«སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-22
ཀློག་གྲངས།:
在全面落实上下功夫。空谈误国、实干兴邦,一分部署、九分落实。不注重抓落实,不认真抓好落实,再好的规划和部署都会沦为空中楼阁。贯彻落实党的二十大精神要有计划、有部署,在把握总目标、总方向、总要求的前提下,对各项目标和任务进行细化,有针对性地拿出落实的具体方案,制定明确的时间表、施工图,扎扎实实向前推进。
—《在二十届中央政治局第一次集体学习时的讲话》(2022年10月25日),《求是》杂志2023年第2期

ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་ཤུགས་རྒྱག་དགོས། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིན་པ་དང་། བཀོད་སྒྲིག་ཆ་གཅིག་དང་དོན་འཁྱོལ་ཆ་དགུ་ཡིན། དོན་འཁྱོལ་ལ་དོ་སྣང་མི་བྱེད་པ་དང་། དོན་འཁྱོལ་ནན་ཏན་མ་བྱས་ན། འཆར་འགོད་དང་བཀོད་སྒྲིག་ཇི་འདྲ་ལེགས་པོ་ཞིག་ཡིན་རུང་བར་སྣང་གི་ཐོག་ཁང་ལྟ་བུར་མིང་གི་ལྷག་མ་ཙམ་དུ་ཟད་ངེས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་པ་འདིང་དགོས་ཤིང་། སྤྱིའི་དམིགས་འབེན་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་སྟངས་འཛིན་བྱེད་པའི་ཆ་རྐྱེན་འོག། དམིགས་འབེན་དང་ལས་འགན་ཁག་ཞིབ་ཕྲ་བཟོས་ནས། དམིགས་ས་ཡོད་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་འཆར་གཞི་ཞིབ་ཕྲ་བཟོ་བ་དང་། དུས་ཡུན་ཇི་འགོར་དང་དོན་འཁྱོལ་བྱེད་རིམ་ཁ་གསལ་བཟོས་ཏེ་ཏན་ཏན་ཏིག་ཏིག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
—«སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།» (༢༠༢༢ལོའི་ཟླ༡༠ཚེས༢༥ཙཉིན།) «བདེན་འཚོལ»དུས་དེབ༢༠༢༣ལོའི་རྒྱ་ཡིག་པར་གཞི། འདོན་ཐེངས༢པ།
འབྲེལ་ཡོད་འོས་སྦྱོར།
