logo

«སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-07-21 ཀློག་གྲངས།:
       党的二十大在政治上、理论上、实践上取得了一系列重大成果。毛泽东同志说:“善于把党的政策变为群众的行动,善于使我们的每一个运动,每一个斗争,不但领导干部懂得,而且广大的群众都能懂得,都能掌握,这是一项马克思列宁主义的领导艺术。”中央政治局要带头抓好全党全国学习宣传贯彻党的二十大精神,推动党的二十大精神广泛深入为广大干部群众所了解和掌握。
—《在二十届中央政治局第一次集体学习时的讲话》(2022年10月25日),《求是》杂志2023年第2期
       ཏང་གི་ཚོགས་ཆེན་ཉི་ཤུ་པར་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་ཐོག་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། བློ་མཐུན་མའོ་ཙེ་ཏུང་གིས“ཏང་གི་སྲིད་ཇུས་དེ་མང་ཚོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་མཁས་པོ་དང་། ང་ཚོའི་ལས་འགུལ་ཚང་མ་དང་འཐབ་རྩོད་ཚང་མ་འགོ་ཁྲིད་ལས་བྱེད་པས་ཤེས་པར་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤེས་པ་དང་། ཚང་མས་ཁོང་དུ་ཆུད་ཐུབ་པར་བྱེད་མཁས་པོ་ཞིག་ཀྱང་བྱ་རྒྱུ་དེ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འགོ་ཁྲིད་ཀྱི་སྒྱུ་རྩལ་ཞིག་ཡིན།”ཞེས་གསུངས་མྱོང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱ་ཁྱབ་དང་གཏིང་ཟབ་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་དགོས།
—«སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།»(༢༠༢༢ལོའི་ཟླ༡༠ཚེས༢༥ཉིན།) «བདེན་འཚོལ»དུས་དེབ༢༠༢༣ལོའི་རྒྱ་ཡིག་པར་གཞི། འདོནཐེངས༢པ།
འབྲེལ་ཡོད་འོས་སྦྱོར།