ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་གནང་བའི་གསུང་བཤད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-25
ཀློག་གྲངས།:
我国社会主义政治制度优越性的一个突出特点是党总揽全局、协调各方的领导核心作用,形象地说是“众星捧月”,这个“月”就是中国共产党。在国家治理体系的大棋局中,党中央是坐镇中军帐的“帅”,车马炮各展其长,一盘棋大局分明。如果中国出现了各自为政、一盘散沙的局面,不仅我们确定的目标不能实现,而且必定会产生灾难性后果。
—《在省部级主要领导干部学习贯彻党的十八届四中全会精神全面推进依法治国专题研讨班上的讲话》(2015年2月2日)

རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཞིག་ནི་ཏང་གི་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་དེ་ཡིན། དཔེ་བཞག་ནས་བཤད་ན། “སྐར་ཚོགས་ཀྱིས་ཟླ་བ་བསྐོར་བ”ལྟ་བུ་དང་། “ཟླ་བ”ཞེས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་རེད། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཇུས་གཞི་ཆེན་པོའི་ཁྲོད་ཏང་ཀྲུང་དབྱང་ནི་དབུས་སྒར་དུ་བཞུགས་པའི“དམག་སྤྱི”ལྟ་བུ་ཡིན་ལ། མཐའ་བཞིའི་དམག་རིགས་ཀུན་གྱིས་རང་ས་ནས་དཔའ་རྩལ་གང་ཡོད་འདོན་གྱི་ཡོད་པས། གཡུལ་འཐབ་ཇུས་གཞི་ཆེན་པོར་རྒྱལ་ཁ་ཐོབ་ངེས་ཡིན། གལ་སྲིད་ཀྲུང་གོར་རང་ཐག་རང་གཅོད་དང་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་བྱུང་ཚེ། ང་ཚོས་གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་བྱེད་མི་ཐུབ་པར་མ་ཟད། གོད་ཆག་རང་བཞིན་གྱི་མཇུག་འབྲས་འབྱུང་ངེས་ཡིན།
—«ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭར་གནང་བའི་གསུང་བཤད།»(༢༠༡༥ལོའི་ཟླ༢ཚེས༢ཉིན།)
འབྲེལ་ཡོད་འོས་སྦྱོར།
