logo

«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-24 ཀློག་གྲངས།:
       ཁྱད་དབང་ནི་དྲང་སྙོམས་གཏན་ནས་མིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས“སྤྱོད་ཚུལ་བཞི”ལ་ངོ་རྒོལ་དང་རུལ་སུངས་ལ་ངོ་རྒོལ་བྱས་པ་དང་། སྙིང་རུས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་ཡོད་པ་དེ་ཚང་མ་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་དང་འཐབ་རྩོད་བྱས་པ་རེད། ཚང་མས་རང་རྟོགས་ངང་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་འདྲ་མིན་སྣ་ཚོགས་དང་འཐབ་རྩོད་བྱས་ཏེ། ལྟ་སྐུལ་དང་ཚོད་འཛིན་བྱེད་པའི་ཁོར་ཡུག་ཏུ་བྱ་བ་དང་འཚོ་བ་སྐྱེལ་བར་གོམས་དགོས། གངས་རི་བརྒལ་ནས་རྒྱང་སྐྱོད་བྱེད་པའི་ལམ་བར་དུ། བློ་མཐུན་ཞིག་གིས་གྱོན་ཆས་རྙིང་པ་སྲབ་པོ་གྱོན་ནས་འཁྱགས་ཤི་ཐེབས་པས་བཀོད་འདོམས་པས་དམག་མཁོའི་ཁྲུའུ་ཀྲང་མདུན་དུ་བོས་ཏེ། ཁོར་འཁྱགས་ཤི་ཐེབས་པའི་བློ་མཐུན་དེར་སྲིང་བལ་གྱོན་གོས་མི་སྤྲོད་དོན་ཅི་ཡིན་ཞེས་འདྲི་དགོས་བསམས་ཀྱང་། དཔུང་སྡེའི་ནང་གི་བློ་མཐུན་ཚོས་མིག་ཆུ་ཤོར་ནས་ཁོ་ལ་འཁྱགས་ཤི་ཐེབས་པའི་བློ་མཐུན་དེ་ནི་དམག་མཁོའི་ཁྲུའུ་ཀྲང་རེད་ཅེས་བཤད། ཆས་གོས་དོ་དམ་བྱེད་མཁན་གྱིས་རང་ཉིད་འཁྱགས་ནས་ཤི་བའི་ཚེ་ནའང་སྔོན་ལ་ལྭ་བ་དྲོན་པོ་རང་ལུས་སུ་གོན་མེད་ལ། འདི་ནི་ཇི་འདྲའི་བླ་ན་མེད་པའི་བསམ་བློའི་གོ་འཕང་ཞིག་རེད་ཨང་།
—«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།» (༢༠༡༨ལོའི་ཟླ༡ཚེས༥ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་གཉིས་པམི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༡༤པ་ནས༡༡༥པའི་བར།
  特权是最大的不公。党的十八大以来,党中央反“四风”、反腐败,锲而不舍抓作风建设,都是在同特权思想、特权现象作斗争。大家要自觉同形形色色的特权思想、特权现象作斗争,习惯在受监督和约束的环境中工作生活。长征过雪山途中,有个同志穿着单薄的旧衣服被冻死,指挥员让把军需处长叫来,想问问他为什么不给这个被冻死的同志发棉衣,队伍里的同志含泪告诉他,被冻死的这个同志就是军需处长。管被装的宁可自己冻死也没有自己先穿暖和一点,这是多么崇高的思想境界!
—《推进党的建设新的伟大工程要一以贯之》(2018年1月5日),《习近平著作选读》第二卷,人民出版社2023年版,第114—115页
འབྲེལ་ཡོད་འོས་སྦྱོར།