ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁང་སྲིད་འཛིན་སློབ་གླིང)༢༠༢༢ལོའི་དཔྱིད་ཀའི་སློབ་དུས་ཀྱི་ལས་བྱེད་པ་དར་གཞོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-17
ཀློག་གྲངས།:
年轻干部要胜任领导工作,需要掌握的本领是很多的。最根本的本领是理论素养。马克思主义立场、观点、方法是做好工作的看家本领,是指导我们认识世界、改造世界的强大思想武器。党员干部一定要加强理论学习、厚实理论功底,自觉用新时代党的创新理论观察新形势、研究新情况、解决新问题,使各项工作朝着正确方向、按照客观规律推进。要坚持理论和实践相结合,注重在实践中学真知、悟真谛,加强磨练、增长本领。关键是要虚心用心,甘当“小学生”,不懂就问、不耻下问,切忌主观臆断、不懂装懂。
— 在二O二二年春季学期中央党校(国家行政学院)中青年干部培训班开班式上的讲话(2022年3月1日),《人民日报》2022年3月2日

ན་གཞོན་ལས་བྱེད་པས་འགོ་ཁྲིད་ཀྱི་ལས་འགན་འཁུར་ཐུབ་པར་བྱེད་དགོས་ན། ཁོང་དུ་ཆུད་དགོས་པའི་འཇོན་ཐང་ཧ་ཅང་མང་པོ་ཡོད། ཆེས་རྩ་བར་གྱུར་པའི་འཇོན་ཐང་ནི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་ནི་ལས་ཀ་ལེགས་པོ་སྒྲུབ་པའི་གཞི་རྩའི་འཇོན་ཐང་ཡིན་པ་དང་། ང་ཚོས་འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པར་སློབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཡང་ཡིན། ཏང་ཡོན་ལས་བྱེད་པས་ངེས་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ཤུགས་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྲ་བརྟན་བཏང་ནས། རང་རྟོགས་ཀྱིས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་དུས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག །གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ། ལས་དོན་ཁག་ཡང་དག་པའི་ཕྱོགས་སུ་སྐྱོད་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལག་ལེན་དངོས་ཀྱི་ཁྲོད་ཤེས་བྱ་ཡང་དག་སློབ་སྦྱོང་དང་བདེན་དོན་གྱི་སྙིང་པོ་རྟོགས་པ་དང་། སྦྱོང་བརྡར་ལ་ཤུགས་རྒྱག་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་གཙིགས་སུ་འཛིན་དགོས། གནད་འགག་ནི་ཁེངས་སྐྱུང་དང་སེམས་རྣལ་ལ་ཕབ་དགོས་ཤིང་། “སློབ་ཆུང་སློབ་མ”བྱེད་སྤྲོ་བ་དང་། མི་ཤེས་ན་འདྲི་བ་དང་། དམའ་སར་སྐད་ཆ་འདྲི་བར་ངོ་མི་ཚ་བ་བཅས་བྱས་ཏེ། རང་སྣང་གིས་ཐག་གཅོད་དང་མི་ཤེས་ཤེས་མདོག་གཏན་ནས་བྱེད་མི་རུང་།
—ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁང་སྲིད་འཛིན་སློབ་གླིང)༢༠༢༢ལོའི་དཔྱིད་ཀའི་སློབ་དུས་ཀྱི་ལས་བྱེད་པ་དར་གཞོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད། (༢༠༢༢ལོའི་ཟླ༣ཚེས༡ཉིན།) «མི་དམངས་ཉིན་རེའི་ཚགས་པར།» ༢༠༢༢ལོའི་ཟླ༣ཚེས༢ཉིན།
འབྲེལ་ཡོད་འོས་སྦྱོར།
