ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པའི་ཐོག་གནང་བའི་གསུང་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-25
ཀློག་གྲངས།:
གསར་བརྗེའི་ཐོན་ཁུངས་ནི་རང་རེའི་ཏང་གི་དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་འབད་འཐབ་ལོ་རྒྱུས་ཀྱི་དཔང་པོ་ཞིག་དང་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། གསར་བརྗེའི་ཁྲག་རྒྱུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་ཀྱི་རང་མདངས་གཅིག་སྡུད་ཐོག་མཚོན་པ་ཞིག་དང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་རེད། འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་ལམ་བུར་རྒྱང་ལྟ་བྱེད་སྐབས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་དཔའ་ངར་སྐྱེད་པ་དང་ཁ་ཕྱོགས་སྟོན་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་ལ་བརྟེན་ནས་བློ་རིག་འཕེལ་བ་དང་ཀུན་སྤྱོད་ལ་ཞུན་བརྡར་གཏོང་བ་བཅས་བྱས་ནས། སྔ་འཛིན་ཕྱི་གཏོད་དང་གསར་འབྱེད་མདུན་སྐྱོད་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་རང་སྲོག་དོར་ནས་བླངས་པའི་གསར་བརྗེའི་རྒྱལ་སྲིད་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ། གསར་བརྗེའི་སྔོན་བྱོན་ཚོའི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བ་དང་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས།
—༢༠༢༡ལོའི་ཟླ༦ཚེས༢༥ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཅིག་པའི་ཐོག་གནང་བའི་གསུང་བཤད་ལས་དྲངས།

红色资源是我们党艰辛而辉煌奋斗历程的见证,是最宝贵的精神财富。红色血脉是中国共产党政治本色的集中体现,是新时代中国共产党人的精神力量源泉。回望过往历程,眺望前方征途,我们必须始终赓续红色血脉,用党的奋斗历程和伟大成就鼓舞斗志、指引方向,用党的光荣传统和优良作风坚定信念、凝聚力量,用党的历史经验和实践创造启迪智慧、砥砺品格,继往开来,开拓前进,把革命先烈流血牺牲打下的红色江山守护好、建设好,努力创造不负革命先辈期望、无愧于历史和人民的新业绩。
—2021年6月25日中共中央政治局第三十一次集体学习时的讲话
འབྲེལ་ཡོད་འོས་སྦྱོར།
