
«ཀྲུང་དབྱང་དམག་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-01-02
ཀློག་གྲངས།:
དེང་རབས་ཀྱི་དམག་དོན་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་དགོས། དམག་དོན་སྲིད་ཇུས་ལམ་ལུགས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་ནུས་པ་འདོན་གྱི་ཡོད། དམག་གྲབས་དམག་རྒྱག་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་དང་ལམ་ལུགས་ལ་རྩ་ལག་ཚང་བའི་སྒོ་ནས་ཇུས་གཤོམ་དང་། སྔོན་ཚོད་ལྡན་པའི་སྒོ་ནས་ཇུས་འགོད། སྤྱི་ཡོངས་ཀྱི་སྒོ་ནས་བསྐྱར་སྐྲུན་བཅས་བྱེད་དགོས། དམག་དོན་སྲིད་ཇུས་དང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ངེས་པར་དུ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པར་ཞབས་འདེགས་ཞུ་དགོས། བཀོད་འདོམས་དང་། འཛུགས་སྐྲུན། དོ་དམ། ལྟ་སྐུལ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྲིད་ཇུས་དང་ལམ་ལུགས་ཚང་མ་དམག་རྒྱག་པའི་བླང་བྱ་དང་མཐུན་པར་བྱས་ཏེ། འཐབ་འཛིང་བྱེད་ནུས་ཀྱི་ཚད་གཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་མཚོན་པར་བྱེད་དགོས།
—«ཀྲུང་དབྱང་དམག་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)» (༢༠༡༧ལོའི་ཟླ༡༢ཚེས༢༢ཉིན།)

构建现代军事政策制度体系。军事政策制度对国防和军队现代化建设具有根本性、全局性、基础性作用。要坚持备战打仗导向,对政策制度进行系统谋划、前瞻设计、整体重塑。军事政策制度建设必须为能打仗、打胜仗服务。要使指挥、建设、管理、监督等各方面政策制度都符合打仗要求,贯彻和体现战斗力标准。
—《在中央军委扩大会议上的讲话(节选)》(2017年12月22日)
འབྲེལ་ཡོད་འོས་སྦྱོར།