logo

«ལམ་ཆས་བསྒྲིལ་ནས་ཡང་བསྐྱར་རྡོག་ཐོན་བྱེད་ལ་ནམ་ཡང་ལམ་ན་ཡོད་པའི་སྙིང་རུས་བསྐྱེད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་སར་སྤེལ་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-25 ཀློག་གྲངས།:
       སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་རྒྱག་ན་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུའི་གནད་འགག་འདི་དང་ཟུང་འབྲེལ་དམ་པོ་བྱེད་དགོས། “སྤྱོད་ཚུལ་བཞིའི”གནད་དོན་དེ་ཕྱི་ཚུལ་ཙམ་ཡིན་ཞིང་། རྩ་བ་ནི་ཏང་གཤིས་ལས་འགལ་བ་དང་དམིགས་ཡུལ་ཤོར་སོང་བ་དེ་རེད། ད་ལྟ་གཞི་རིམ་ལ་ཐོན་པའི་གནད་དོན་སྣ་ཚོགས་ལས་མང་ཆེ་ཤས་ནི་ཏང་ཡོན་དང་ལས་བྱེད་པའི་སེམས་ལ་མང་ཚོགས་བཞག་མེད་པར་མང་ཚོགས་ཀྱི་བྱ་བ་མི་སྒྲུབ་པ་དང་། སྒྲུབ་འདོད་མེད་པ། སྒྲུབ་མི་ཤེས་པ་མ་ཟད། ལས་བྱེད་པ་ཉུང་ཤས་ཀྱིས་མང་ཚོགས་ཀྱི་རེ་སྒུག་སྣང་མེད་དུ་སྐྱུར་པའམ་རེ་འབོད་ལ་གདོང་གཏོད་མི་ཕོད་པས་མང་ཚོགས་ཀྱི་མདུན་དུ་ངག་ལྐུགས་ནས་བསྡད་ཡོད་པ་རེད། མགོ་ཁྲིད་ལས་བྱེད་པས“དཔོན་གནས་གཞི་རྩར་འཛིན་པའི”བསམ་བློ་འདོར་དགོས་པ་དང་། ཁྱད་དབང་བསམ་བློ་དང་ཁྱད་དབང་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། བློ་མཐུན་མའོ་ཙེ་ཏུང་གིས་སྔོན་ཆད་གསུངས་པ་བཞིན། “མང་ཚོགས་ཀྱིས་ལག་ལེན་ལ་བརྟེན་ནས་ཁོང་ཚོའི་མགོ་ཁྲིད་ཡོ་བྱད་དང་ཁོང་ཚོའི་མགོ་ཁྲིད་གདམ་གསེས་བྱེད་པ་རེད། བདམས་ཐོན་བྱུང་བའི་མིས་རང་ཉིད་གཞན་དང་མི་འདྲ་བ་ཞིག་ཏུ་བརློམ་ནས་རང་རྟོགས་ངང་ཡོ་བྱད་མི་བྱེད་པར་སེམས་ལ‘ང་ནི་དཔེ་མི་སྲིད་པའི་མི་ཆེན་པོ་ཞིག་ཡིན’བསམས་ན་དངོས་གནས་ནོར་བ་རེད།” དོན་སྙིང་ལྡན་པའི་གསུང་ཚིག་འདིར་ད་ལྟའི་དུས་སུའང་གསལ་འདེབས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད།
—«ལམ་ཆས་བསྒྲིལ་ནས་ཡང་བསྐྱར་རྡོག་ཐོན་བྱེད་ལ་ནམ་ཡང་ལམ་ན་ཡོད་པའི་སྙིང་རུས་བསྐྱེད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་སར་སྤེལ་དགོས།» (༢༠༡༨ལོའི་ཟླ༡ཚེས༡༡ཉིན།) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༢༢པ།
  加强作风建设必须紧扣保持党同人民群众血肉联系这个关键。“四风”问题只是表象,根上是背离了党性,丢掉了宗旨。现在基层的种种问题,很多是因为党员、干部心里没有群众,不去做、不想做、不会做群众工作,少数干部或无视群众期盼、或不敢应对诉求,在群众面前处于失语状态。领导干部要破除“官本位”思想,坚决反对特权思想、特权现象。就像毛泽东同志当年说的:“群众是从实践中来选择他们的领导工具、他们的领导者。被选的人,如果自以为了不得,不是自觉地作工具,而以为‘我是何等人物’!那就错了。”这句掷地有声的话,今日听来依然振聋发聩。
—《重整行装再出发,以永远在路上的执着把全面从严治党引向深入》(2018年1月11日)《习近平著作选读》第二卷,人民出版社2023 年版,第122页
འབྲེལ་ཡོད་འོས་སྦྱོར།