ས་མིང་རིག་གནས་ལ་རྩིས་མཐོང་བྱེད་པ་ནི་ང་ཚོའི་ལོ་རྒྱུས་ལ་མཐོང་ཆེན་བྱེད་པ་ཡིན།
རྩོམ་པ་པོ།:བཀྲ་འདུལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2015-04-26
ཀློག་གྲངས།:
ས་མིང་སྐོར་གྱི་གཏམ་རྒྱུད་དང་ལོ་རྒྱུས་ཞེས་པའི་མུ་འབྲེལ་ལེ་ཚན་ཉེ་ཆར་འོད་སྣང་ཉིན་རེའི་ཚགས་པར་སྟེང་དུ་བསྟུད་མར་བཀོད་པས། ས་མིང་རིག་གནས་ལ་ཆེད་མཁས་པ་ཚོས་དོ་སྣང་ཆེན་པོ་བྱས་འདུག ས་མིང་རིག་གནས་ཇི་ལྟར་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་དགོས་པ་དང་། ས་མིང་བརྗེ་བའི་གནས་ཚུལ་ལ་ཇི་ལྟར་དངོས་འཛིན་བྱེད་པ། དྲི་བ་དེ་དག་འཁྱེར་ནས་གསར་འགོད་པས་དགེ་རྒན་ཆེན་མོ་ཧུའུ་པེན་པེན་ལ་བཅར་འདྲི་བྱས་པ་རེད།
གསར་འགོད་པ། ཁྱོད་ཀྱིས་ས་མིང་རིག་གནས་ལ་ཇི་ལྟར་དངོས་འཛིན་བྱེད་བཞིན་ཡོད།
ཧུའུ་པེན་པེན། ས་མིང་རིག་གནས་ནི་ཐ་སྙད་ཞིག་ཡིན་པ་དང་། དེ་ལ་ས་མིང་བརྡ་ཆད་རིག་གནས་དང་ས་མིང་དངོས་ཡོད་རིག་གནས་གཉིས་འདུས་ཡོད། ས་མིང་བརྡ་ཆད་རིག་གནས་ནི་ཚིག་ངོས་ནས་ཐ་སྙད་དེའི་འབྱུང་ཁུངས་རིག་གནས་ལ་གོ་བ་ཡིན་པ་དང་། ས་མིང་དངོས་ཡོད་རིག་གནས་ནི་ས་གནས་དེ་གའི་དངོས་ཡོད་ས་ཁམས་དང་ལོ་རྒྱུས། ཡུལ་ལྗོངས་སོགས་ལ་གོ་བ་ཡིན། ས་མིང་བརྡ་ཆད་རིག་གནས་དང་ས་མིང་དངོས་ཡོད་རིག་གནས་གཉིས་ནི་ཕན་ཚུན་ཟུང་དུ་འབྲེལ་ཡོད་ལ། དབྱེ་འབྱེད་བྱེད་ཐབས་མེད་པ་ཞིག་ཡིན། དེ་གཉིས་ཀྱིས་མཉམ་དུ་ས་མིང་རིག་གནས་གྲུབ་ཡོད་པ་རེད། ས་མིང་རིག་གནས་ཀྱིས་མི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་དང་མིའི་རིགས་ཀྱི་ལོ་རྒྱུས་འགྱུར་ལྡོག མི་རྣམས་ཀྱི་འཚོ་བ་དང་ཁོར་ཡུག་གི་འཕེལ་རྒྱས་འགྱུར་ལྡོག་བཅས་ཟིན་འགོད་བྱས་ཡོད་པས། དེ་ནི་མི་རིགས་སོ་སོའི་ཤུལ་བཞག་རིག་གནས་ཞིག་ཡིན།
གསར་འགོད་པ། ས་གནས་ལ་ལས་མིང་གྲགས་ཇེ་ཆེར་གཏོང་ཆེད། ཐད་ཀར་དུ་རང་གི་ས་གནས་ཀྱི་མིང་ནི་ཡུལ་དེའི་མཛེས་ལྗོངས་གྲགས་ཅན་གྱི་མིང་གི་ཚབ་བྱས་ཡོད། དཔེར་ན་ཏྭ་ཡུང་ནི་ཀྲང་ཅྭ་ཅའེ་ལ་བསྒྱུར་ཡོད་པ་དང་། ཧྭའེ་ཀྲུའུ་ནི་ཧང་ཧྲན་ལ་བསྒྱུར་ཡོད་པ་སོགས་ལྟ་བུ། ཁྱོད་རང་ས་མིང་འདོགས་སྟངས་འདི་རིགས་ལ་ལྟ་ཚུལ་གང་འདྲ་ཡོད།
ཧུའུ་པེན་པེན། ས་མིང་རིག་གནས་ལ་རྩིས་མཐོང་བྱེད་པ་ནི་ང་ཚོའི་ལོ་རྒྱུས་ལ་མཐོང་ཆེན་བྱེད་པ་ཡིན། ང་ཚོས་བསམ་ན། ས་མིང་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་འདོད། འོན་ཀྱང་ས་མིང་གཅིག་མཚུངས་ཞིག་ལོ་རྒྱུས་ཐོག་ཏུ་བཀོལ་སྤྱོད་བྱ་ཡུལ་གྱི་ས་གནས་དང་ད་ལྟ་བཀོལ་སྤྱོད་བྱ་ཡུལ་གྱི་ས་གནས་གཅིག་འདྲ་མིན་པའི་གནས་ཚུལ་ཡང་ཡོད། གལ་སྲིད་གནས་ཚུལ་དེ་ཧ་མ་གོ་ཚེ། གནད་དོན་མང་པོ་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