logo

«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-30 ཀློག་གྲངས།:
       མི་རྣམས་གོམས་ལོབས་སུ་གྱུར་བའི་སྤྱོད་ཚུལ་གྱི་གནད་དོན་ཁ་ཤས་ནི་རྒྱུན་པར་ཏང་ལ་སྤྱི་པའི་ཡིད་ཆེས་འཐོབ་ནུས་དང་ཏང་གི་སྣང་བརྙན་ལ་སྲོག་ཉེན་རང་བཞིན་གྱི་གཏོར་བརླག་ཐེབས་པའི་གནད་དོན་དུ་གྱུར་ཡོད། སྤྱོད་ཚུལ་གྱི་གནད་དོན་ནི་དོན་ཆུང་ཞིག་གཏན་ནས་མིན། གལ་ཏེ་སྲོལ་ངན་ཞིག་ཏུ་གྱུར་ན་གནོད་སྐྱོན་ཧ་ཅང་ཆེ། དཔེར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་གི་དུས་སྐབས་ཤིག་གི་ནང་དུ་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་ཁྲོད་དུ་བཟའ་བཏུང་གི་སྲོལ་ངན་ཆགས་ཡོད་པ་དང་། མི་སེར་རྣམས་དེར་བསམ་འཆར་ཧ་ཅང་ཆེན་པོ་ཡོད། གཏན་འབེབས་མི་ཉུང་བ་ཞིག་བཏོན་ནའང་དེས་དོ་དམ་བྱེད་མ་ཐུབ་ལ། དེའི་རྐྱེན་གྱིས་མི་མི་ཉུང་བ་ཞིག་ཡིད་ཆེས་མེད་པར་གྱུར་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ང་ཚོས་སེམས་ཐག་གཙང་བཅད་ཀྱིས་དག་ཐེར་བཅོས་སྐྱོང་བྱས་པས་ད་ལྟ་དོ་དམ་བྱེད་ཐུབ་པ་བྱུང་ལ། མི་དམངས་མང་ཚོགས་ཀྱིས་ཐལ་མོ་བརྡབས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ང་ཚོས་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་ཁ་ལ་བདག་པོ་བརྒྱབ་པས། མི་དམངས་མང་ཚོགས་བགྲང་ལས་འདས་པའི་ཡིད་ཆེས་ཐོབ་པ་རེད། དེ་ནི་འཇུག་སྒོ་ཆུང་ནའང་ཕན་འབྲས་ཆེན་པོ་རེད།
—«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།» (༢༠༡༨ལོའི་ཟླ༡ཚེས༥ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༡༠ནས༡༡༡བར།
  人们认为习以为常的一些作风问题,往往就是对党的公信力、党的形象带来致命破坏的问题。作风问题绝不是小事,一旦成风,危害巨大。比如,党的十八大前的一段时间里一些领导干部中吃喝成风,老百姓意见很大。出了多少规定,也没有管住,不少人因此失去了信心。党的十八大后,我们下决心整治,现在管住了,人民群众拍手叫好。我们管住了一些领导干部的嘴,赢得了无数人民群众的心。这就是小切口、大成效。
—《推进党的建设新的伟大工程要一以贯之》(2018年1月5日)《习近平著作选读》第二卷,人民出版社2023年版,第110-111页
འབྲེལ་ཡོད་འོས་སྦྱོར།