
«གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་འཇུག་སྒོ་དང་སྐུལ་སློང་གི་བཀའ་བརྡ་ཡིན»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-02
ཀློག་གྲངས།:
རྒྱ་ཆེ་བའི་ལས་བྱེད་དང་མང་ཚོགས་ཀྱིས་བཟའ་བཏུང་གི་ཆུད་ཟོས་སོགས་ཆུད་ཟོས་གཏོང་རིགས་སྣ་ཚོགས་དང་། ལྷག་པར་དུ་གཞུང་དངུལ་སྤྱད་དེ་ཆུད་ཟོས་གཏོང་བའི་བྱ་སྤྱོད་ལ་བསམ་འཆར་ཧ་ཅང་ཆེན་པོ་འདོན་གྱི་ཡོད། “བརྩོན་བསྲི་ལྡན་ན་སྤྱོད་པ་འཆུན། རང་འདོམས་ཅན་གྱིས་དོན་ཀུན་འགྲུབ། རྒྱས་སྤྲོས་བྱས་ན་ལང་ཤོར་འགྲོ། ལང་ཤོར་ཅན་ལ་ངན་དགུ་འཁོར།” བརྩོན་བསྲི་བྱེད་པ་ནི་ང་ཚོའི་ཕ་ནོར་ཡིན་པས་ག་དུས་ཡིན་ཡང་འདོར་མི་རུང་། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ལ་དགའ་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་། གྲོན་ཆུང་བྱེད་ན་གཟི་བརྗིད་ཡིན་པ་དང་ཆུད་ཟོས་བྱེད་ན་ངོ་ཚ་ཡིན་པའི་བསམ་བློའི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། གྲོན་ཆུང་ལྷུར་ལེན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པ་དེ་སྤྱི་ཚོགས་ཡོངས་སུ་དར་ཁྱབ་ཧུར་ཐག་གཏོང་དགོས། རིམ་པ་ཁག་གི་ཏང་སྲིད་དམག་གསུམ་ལས་ཁུངས་དང་དོན་ལས་སྡེ་ཚན། མི་དམངས་ཚོགས་པ་ཁག་དང་རྒྱལ་དབང་ཁེ་ལས་ཁག རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་བཅས་ཚང་མས་སྣེ་འདོན་མིག་དཔེ་བྱས་ཏེ། གཞུང་དོན་སྣེ་ལེན་གྱི་ལམ་ལུགས་ལག་བསྟར་ནན་ཏན་དང་། གྲོན་ཆུང་བྱེད་ཐབས་ཁག་ཚང་མ་དོན་འཁྱོལ་ནན་ཏན་བྱས་ཏེ། གཞུང་དངུལ་སྤྱད་དེ་ཆུད་ཟོས་གཏོང་བའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་རྒྱག་པ་དང་། གྲོན་ཆུང་ལ་བསྔགས་སྐུལ། ཆུད་ཟོས་བཅོས་སྐྱོང་བཅས་བྱེད་དགོས།
—«གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་འཇུག་སྒོ་དང་སྐུལ་སློང་གི་བཀའ་བརྡ་ཡིན» (༢༠༡༣ལོའི་ཟླ༡པོའི་ཚེས༢༢ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་དང་པོ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༨༨པ་ནས༨༩པའི་བར།

广大干部群众对餐饮浪费等各种浪费行为特别是公款浪费行为反映强烈。“俭则约,约则百善俱兴;侈则肆,肆则百恶俱纵。”勤俭是我们的传家宝,什么时候都不能丢掉。要大力弘扬中华民族勤俭节约的优秀传统,大力宣传节约光荣、浪费可耻的思想观念,努力使厉行节约、反对浪费在全社会蔚然成风。各级党政军机关、事业单位,各人民团体、国有企业,各级领导干部,都要率先垂范,严格执行公务接待制度,严格落实各项节约措施,坚决杜绝公款浪费现象。要加强监督检查,鼓励节约,整治浪费。
—《八项规定是改进作风的切入口和动员令》(2013年1月22日),《习近平著作选读》第一卷,人民出版社2023年版,第88-89页
འབྲེལ་ཡོད་འོས་སྦྱོར།