་རེད། དཔེར་ན། ལོ་རྒྱུས་དཔེ་ཆའི་ཐོག་ཏུ་བཀོད་པ་ལྟར་ན་ཙིན་ཀའོ་ཧྥན་ནི་ཤིང་ཤིང་ཡུལ་གྱི་མི་ཡིན་པ་དང་། ཤིང་ཤིང་ཞེས་པའི་ས་མིང་དེ་ཧན་རྒྱལ་རབས་ནུབ་མའི་དུས་སྐབས་ནས་བཟུང་ཡོད་ནའང་། དུས་ཡུན་རིང་བོར་འགྱུར་ལྡོག་མེད། འོན་ཀྱང1949ལོ་ནས་བཟུང་། ས་མིང་དེ་ནི་དབྱི་དབྱང་དང་ཧྲའོ་དབྱང་། ཤིང་ཐན་བཅས་གྲོང་ཁྱེར་ཁ་ཤས་ལ་ཁག་གྱེས། འོན་ཀྱང་ད་ལྟ་ཙུན་ཀའོ་ཧྥན་གྱི་ཕ་ཡུལ་ནི་གོང་གི་གྲོང་ཁྱེར་གང་ལའང་མི་གཏོགས་པར། ལུའུ་ཏུའེ་ཧྲང་ཧྥུང་ན་ཡོད་པ་རེད། མི་ལ་ལས་འགྱུར་ལྡོག་དེ་འདྲ་བྱུང་ཡོད་པ་མི་ཤེས་པས་དོགས་པ་འབྱུང་བཞིན་ཡོད། ཙིན་ཀའོ་ཧྥན་ནི་ཤིང་ཤིང་གི་མི་ཡིན་པ་དང་། ཤིང་ཤིང་ནི་ད་ལྟ་ཤིང་ཐན་གྱི་ཁོངས་སུ་གཏོགས་པ་རེད། འོན་ཀྱང་ཁོང་གི་ཕ་ཡུལ་ད་ལྟ་ལུའུ་ཏའེ་ན་ཡོད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་འདོད་པ་རེད།
ས་མིང་ལ་ལ་ཞིག་བསྒྱུར་རྗེས་ས་གནས་དེ་གའི་འཕེལ་རྒྱས་ལ་ཕན་པ་ཡོད་ངེས་ལ། དཔེར་ན་ཏྭ་ཡུང་ནི་ཀྲང་ཅྭ་ཅའེ་ལ་བསྒྱུར་ཚེ། ཀྲང་ཅྭ་ཅའེ་ནི་ཏྭ་ཡུང་ལས་མིང་གྲགས་ཆེ་བ་རེད། འོན་ཀྱང་ས་གནས་ལ་ལས། ས་མིང་རིག་གནས་ལ་ངོས་འཛིན་མི་ཟབ་པས། སྲིད་འཛིན་ཁུལ་གྱི་ས་ཁོངས་བགོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན། ཐ་སྙད་བཅོས་བསྒྱུར་སོགས་ཀྱི་བྱ་འགུལ་ཁྲོད། གང་འདོད་དུ་ས་མིང་བསྒྱུར་བ་དང་ཡང་ན་ལོ་རྒྱུས་ཡུན་རིང་ལྡན་པའི་ས་མིང་འདོར་བ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་ལ། མཇུག་མཐར་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་རྗེས་ས་མིང་སྔོན་མ་དེ་ཕྱིར་འདོགས་པའི་གནས་ཚུལ་ཡང་ཡོད་པ་རེད།
གསར་འགོད་པ། ཁྱོད་ཀྱིས་བསམ་ན་ད་ལྟ་ང་ཚོས་ཇི་ལྟར་ས་མིང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་དགོས་སམ།
ཧུའུ་པེན་པེན། ས་མིང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་ལ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྣེ་ཁྲིད་ནས། སྤྱི་ཚོགས་ཡོངས་ནང་དུ་ཞུགས་པར་སྐུལ་སློང་བྱེད་དགོས། གསལ་བོར་བཤད་ན་གཤམ་གྱི་དོན་ཚན་ཁག་གསུམ་ལ་ཤུགས་རྒྱག་དགོས།
དང་པོ། ས་གནས་རིམ་པ་སོ་སོར་ཆེད་དུ་ས་མིང་རིག་གནས་སྲུང་སྐྱོང་སྡེ་ཁག་བཙུགས་ནས། ས་མིང་རིག་གནས་སྲུང་སྐྱོང་ནུས་ཚད་ཇེ་མཐོར་གཏོང་དགོས།
གཉིས་པ། ས་མིང་བསྒྱུར་བའི་ཐད་ལ་ཚད་གཞི་ཞིག་འཛུགས་དགོས།
གསུམ་པ། ས་མིང་རིག་གནས་ཀྱི་སྙིང་དོན་ལེགས་སྒྲིག་བྱེད་དགོས།
བཞི་བ། ཀྲུང་གོའི་ས་མིང་རིག་གནས་གཞི་གྲངས་མཛོད་བཙུགས་ནས། ས་མིང་རིག་གནས་སྲུང་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས།

འབྲེལ་ཡོད་འོས་སྦྱོར།