
«རྒྱ་ཆེའི་ལས་བྱེད་པ་དང་ཁྱད་པར་དུ་ན་གཞོན་ལས་བྱེད་པས་དད་སེམས་བརྟན་ཞིང་ཆབ་སྲིད་ཧྲག་པ་དང་འཇོན་ཐང་ཆེ་ཞིང་སྤྱོད་ཚུལ་བཟང་བ་བཅས་བྱེད་ཐུབ་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-12
ཀློག་གྲངས།:
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་ཚེ་དེའི་དུས་རབས་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་གི་དོན་སྙིང་བཅས་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དེའི་ལྟེ་བའི་བརྗོད་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། དུས་རབས་གསར་པ་དང་ལག་ལེན་གསར་པ་ལ་ཟུང་འབྲེལ་དམ་ཟབ་དང་། བསམ་བློ་དང་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་གཙོ་གནད་སློབ་སྦྱོང་བྱེད་པ་དང་། བསམ་བློ་མང་གཏོང་དང་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཐབས་བཀོད་ཡག་ཤོས་ནི་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ། སྡུག་རུས་ཆེན་པོས་སྦྱོང་ཞིང་ཡིད་ལ་འཛིན་པ། རྒྱུན་དུ་སྦྱོང་ཞིང་རྒྱུན་དུ་གོ་ཤེས་བྱེད་པ། གཏིང་ཟབ་ཏུ་འཇུག་ལ་གནད་དུ་ཕྱིན་པ་དང་བློ་ངོར་ཟུག་པ། རང་ཉིད་དེའི་ནང་འཇུག་པ་དང་། འགན་འཁྲི་དེའི་ནང་འཇུག་པ། ལས་དོན་དེའི་ནང་འཇུག་པ་བཅས་བྱས་ཏེ། སློབ་བསམ་སྤྱོད་གསུམ་དཀྱུས་གཅིག་ཏུ་སྦྲེལ་མཐུད་དང་ཤེས་དད་ཉམས་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས།
—«རྒྱ་ཆེའི་ལས་བྱེད་པ་དང་ཁྱད་པར་དུ་ན་གཞོན་ལས་བྱེད་པས་དད་སེམས་བརྟན་ཞིང་ཆབ་སྲིད་ཧྲག་པ་དང་འཇོན་ཐང་ཆེ་ཞིང་སྤྱོད་ཚུལ་བཟང་བ་བཅས་བྱེད་ཐུབ་དགོས།» (༢༠༡༩ལོའི་ཟླ༣ཚེས༡ཉིན།) ཞི་ཅིན་ཕིང་གི«ཏང་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༢ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༣༦༠པ།

学习新时代中国特色社会主义思想,要深刻认识和领会其时代意义、理论意义、实践意义、世界意义,深刻理解其核心要义、精神实质、丰富内涵、实践要求。要紧密结合新时代新实践,紧密结合思想和工作实际,有针对性地重点学习,多思多想、学深悟透,知其然又知其所以然。学习理论最有效的办法是读原著、学原文、悟原理,强读强记,常学常新,往深里走、往实里走、往心里走,把自己摆进去、把职责摆进去、把工作摆进去,做到学、思、用贯通,知、信、行统一。
—《广大干部特别是年轻干部要做到信念坚、政治强、本领高、作风硬》(2019年3月1日),习近平《论党的宣传思想工作》,中央文献出版社2020年版,第360页
འབྲེལ་ཡོད་འོས་སྦྱོར།