སྒྲུང་བ་སྲི་ཐར་རྡོ་རྗེས་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་འཛམ་གླིང་ཡོངས་ལ་རྟོགས་སུ་འཇུག་དགོས་ཟེར
རྩོམ་པ་པོ།:བཀྲ་རྒྱལ།
ཡོང་ཁུངས།:ཞིན་ཧྭའི་དྲ་བ།
དུས་ཚོད།:2014-04-14
ཀློག་གྲངས།:
ལོ་ན23ལ་སོན་པའི་སྲི་ཐར་རྡོ་རྗེ་ནི་ངོ་གདོང་ཅུང་ནག་ཅིང་བྱད་གཟུགས་འབུར་དུ་ཐོན་པས་བོད་རིགས་གསར་བུ་དཔེ་མཚོན་ལྡན་པ་ཞིག་ཡིན་ལ། མིག་སྔར་བོད་ལྗོངས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད། ཁོ་རང་ལ་ལོ་མཉམ་གཞན་དག་དང་བསྡུར་ན་གཞན་དྲང་མི་འཇོག་པའི་ཁྱད་ཆོས་ཐུན་མིན་ཞིག་ཡོད་པ་ནི་བོད་ཀྱི་ལོ་ན་ཆེས་གཞོན་པའི་གེ་སེར་སྒྲུང་པར་གྱུར་བ་དེ་ཡིན་ལ། ཁོའི་བྱིས་དུས་ཀྱི་ལང་ཚོའང་འཆར་ཡན་གྱི་རྨི་ལམ་ལྟ་བུར་སྣང་ངོ་། །
བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གླིང་རྗེ་གེ་སེར་རྒྱལ་པོའི་སྒྲུང་》ནི་འཛམ་གླིང་སྟེང་ཆེས་རིང་པའི་ལོ་རྒྱུས་སྙན་རྩོམ་གྱི་གྲས་ཡིན་ལ། དེའི་ནང་དོན་གཙོ་བོ་ནི་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་རྣམས་བཏུལ་ནས་འབངས་རྣམས་བདེ་བར་བཀོད་པའི་གཏམ་རྒྱུད་ཡིན། “ཤར་ཕྱོགས་པའི་ཧྰ་མའི་ལོ་རྒྱུས་སྙན་རྩོམ”ཞེས་པའི་སྙན་གྲགས་ཡོད་ཅིང་། 2009ལོར།《གླིང་གེ་སེར་རྒྱལ་པོའི་སྒྲུང》ནི་འཛམ་གླིང་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོར་ཚུད་པ་རེད།
སྲི་ཐར་རྡོ་རྗེ་ནི་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་གི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ཨ་མ་དང་མཉམ་དུ་འཚོ་བ་རོལ་ཏེ། མཐོན་མཐིང་གི་ནམ་མཁའ་དང་སྔོ་ལྗང་གི་རྩྭ་ཐང་གི་སྟེང་གནག་ཕྱུགས་ཀྱི་རྨིགས་རྗེས་དེད་ནས་ནར་སོན་པ་དང་། ལོ་ན11ལ་སོན་པའི་ལོ་དེར། རྨི་ལམ་ཁྱད་མཚར་པ་ཞིག་གི་ལྟས་དང་བསྟུན་ནས་ཁོས་མི་ཚེར་གཞི་ནས་འགྱུར་ལྡོག་བྱུང་།
“རྨི་ལམ་དུ་ང་རང་ནོར་ལུག་གང་སར་བཀྲམ་པའི་རྩྭ་ཐང་ཞིག་ཏུ་སླེབས་ཤིང་། སྐབས་དེར་གློ་བུར་དུ་ལག་ཏུ་མཚོན་ཆ་ཐོགས་པའི་དམག་མི་ཞིག་གིས་གུར་ཏུ་ཁྲིད་ནས་བཙན་གྱིས་ཆོས་དཔེ་སྣ་རིང་ཞིག་ཁ་ནང་དུ་བརྫངས་བྱུང”ཟེར།
སྐྲག་སྣང་དང་བཅས་གཉིད་ལས་སད་རྗེས་སྲི་ཐར་རྡོ་རྗ་ཡིས་ཁོ་རང་གི་བྲང་ཁོག་ཏུ་དངོས་པོ་ཅི་ཞིག་ཡོད་པ་ལྟར་སྣང་པས་ཁོས་བྲེལ་འཚུབ་དང་བཅས་བཤད་འདོད་པ་རྣམས་བཤད་པས་ན། བོད་ཡིག་དགེ་རྒན་གྱི་དེར་གསན་རྗེས་ཁོས་བཤད་པ་ནི་གེ་སེར་སྒྲུང་ཡིན་པ་རྟོགས་བྱུང་།
བོད་ཁུལ་གྱི་གེ་སེར་སྒྲུང་པར་གཙོ་བོར་བབས་སྒྲུང་དང་། བྲ་སྒྲུང་། གཏེར་སྒྲུང་། རྒྱུད་སྒྲུང་། དག་སྣང་གི་སྒྲུང་བཅས་ཡོད་ཅིང་། དེའི་ཁྲོད་བབས་སྒྲུང་པ་མང་ཤོས་ནི་ཡིག་རྨོངས་པ་ཡིན་ལ། རྨི་ལམ་རྨིས་པར་བརྟེན་སྒྲུང་བབས་ནས་སྒྲུང་པར་གྱུར་པ་རེད། སྣང་ཚུལ་འདི་ནི་ད་རག་བར་དུ་ད་དུང་གསང་པ་ཞིག་ཏུ་གྱུར་ཡོད།
