རྩོམ་པ་པོ་གླང་མདུན་དཔལ་འབྱོར་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ།:གུ་རུ་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-29
ཀློག་གྲངས།:
སྤྱི་ལོ1985ལོར་བོད་ཡིག་གི《གཙུག་གཡུ》དཔར་འགྲེམ་བྱས་ནས་ལོ24སོང་རྗེས་ཀྱི2009ལོར་རྒྱ་ཡིག་གི《གཙུག་གཡུ》དཔར་འགྲེམ་བྱུང་བའི་རྗེས་སུ་རྒྱལ་ཡོངས་ས་གནས་ཁག་གི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་མི་ཉུང་བ་ཞིག་གིས་རྩོམ་རིག་གི་རིག་ལམ་ཐོག་ནས་དཔྱད་བརྗོད་དང་བསྔགས་བརྗོད་མཐོན་པོ་གནང་འདུག དཔེར་ན་བརྩམས་བྱ་འདི་ནི“བོད་ཡིག་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་དཔེ་མཚོན་བརྩམས་བྱ་ཡིན་པ་དང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག་བར་གྱི་དབྱེ་བའི་མཚམས་རྟགས་ཡིན་པ། བོད་ཡིག་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་ཆུ་འགོ་བཏོད་པ། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་བསུབ་ཐབས་མེད་པའི་མཚོན་རྟགས་ཤིག་བཞག་པ་རེད། དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།”ཅེས་བོད་ཡིག་གི་བརྩམས་བྱ་ཞིག་ལ་འདི་ལྟ་བུའི་གདེངས་འཇོག་གནང་བ་དེ་ཡིས། “བོད་ཡིག་ནི་ཆོས་ལུགས་ཀྱི་སྐད་ཡིག་ཡིན་པས་དེང་རབས་ཀྱི་མིའི་འཚོ་བ་འབྲི་མི་ཐུབ”ཅེས་དམའ་འབེབས་བྱེད་པ་ནི་ཁུངས་ལུང་གང་ཡང་མེད་པ་ཞིག་ཡིན་པའི་ར་སྤྲོད་གསལ་བོ་བྱུང་བ་རེད། དེ་མིན་མཁས་དབང་རྣམས་ནས་དེ་ལྟ་བུའི་གདེངས་འཇོག་མཐོན་པོ་གནང་བ་ནི་གཙོ་བོར་སྐབས་དེར་སྟོངས་ལ་ཉེ་བའི་རྩོམ་རིག་ཉམས་གསོ་ཡོང་བ་དང་། ས་རྒྱུ་ལས་ཐོག་མར་བུད་མ་ཐག་པའི་གསར་རྩོམ་གྱི་མྱུ་གུའི་མཆེ་བ་བདེ་བླག་ཏུ་སྐྱེ་འཕེལ་ཡོང་ཆེད་རྩོམ་པ་པོ་ལ་སེམས་གསོ་སྐུལ་ལྕག་གནང་བ་ཞིག་ལོས་ཡིན།
བཅར་འདྲི་ཞུ་མཁན། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀས》མེ་ཏོག་འགའི་བར་གྱི་འགལ་བ་བརྒྱུད་ནས་དངོས་ཡོད་མིའི་འགལ་བ་མཚོན་པར་བྱས་ཡོད། མི་སྣ་དེ་དག་གི་སྣང་བརྙན་བཞེངས་བསྐྲུན་གྱི་ཆ་དང་འབྲི་ཐབས་གསར་བ་གང་ཞིག་སྤྱད་པ་ཡིན།
