logo

«ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-16 ཀློག་གྲངས།:
       ངས་རྟག་པར་ཏང་ཡོན་དང་ལས་བྱེད་པས་རྒྱན་དུ་ཏང་གི་སྒྲིག་ཡིག་དང་རང་ཉིད་ཀྱི་ཏང་ཞུགས་དམ་བཅའ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིར་བསྐུར་པའི་འཕྲིན་ཡིག་སོགས་བསྐྱར་སྦྱོང་བྱེད་དགོས་ཞེས་ཤོད་ཀྱིན་ཡོད། ཏང་གི་སྒྲིག་ཡིག་དེ་སྔས་འགྲམ་དུ་བཞག་སྟེ་རྒྱུན་དུ་ཚད་སྡུར་དང་ཞིབ་བཤེར་བྱས་ནས་རང་ཉིད་ཀྱིས་སྒྲིག་ཡིག་གི་ནང་དོན་དོན་འཁྱོལ་ཐུབ་ཡོད་མེད་དང་། རང་ཉིད་ལ་ཐོག་མའི་བསམ་འདུན་དང་འགལ་བའི་བྱ་སྤྱོད་ཡོད་མེད་བརྟག་དགོས། ནང་སེམས་ལ་རྒྱུན་དུ་གཙང་སྦྲ་བྱེད་པ་དང་རང་ཉིད་ལ་ལྟ་བྱེད་ཀྱི་མེ་ལོང་རྒྱུན་དུ་གཙང་མར་ཕྱིས་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ནམ་རྒྱུན་རང་ཉིད་ཀྱི་བསམ་བློ་ཆབ་སྲིད་ལ་བརྟག་དཔྱད་བྱེད་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་མིན་བསྡུར་བ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་བརྩིས་ཡོད་མེད་བརྟག་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་ཐུབ་ཡོད་མེད་ལྟ་བ། སྔོན་གཤེགས་དཔའ་བོ་དང་སྔོན་ཐོན་དཔེ་བཟང་རྣམས་ལ་མིག་ལྟོས་བྱེད་པ་བཅས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ཡིད་ལ་ངེས་ཤིང་བརྟན་པོར་སྲུང་བ་དང་། འགན་འཁྲི་བརྟན་སྲུང་དང་འགན་འཁྲི་འཁུར་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བྲག་བཞིན་བརྟན་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཐུབ་དགོས། ཏང་གི་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་ཀྱིས་ཐོག་མའི་བསམ་འདུན་གསོ་སྐྱོང་དང་འགན་འཁྲིར་སྣེ་ཁྲིད་བྱེད་པ་དང་། ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལས་ཐོག་མའི་བསམ་འདུན་འཚོལ་བ་དང་ལས་འགན་ལ་སྐུལ་ལྕག་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པའི་ཁྲོད་ཐོག་མའི་བསམ་འདུན་ཞུན་བརྡར་དང་འགན་འཁྲི་རྟོགས་པར་བྱེད་པ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་སྲོལ་འབྱེད་བྱེད་པའི་སྙིང་སྟོབས་དང་། དཀའ་སྤྱད་འབད་བརྩོན་དང་དོན་དམ་སྒྲུབ་པའི་རྩ་བའི་སྒུལ་ཤུགས་སུ་སྒྱུར་དགོས།
—«ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ།» (༢༠༢༠ལོའི་ཟླ༡པོའི་ཚེས༨ཉིན«ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༢༩༩བར།
  我经常讲,党员、干部要经常重温党章,重温自己的入党誓言,重温革命烈士的家书。党章要放在床头,经常对照检查,看看自己做到了没有?看看自己有没有违背初心的行为?房间要经常打扫,镜子要经常擦拭。要教育引导各级党组织和广大党员、干部经常进行思想政治体检,同党中央要求“对标”,拿党章党规“扫描”,用人民群众新期待“透视”,同先辈先烈、先进典型“对照”,不断叩问初心、守护初心,不断坚守使命、担当使命,始终做到初心如磐、使命在肩。要以党的创新理论滋养初心、引领使命,从党的非凡历史中找寻初心、激励使命,在严肃党内政治生活中锤炼初心、体悟使命,把初心和使命变成锐意进取、开拓创新的精气神和埋头苦干、真抓实干的原动力。
—《不忘初心,牢记使命》(2020年1月8日),《习近平著作选读》第二卷,人民出版社2023年版,第299页
འབྲེལ་ཡོད་འོས་སྦྱོར།