
«ལམ་ཆས་བསྒྲིལ་ནས་ཡང་བསྐྱར་རྡོག་ཐོན་བྱེད་ལ་ནམ་ཡང་ལམ་ན་ཡོད་པའི་སྙིང་རུས་བསྐྱེད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་སར་སྤེལ་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-11
ཀློག་གྲངས།:
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ལོ5དང་ལོ10ཙམ་ལས་གོ་མི་ཆོད་པ་ཞིག་མིན་པར་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། སྙིང་རུས་དང་སེམས་ཤུགས་ལ་བརྟེན་ནས་རྟག་བརྟན་དང་རྒྱུན་རིང་། གཟབ་ནན་དང་བདེན་པ་བདེན་ཐུབ། གཏིང་ཟབ་དང་ཞིབ་ཚགས་བཅས་ཀྱི་ཐད་མུ་མཐུད་ནས་ཤུགས་རྒྱག་དགོས་ཤིང་། དོ་དམ་བྱས་ནས་གོམས་གཤིས་སུ་འཇགས་པ་དང་། དམ་འཛིན་བྱས་ནས་ཕན་ནུས་འཐོན་པ། དར་སྲོལ་དང་སྤྱོད་ལམ་ཆགས་པ་བཅས་བྱེད་དགོས། དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དོ་སྣང་བྱས་ཏེ། བསྐྱར་ལོག་འབྱུང་ཉེན་ཆེ་ས་བཙལ་ནས་བསྐྱར་ལོག་ཡོང་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པའི་འགན་འཁུར་པ་དང་པོས་སྤྱི་འགན་འཁུར་དགོས་ཤིང་། ཏང་ཀྲུང་དབྱང་གི་དགོངས་དོན་ལག་ལེན་བྱེད་སྐབས“ཤོད་དུས་གལ་གནད་ཆེ་བ་དང་། འབོད་དུས་སྐད་གསང་མཐོ་བ། སྒྲུབ་དུས་སྟོང་རྒྱུག་བྱེད་པ”བཅས་ཀྱི་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། “སྐས་ཐོག་རྡོག་སྒྲ་གྲགས་ཀྱང་མི་མཐོང་རྒྱུ་མེད་པའི”བྱ་སྤྱོད་གཏན་ནས་འཐོན་མི་རུང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་དཀའ་གནད་སེལ་བ་དང་། དོན་དངོས་དང་ཉེ་བཅར་དང་མང་ཚོགས་དང་ཉེ་བཅར་བྱེད་པའི་དངོས་དོན་སྒྲུབ་པའི་ཐབས་ཚུལ་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་པ། རིམ་པ་གོང་མས་འོག་མར་ལས་འགན་དཀྲིས་ནས་ལས་དོན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལོ5ཡི་རིང་ལག་བསྟར་བྱས་པའི་ཕན་འབྲས་ཕྱོགས་བསྡོམས་དང་ལེགས་སྒྲིག་བྱེད་དགོས་པ་དང་། ས་ཁུལ་དེ་ག་དང་སྡེ་ཁག་དེ་ག སྡེ་ཚན་དེ་གའི་དོན་འཁྱོལ་ཐབས་ཚུལ་ལ་སླར་ཡང་བཟོ་བཅོས་བྱས་ཏེ། སྤྱི་ཚོགས་ལ་ཡོངས་བསྒྲགས་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
—«ལམ་ཆས་བསྒྲིལ་ནས་ཡང་བསྐྱར་རྡོག་ཐོན་བྱེད་ལ་ནམ་ཡང་ལམ་ན་ཡོད་པའི་སྙིང་རུས་བསྐྱེད་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་སར་སྤེལ་དགོས།» (༢༠༡༨ལོའི་ཟླ༡ཚེས༡༡ཉིན།) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༢༡པ་ནས༡༢༢པའི་བར།

锲而不舍落实中央八项规定精神,保持党同人民群众的血肉联系。中央八项规定不是只管五年、十年,而是要长期坚持。要拿出恒心和韧劲,继续在常和长、严和实、深和细上下功夫,管出习惯、抓出成效,化风成俗。要紧盯时间节点,密切关注享乐主义、奢靡之风新动向新表现,找出可能反弹的风险点,坚决防止回潮复燃。纠正形式主义、官僚主义,一把手要负总责,对贯彻党中央精神“说起来重要、喊起来响亮、做起来挂空挡”的行为要严肃查处,决不允许“只听楼梯响,不见人下来”。要靠深入调查研究下功夫解难题,靠贴近实际和贴近群众的务实举措抓落实,靠一级压一级推动工作,确保党中央决策部署落地生根。各地区各部门要总结梳理中央八项规定精神执行五年来的成效,重新修订本地区本部门本单位的落实措施,向社会公开,接受群众监督。
—《重整行装再出发,以永远在路上的执着把全面从严治党引向深入》(2018年1月11日)《习近平著作选读》第二卷,人民出版社2023年版,第121-122页
འབྲེལ་ཡོད་འོས་སྦྱོར།