logo

«མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-18 ཀློག་གྲངས།:
       བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་གྱི་མངོན་ཚུལ་ནི། གཙོ་བོར་རྒྱས་སྤྲོས་ཆུད་ཟོས་དང་འཛད་སྤྱོད་ཚོད་མེད་བྱེད་པ་དང་། ཨར་ལས་རྒྱ་ཆེར་གཤོམ་ཞིང་དུས་སྟོན་རྒྱུན་ཆད་མེད་ལ། འཚོ་བ་རྒྱས་གཤོམ་ཆེ་ཞིང་འཆལ་བའི་ལས་ལ་འཁོར་བ་དང་། ཐ་ན་དབང་ཆ་སྤྱད་དེ་སྒེར་དོན་གཉེར་བ་དང་། ཁོག་རུལ་ངན་རེངས་སུ་གྱུར་པ་བཅས་ཡིན། ལ་ལས་རྒྱས་གཤོམ་ཆེ་བའི་གཞུང་ལས་ཐོག་ཁང་སྐྲུན་པ་མ་ཟད། ཐ་ན་ས་ཁྱོན་མུའུ་བརྒྱ་ཕྲག་ལས་འདས་པ་བཟུང་ཞིང་འགྲོ་སོང་སྒོར་དུང་ཕྱུར་དུ་མ་བཏང་ཡོད་ལ། རྒྱས་སྤྲོས་ཀྱི་མཐར་སོན་ཞིང་། བཟའ་བ་བཏུང་བ་དང་དགའ་བདེ་རྩེད་འཇོ་སོགས་མ་འཛོམས་པ་སྣེ་གཅིག་མེད། འགའ་ཞིག་དུས་ཆེན་དང་སྟོན་མོ་རྟེན་འབྲེལ་ལ་སྤྲོ་ཞིང་། དུས་སྟོན་མཛད་སྒོར་རྫོགས་མཐའ་མེད་པ་དང་། ཐེངས་གཅིག་ལ་ཚམ་ཚོམ་མེད་པར་འགྲོ་སོང་སྒོར་ས་ཡ་ཁ་ཤས་དང་བྱེ་བ་ཁ་ཤས་གཏོང་བས། དངོས་ནས་མི་རྒྱུ་གཉིས་ཀ་འཕྲོ་བརླག་བཏང་བ་རེད་ཨང་། འགའ་ཞིག་རང་སྒེར་གྱི་ལོངས་སྤྱོད་ལ་ཆགས་ནས། སྡོད་ཁང་གང་ཆེ་གང་མང་དང་། རླངས་འཁོར་གང་བཟང་གང་རྫིག བཟའ་བཏུང་གང་ཞིམ་གང་མངར། གྱོན་གོས་གང་གྲགས་གང་ཡག་བཅས་ལ་སྤྱོད་པ་དང་། གཏན་འཁེལ་ལས་བརྒལ་བའི་འཚོ་བའི་ཐོབ་ཐང་ཡིན་ན་ཡང་འོས་བབ་ལ་རྩི་བས་མི་ཚད་ད་དུང་འདོད་པ་མི་ཚིམ་པ་རེད། ཁ་ཅིག་གིས་ཚད་གཞི་ལས་འདས་པའི་སྣེ་ལེན་གྱི་རེ་བ་འདོན་པ་དང་། རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ལ་སྡོད་ཅིང་། རོ་བརྒྱའི་ཟས་མཆོག་སྤྱོད་ལ། ཇ་ཕུད་ཆང་ཕུད་ལ་རོལ་བ་དང་། གང་དགའ་གང་སྐྱིད་བྱས་པའི་རྗེས་ལ་ད་དུང“རྔན་པ་ཆུང་ཆུང”རེ་ལེན་གྱི་ཡོད། ཡང་འགའ་ཞིག་གིས་ཨམ་ཕྲག་ཏུ་གོང་ཐང་ཆེ་བའི་ཚོགས་མིའི་བྱང་བུ་དང་འཛད་སྤྱོད་བྱང་བུ་བཅུག་ནས། རྒྱས་སྤྲོས་ཆེ་བའི་སྤྲོ་ཁང་འདུ་ཁང་དུ་དགའ་བདེར་རོལ་ལ། མཐོ་རིམ་ལུས་སྦྱོང་ར་བར་རྩེད་འཇོར་ཆགས་ནས་ཁྱིམ་ལ་ལོག་རྒྱུ་བརྗེད་པ་དང་། རི་ཀླུང་བཀོད་པ་མཛེས་པའི་ལྗོངས་སུ་ནངས་མྱུལ་དགོང་མྱུལ་དང་། ཕྱིའི་རྒྱལ་ཁབ་ཀྱི་ཐུན་མིན་ལོངས་སྤྱོད་ལ་མྱོས་ནས་ཉི་མ་འདའ་བར་བྱེད་ལ། ཁ་ཅིག་གིས་མངའ་ཁོངས་ཕྱི་རོལ་གྱི་སྦག་ཁང་དུ་སྒོར་མོ་ཆུ་ལ་སྤྱོད་སྤྱོད་བྱེད་ཨང་། ལ་ལ་ཞིག་སྤྱོད་པ་འཆལ་བར་གྱུར་ལ། ཐ་ན་ཀུན་སྤྱོད་དང་དམ་ཚིག་ཉམས་ནས་བག་མེད་སྤྱོད་པར་མ་ཟད། ད་དུང་དེ་ཉིད་ངོ་ཚར་མི་རྩི་བར་ངོ་སོ་ལ་རློམ་གྱི་ཡོད།
—«མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན» (༢༠༡༣ལོའི་ཟླ༦པའི་ཚེས༡༨ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་དང་པོ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༢༦པ་ནས༡༢༧པའི་བར།
  在奢靡之风方面,主要是铺张浪费、挥霍无度,大兴土木、节庆泛滥,生活奢华、骄奢淫逸,甚至以权谋私、腐化堕落。有的修建豪华气派的办公大楼,甚至占地上百亩、耗资几个亿,搞得富丽堂皇,吃喝玩乐一应俱全。有的热衷于造节办节,节庆泛滥成灾,动辄花费几百万、几千万,劳民伤财啊!有的热衷于个人享受,住房不厌其大其多,车子不厌其豪华,菜肴不厌其精美,穿戴讲究名牌,对超出规定的生活待遇安之若素,还总嫌不够。有的要求超规格接待,住高档酒店,吃山珍海味,喝美酒佳酿,觥筹交错之后还要“意思意思”。有的兜里揣着价值不菲的会员卡、消费卡,在高档会馆里乐不思蜀,在高级运动场所流连忘返,在名山秀水间朝歌夜弦,在异国风情中醉生梦死,有的甚至到境外赌博场所挥金如土啊!有的作风不检点,甚至道德败坏、生活放荡,不以为耻、反以为荣。
—《群众路线是党的生命线和根本工作路线》(2013年6月18日),《习近平著作选读》第一卷,人民出版社2023年版,第126-127页
འབྲེལ་ཡོད་འོས་སྦྱོར།