རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-13
ཀློག་གྲངས།:
རང་རེའི་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ༤༠ལྷག་ཙམ་སོང་བའི་ལོ་རྒྱུས་ནི་བགེགས་མེད་བདེ་བགྲོད་ཅིག་གཏན་ནས་མིན། དཀའ་སྤྱད་དང་དུ་བླངས་ནུས་ན། མི་འགྲུབ་བྱ་བ་ཅི་ཡང་མེད། ང་ཚོས་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་ཆེན་པོར་རྩོད་སྒྲུབ་ངོས་འཛིན་དང་སྟངས་འཛིན་གྱིས་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ཀྱི་ཞིབ་འཇུག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་རོལ་གྱི་ཁོར་ཡུག་འགྱུར་ལྡོག་ལ་ཡུན་རིང་ཁ་གཏད་གཅོག་པའི་བསམ་བློ་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱས་ཏེ། ཉེན་ཁའི་ཁྲོད་ནས་གོ་སྐབས་གསར་པ་འཚོལ་བ་དང་འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་པ་གཏོད་མཁས་པོ་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་འཐབ་རྩོད་ཀྱི་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་། མཐུན་སྒྲིལ་བྱེད་ཐུབ་རིགས་ཀྱི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། དགེ་མཚན་ལྡན་པའི་མཐུན་རྐྱེན་ཡོད་ཚད་སྐོང་འཐེན་བྱེད་པ་བཅས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་དགོས།
—༢༠༢༠ལོའི་ཟླ༩ཚེས༨ཉིན་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལས་དྲངས།

我们党建党近百年、新中国成立70多年、改革开放40多年的历史从来都不是一帆风顺的。志不求易者成,事不避难者进。我们要辩证认识和把握国内外大势,加强战略性、系统性、前瞻性研究谋划,做好较长时间应对外部环境变化的思想准备和工作准备,善于在危机中育新机、于变局中开新局。要发扬斗争精神,敢于斗争、善于斗争,根据形势变化及时调整斗争策略,团结一切可以团结的力量,调动一切积极因素,不断夺取具有许多新的历史特点的伟大斗争新胜利。
—2020年9月8日在全国抗击新冠肺炎疫情表彰大会上的讲话
འབྲེལ་ཡོད་འོས་སྦྱོར།
