«ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་བྱེད་དགོས»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-06-09
ཀློག་གྲངས།:
我们的权力是党和人民赋予的,是为党和人民做事用的,姓公不姓私,只能用来为党分忧、为国干事、为民谋利。要正确行使权力,依法用权、秉公用权、廉洁用权,做到法定职权必须为,法无授权不可为,保持如临深渊、如履薄冰的谨慎,做到心有所畏、言有所戒、行有所止,处理好公和私、情和法、利和法的关系。
—《做焦裕禄式的县委书记》(2015年1月12日),《习近平著作选读》第一卷,人民出版社2023年版,第341页)

ང་ཚོའི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་གནང་བ་ཞིག་ཡིན་པས། ཏང་དང་མི་དམངས་ལ་བྱ་བ་སྒྲུབ་པར་སྤྱོད་དགོས་ཤིང་། དབང་ཆས་གཞུང་དོན་སྒྲུབ་པ་ལས་སྒེར་དོན་སྒྲུབ་མི་རུང་ལ། ཏང་གི་དོན་དུ་དཀའ་སྡུག་མཉམ་ཁུར་དང་། རྒྱལ་ཁབ་ཀྱི་དོན་དུ་བྱ་བ་སྒྲུབ་པ། དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་བཅས་ཁོ་ནར་སྤྱོད་དགོས། དེ་བཞིན་དབང་ཆ་ཡང་དག་སྤྱོད་དགོས་ཏེ་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་། གཞུང་དྲང་གིས་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་བྱས་ནས་ངེས་པར་དུ་ཁྲིམས་གཏན་འཁེལ་བའི་དབང་ཆ་སྤྱོད་དགོས་པ་ལས་ཁྲིམས་གཏན་མ་འཁེལ་བའི་དབང་ཆ་སྤྱོད་མི་རུང་ཞིང། གཡང་ས་དོག་མོ་འགྲིམས་པ་དང་འཁྱགས་སྲབ་ཐོག་ཏུ་བགྲོད་པ་བཞིན་གཟབ་ནན་རྒྱུན་འཁྱོངས་ཀྱིས་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་ཀྱི་སྒོ་ནས་གཞུང་དོན་དང་སྒེར་དོན་དང་། བརྩེ་སེམས་དང་བཅའ་ཁྲིམས། ཁེ་ཕན་དང་བཅའ་ཁྲིམས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།
—«ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞིག་བྱེད་དགོས»(༢༠༡༥ལོའི་ཟླ༡ཚེས༡༢ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་སྒྲིག་ཀློག་དེབ»དེབ་དང་པོ། མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་གྲངས༣༤༡པ།
འབྲེལ་ཡོད་འོས་སྦྱོར།
