习近平《论坚持全面依法治国》,中央文献出版社2020年版,第85页
འབྲེལ་ཡོད་འོས་སྦྱོར།