«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-28
ཀློག་གྲངས།:
ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ནན་བཤད་བྱས་དོན། “ང་ཚོའི་ཏང་ནི་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་། མི་རིགས་ཀྱི་གདུང་འདེགས་ཀ་བ་ལྟ་བུ་ཆགས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆགས་དགོས་ན། རང་ཉིད་ཐོག་མཐའ་བར་གསུམ་དུ་བཀན་མོ་ཡིན་དགོས་པ་རེད།” ཇི་ལྟར་བྱས་ན་ད་གཟོད་བཀན་མོར་བརྩི་བ་ཡིན་ཞེ་ན། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་། གྲི་ཁ་ནང་ལ་གཏོད་ཕོད་པ། རུས་འབྲད་དུག་སེལ་བྱེད་ཕོད་པ། དཔའ་བོས་དཔུང་པ་དུག་ཅན་གཅོད་ཕོད་པ་བཅས་བྱས་ཏེ་རྐྱེན་ངན་ནང་ནས་མི་ཡོང་བར་བྱེད་དགོས། འདི་ནི་ང་ཚོའི་ཏང་གིས་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་དགོས་པའི་རྩ་བའི་དོན་སྙིང་ཡིན།
གནད་དོན་འདི་ཐག་གཅོད་བྱེད་ཆེད་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་སྐབས་སུ། ང་ཚོའི་ཏང་གིས་མགོ་ཁྲིད་ལས་བྱེད་པར་བླང་བྱ་གསུམ་བཏོན་པ་སྟེ། གཅིག་ནི་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་དང་ཁ་འབྲལ་མི་རུང་བར། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། གཉིས་ནི་དུས་ནམ་ཡང་ང་རྒྱལ་ཁེངས་དྲེགས་སྐྱེས་མི་རུང་བར། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས། གསུམ་ནི་དུས་དང་རྣམ་པ་ཀུན་ཏུ་མངར་ཆས་བཏུམས་པའི་མདེའུ་འགོག་ཟོན་བྱས་ཏེ། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་འཛིན་དགོས། ང་ཚོའི་ཏང་ད་ལྟའི་དུས་སུ་སླེབས་ཐུབ་པའི་རྒྱུ་མཚན་ནི་བླང་བྱ་འདི་གསུམ་དང་འབྲལ་ཐབས་མེད། ང་ཚོའི་ཏང་གིས་མུ་མཐུད་ཡུན་རིང་སྲིད་དབང་སྐྱོང་དགོས་ན་བླང་བྱ་འདི་གསུམ་དང་ཁ་འབྲལ་ཐབས་མེད།

—«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»(༢༠༡༨ལོའི་ཟླ༡ཚེས༥ཉིན།) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༠༤བར།

我在党的十九大报告中强调:“我们党要始终成为时代先锋、民族脊梁,始终成为马克思主义执政党,自身必须始终过硬。”怎样才算过硬,就是要敢于进行自我革命,敢于刀刃向内,敢于刮骨疗伤,敢于壮士断腕,防止祸起萧墙。这就是为什么我们党要不断进行自我革命的根本意义所在。
为了解决这个问题,中国革命胜利时,我们党向领导干部提出三点要求,一是时刻不能脱离人民群众、自觉接受人民监督,二是永远不能骄傲自满、始终艰苦奋斗,三是时刻防范糖衣炮弹、永葆政治本色。我们党之所以能够走到今天离不开这三点,我们党要继续长期执政,也离不开这三点。
为了解决这个问题,中国革命胜利时,我们党向领导干部提出三点要求,一是时刻不能脱离人民群众、自觉接受人民监督,二是永远不能骄傲自满、始终艰苦奋斗,三是时刻防范糖衣炮弹、永葆政治本色。我们党之所以能够走到今天离不开这三点,我们党要继续长期执政,也离不开这三点。
—《推进党的建设新的伟大工程要一以贯之》(2018年1月5日)《习近平著作选读》第二卷,人民出版社2023年版,第104页
འབྲེལ་ཡོད་འོས་སྦྱོར།