logo

«ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རང་རྟོག་རང་བཞིན་དང་བློ་བརྟན་རང་བཞིན་ཤུགས་ཆེ་རུ་གཏོང་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-26 ཀློག་གྲངས།:
       མི་དམངས་མང་ཚོགས་ཀྱིས་ང་ཚོར་བརྩི་བཀུར་བྱེད་མིན་དང་། རྒྱབ་སྐྱོར་བྱེད་མིན། ང་ཚོ་བློ་ལ་འབབ་མིན་བཅས་ནི་ང་ཚོས་ཁ་ནས་གང་བཤད་ལ་ལྟ་དགོས་པ་མ་ཟད། ང་ཚོས་ལག་གིས་གང་བྱེད་ལ་ནི་དེ་བས་ཀྱང་ལྟ་དགོས་པ་རེད། དངོས་དོན་བསྒྲུབས་ན་ད་གཟོད་རྒྱལ་ཁབ་དར་བ་དང་། དངོས་དོན་བསྒྲུབས་ན་ད་གཟོད་རྒྱལ་སྟོབས་རྒྱས་ལ། དངོས་དོན་བསྒྲུབས་ན་ད་གཟོད་མི་དམངས་ཕྱུག་པོ་ཆགས་ཀྱི་རེད། ཁ་མིག་མར་ལྟ་བྱེད་པ་དང་། སྲིད་དོན་སྒྱིད་ལུག་བྱེད་པ། ཐབས་མཁས་རང་སྲུང་བྱེད་པ། ཉི་མ་འཁྱོལ་ཐབས་བྱེད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཚང་མ་མི་དམངས་མང་ཚོགས་ཀྱི་རེ་ལྟོས་དང་དུས་རབས་གསར་པའི་བླང་བྱ་གསར་པ་དང་མི་མཐུན་པ་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་སྐུལ་མ་བཏང་ནས་བློ་རྩ་བརྟན་པོས་ཁ་མིག་ཡར་ལྟ་དང་ཧུར་བརྩོན་འབད་འབུངས་བྱས་ཏེ། སྟོབས་ཤུགས་དང་སེམས་ཤུགས་ཡོད་རྒུ་འཕར་སྣོན་བརྟན་བརླིང་དང་། སྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་བཀག་འགོག་བཅས་ཀྱི་ཐད་ལ་འདོན་དུ་འཇུག་དགོས་པ་དང་། སྟོབས་ཤུགས་དང་སེམས་ཤུགས་ཡོད་རྒུ་དཀའ་གནད་སེལ་བ་དང་། འགག་གནད་སྒྲོལ་བ། མི་དམངས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཤུགས་བརྒྱབ་ནས་ཐག་གཅོད་བྱེད་པའི་ཐད་ལ་འདོན་དུ་འཇུག་དགོས། བྱ་བ་འཛིན་ཕོད་པ་དང་། བྱ་བ་དངོས་སྒྲུབ་པ། འཁུར་སེམས་ཆེ་བ་བཅས་ཀྱི་ལས་བྱེད་པ་ཡིན་ཕྱིན་རྩ་འཛུགས་ཀྱིས་རྟིང་སྐུལ་དང་རྒྱབ་སྐྱོར་བྱས་ནས་སྤོབས་པ་སྐྱེད་དགོས་པ་དང་། དབང་ཡོད་ཇུས་མེད་དང་། ཁ་བཟང་དོན་སྟོངས། བྱ་བ་ལྷུར་སྒྲུབ་མཁན་ལ་མི་ཁ་གཏོང་བའམ་ཐ་ན་བསྙོན་འཛུགས་དང་མ་ཉེས་ཁག་གཡོགས་བྱེད་མཁན་ཡིན་ཕྱིན་སྐྱོན་བརྗོད་ནན་པོ་དང་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ། ཏང་ཡོངས་སུ་འཁུར་ལེན་དོན་ལྡན་ངོ་སོ་དང་དོན་མེད་སྟོང་ཟབ་ངོ་ཚ་ཡིན་པའི་དར་སྲོལ་ཡག་པོ་ཞིག་ཆགས་པ་བྱེད་དགོས།
—«ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་རང་རྟོག་རང་བཞིན་དང་བློ་བརྟན་རང་བཞིན་ཤུགས་ཆེ་རུ་གཏོང་དགོས།» (༢༠༡༨ལོའི་ཟླ༦ཚེས༢༩ཉིན།) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་གཉིས་པ།) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༨༤པ།
  人民群众对我们拥护不拥护、支持不支持、满意不满意,不仅要看我们是怎么说的,更要看我们是怎么做的。实干方能兴邦、实干方能强国、实干方能富民。一切不思进取、庸政怠政、明哲保身、得过且过的思想和行为都是同人民群众期盼、同新时代新要求格格不入的。要教育和激励广大党员、干部锐意进取、奋发有为,把精力和心思用在稳增长、促改革、调结构、惠民生、防风险上,用在破难题、克难关、着力解决人民群众最关心最直接最现实的利益问题上。对敢抓敢管、真抓实干、勇于担当的干部组织上要为他们加油鼓劲、撑腰壮胆,对尸位素餐、光说不练、热衷于对实干者评头论足甚至诬告陷害的人要严肃批评、严格问责,在全党形成以担当作为为荣、以消极无为为耻的浓厚氛围。
—《增强推进党的政治建设的自觉性和坚定性》(2018年6月29日)《习近平著作选读》第二卷,人民出版社2023年版,第184页
འབྲེལ་ཡོད་འོས་སྦྱོར།