logo

«མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-02-17 ཀློག་གྲངས།:
       འདུ་ཤེས་ཀྱིས་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་པ་དང་། ཁ་ཕྱོགས་ཀྱིས་འགྲོ་ལམ་ཐག་གཅོད་བྱེད། ཉེ་རབས་ཚུན་གྱི་ལོ་རྒྱས་ལ་ཕྱིར་མིག་བལྟས་ཚེ། དྲང་སྙོམས་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུ་ནི་མིའི་རིགས་ཀྱིས་བརྩོན་པས་དོན་གཉེར་བྱེད་པའི་དམིགས་འབེན་ཡིན། ལོ་ངོ༣༦༠ལྷག་སྔོན་གྱི་ཝེ་སི་ཐེ་ཧྥ་ལི་ཡ་ཞི་ཆིངས་ནང་གཏན་ལ་ཕབ་པའི་འདྲ་མཉམ་དང་བདག་དབང་གི་རྩ་དོན་ནས། ལོ་ངོ༡༥༠ལྷག་སྔོན་དུ་ཇེ་ནེ་ཧའི་སྤྱི་ཆིངས་ནང་གཏན་ལ་ཕབ་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་བར་དང་། ཡང་ལོ་ངོ༧༠ལྷག་སྔོན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གསལ་པོར་བཀོད་པའི་དགོངས་དོན་བཞི་དང་རྩ་དོན་བདུན་ནས། ལོ་ངོ༦༠ལྷག་སྔོན་གྱི་ཝན་ལུང་གྲོས་ཚོགས་ནས་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་བར་དུ། རྒྱལ་སྤྱིའི་འབྲེལ་བའི་འཕོ་འགྱུར་ཐད་ལ་ཀུན་གྱིས་ཁས་ལེན་པའི་རྩ་དོན་རབ་དང་རིམ་པ་ཞིག་གསོག་འཇོག་བྱས་ཡོད། རྩ་དོན་འདི་དག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གཞི་རྩའི་བསྲུང་བྱར་ཆགས་འོས་པ་རེད།
—«མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས།» (༢༠༡༧ལོའི་ཟླ༡ཚེས༡༨ཉིན།«ཞི་ཅིན་ཕིང་གི་ཕྱི་འབྲེལ་གཏམ་བཤད་གཅེས་བསྒྲིགས།»པོད་གཉིས་པ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༧པ།
  理念引领行动,方向决定出路。纵观近代以来的历史,建立公正合理的国际秩序是人类孜孜以求的目标。从三百六十多年前《威斯特伐利亚和约》确立的平等和主权原则,到一百五十多年前日内瓦公约确立的国际人道主义精神;从七十多年前联合国宪章明确的四大宗旨和七项原则,到六十多年前万隆会议倡导的和平共处五项原则,国际关系演变积累了一系列公认的原则。这些原则应该成为构建人类命运共同体的基本遵循。
—《共同构建人类命运共同体》(2017年1月18日),《习近平外交演讲集》第二卷,中央文献出版社2022年版,第17页
འབྲེལ་ཡོད་འོས་སྦྱོར།