ཆབ་མདོ་ས་ཁུལ་རིག་དངོས་ཅུད་ཀྱི་ཅུད་ཀྲང་གཡང་འཛོམས་ཟླ་བས“སྲི་ཐར་རྡོ་རྗེ་ནི་བབས་སྒྲུང་གི་སྒྲུང་པའི་གྲས་སུ་གཏོགས་སྟེ། ཁོང་རང་གི་དྲན་ཤེས་ལ་བརྟེན་ནས་ཡིག་འབྲུ་ཁྲི་བརྒྱའི་བདག་ཉིད་ཅན་གྱི་སྒྲུང་རྩོམ་ཐོགས་མེད་དུ་བཤད་ཐུབ་པས། དེ་ནི་སུས་ཀྱང་བློས་དཔོག་དཀའ་བ་ཞིག་རེད”ཟེར།
བསམ་བློ་དང་རིག་པ་འཚར་ལོངས་བྱུང་རྗེས་ཀྱི་སྲི་ཐར་རྡོ་རྗེའི་སྙན་གྲགས་རིམ་བཞིན་ཕྱོགས་ཀུན་ཁྱབ་པར་གྱུར་ནས་ནམ་རྒྱུན་གང་སར་གདན་འདྲེན་ཞུས་ནས《གླིང་གེ་སར་རྒྱལ་པོའི་སྒྲུང》འཆད་དུ་འཇུག་པ་རེད། “དཔའ་དར་གྱེན་དུ་འཕྱར་བ། དམག་རྟས་བང་རྩལ་འགྲན་པ། གླིང་གེ་སར་རྒྱལ་པོའི་ཕྱོགས་བཞི་དབང་དུ་འདུལ་པའི་རྣམ་པ་དེ་ངའི་དྲན་འཛིན་གྱི་ངོས་སུ་ནམ་ཡང་གསལ་ལེར་འཆར་འོངས”ཟེར། ཁོས་བཤད་རྒྱུར། སྒྲུང་འཆད་ཐེངས་རེར། རང་ཉིད་དངོས་སུ་གཡུལ་དུ་ཞུགས་པ་བཞིན“རྨི་ལམ་ནང་གི་མཚར་སྡུག་རྣམས་དངོས་ཡོད་སྒྲུང་དུ་འཆད་པ་དེས་ང་རང་གཟི་བརྗིད་ཆེན་པོ་སྐྱེས་ཡོང”ཟེར།
དེང་སྐབས། སྲི་ཐར་རྡོ་རྗེ་རིམ་བཞིན་ནར་སོན་པ་དང་བསྟུན་ཁོས་འཆད་པའི་སྒྲུང་གི་ནང་དོན་ཡང་དེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། མིག་སྔར་ཁོས《གླིང་གེ་སེར་རྒྱལ་པོའི་སྒྲུང》གི་ཁྲོད་ཀྱི་དུམ་པ་མང་པོ་འཆད་ཐུབ། དེ་ལྟར་ཡིན་ཡང་སྒྲུང་གི་ནང་དོན་གསར་པ་ནི་རྒྱུན་མ་ཆད་པར་ཁོས་རྨི་ལམ་དུ་འབབ་བཞིན་ཡོད། དེ་བས་ཁོ་ཡང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་རྣམ་གྲངས་“དཔལ་འབར་སྒྲུང་པའི”འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པར་གྱུར་པ་རེད།
ལོ་གཞོན་གྱི་དུས་ནས་གེ་སེར་སྒྲུང་རྩོམ་རྒྱུད་འཛིན་གྱི་འོས་འགན་ལྗིད་མོ་ཕྲག་ཏུ་བླངས་པ་དེས་སྲི་ཐར་རྡོ་རྗེ་ནི་དགའ་སྤྲོ་ལས་ངལ་བའི་སྣང་བ་མི་འདུག སློབ་གྲྭ་ཆེན་མོ་བའི་ཐོབ་ཐང་གི་དགེ་མཚན་དང་བརྟེན་ཁོས་ནམ་རྒྱུན་བཤད་པའི་སྒྲུང་གི་ནང་དོན་ཡིག་ཐོག་ཏུ་འགོད་ཀྱིན་ཡོད་པ་མ་ཟད། དུས་རྒྱུན་རྒྱང་སྒྲོག་བརྙན་འཕྲིན་གྱི་གདན་འདྲེན་ལྟར་གླིང་གེ་སེར་རྒྱལ་པོའི་སྒྲུང་རྩོམ་འཆད་པ་རེད། ཁོས“མཐའ་འཁོབ་ས་ཁུལ་གྱི་མང་ཚོགས་མང་པོ་ནི་རྒྱང་སྒྲོག་ལ་ཉན་རྒྱུར་དགའ་བས། རླབས་ཆེ་བའི་སྒྲུང་རྩོམ་ཁོ་ཚོའི་སྙན་ལམ་དུ་སྒྲོག་ཐུབ་པ་བྱུང་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས”ཟེར།
སྲི་ཐར་རྡོ་རྗེས་ཆོད་སེམས་བརྟན་པོའི་སྒོ་ནས“གལ་ཏེ་གོ་སྐབས་ལྡན་ཚེ། ངས་རང་གིས་བཤད་པའི་སྒྲུང་གི་ནང་དོན་དག་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ནས་འཛམ་གླིང་ཡོངས་ཀྱིས་བོད་མི་རིགས་ཀྱི་སྒྲུང་རྩོམ་ཀློག་ཐུབ་པ་དང་། གེ་སར་རྒྱལ་པའི་མཚར་སྡུག་མཉམ་རོལ་བྱེད་ཐུབ་པ་བྱུང་བར་བྱ་རྒྱུ་ཡིན”ཟེར།

འབྲེལ་ཡོད་འོས་སྦྱོར།