གླང་མདུན་དཔལ་འབྱོར། བརྩམས་སྒྲུང་གི་གཙོ་གནད་གསུམ་ནི་མི་སྣའི་གཟུགས་བརྙན་བཞེངས་སྐྲུན་དང་། སྒྲུང་གི་འབྲི་ཚུལ་སྒྲིག་འགོད། ཁོར་ཡུག་ཞིབ་འབྲི་བཅས་གསུམ་ཡིན། སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་བརྩམས་སྒྲུང་ཞིག་ཡིན་ཕྱིན་གཙོ་གནད་གསུམ་པོ་དེ་དག་ལེགས་པར་འབྲི་འགོད་བྱས་ནས་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་པ་ཞིག་ཡིན་དགོས་ཤིང་། ཀློག་པ་པོའི་ཡིད་དབང་འཕྲོག་པར་བྱེད་པ་ལ། “རྩོམ་རིག་ནི་ཚིག་སྦྱོར་གྱི་སྒྱུ་རྩལ་ཡིན”ཞེས་པ་ལྟར་བརྩམས་སྒྲུང་གི་ཚིག་སྦྱོར་ངེས་པར་དུ་ཀློག་པ་པོའི་ཡིད་ལ་འཇུག་ཅིང་སྙན་འཇེབས་ལྡན་པ་ཞིག་ཡོང་རྒྱུའི་འབད་པ་ལྷུར་ལེན་བྱེད་དགོས་པ་ལོས་ཡིན། རང་རེའི་སྲོལ་རྒྱུན་རྩོམ་རིག་ལ་སྙན་ངག་མེ་ལོང་ཞེས་རྒྱན་སྤྲོས་རིག་པའི་གཞུང་ལུགས་ཆ་ཚང་ཞིག་དང་། རྩོམ་པ་པོ་དུ་མས་གཞུང་ལུགས་དེའི་ལམ་ནས་བརྩམས་པའི་རྩོམ་ཡིག་ཕུལ་བྱུང་མང་པོ་ཞིག་མཛད་རྗེས་སུ་འཇོག་གནང་མཛད་ཡོད་པས། ང་ཚོས་སློབ་སྦྱོང་རྒྱུན་འཛིན་ལེགས་པར་བྱས་ན་ཚིག་སྦྱོར་ཐད་ལ་ཡིག་རིགས་གཞན་པ་ཅི་འདྲ་ཞིག་ལའང་སྨོན་མི་དགོས་པར་ཀུན་གྱི་ཡིད་དབང་འགུག་ཐུབ་པ་ཞིག་ཡོང་ངེས་རེད། འོན་ཀྱང་གལ་ཏེ་རྒྱ་ཆེ་བའི་ཀློག་པ་པོའི་དགོས་མཁོ་དང་མ་མཐུན་ན་རྩོམ་པ་པོ་ཇི་ཙམ་མཁས་ཀྱང་ཁྱེད་ཀྱི་བརྩམས་བྱ་ལ་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་དཀའ་བ་མ་ཟད། རིག་གནས་ཁྱབ་གདལ་གཏོང་རྒྱུའི་འདུན་པ་ཡང་སྟོང་ཟད་དུ་འགྱུར་ངེས་རེད། དེ་བཞིན་མི་སྣའི་གཟུགས་བརྙན་དང་གཤིས་ཀ་བཞེངས་སྐྲུན་ལེགས་པོ་བྱེད་ཐུབ་མིན་ནི་བརྩམས་སྒྲུང་གི་སྒྱུ་རྩལ་གྱི་ཁྱད་ནུས་འདོན་སྤེལ་བྱེད་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པས། སྐབས་དེའི་སྒྲུང་གི་དམིགས་བསལ་ཁོར་ཡུག་ཁྲོད་དུ་དཔེ་མཚོན་གྱི་མི་སྣའི་གཟུགས་བརྙན་དང་གཤིས་ཀའི་ཉམས་འགྱུར་གསལ་རྗེན་དུ་ཐོན་པ་ཞིག་འབྲི་དགོས་ཤིང་། ཉམས་འགྱུར་འདོན་སྟངས་ལ་རང་རེའི་རིག་རྩལ་གྱི་གཞུང་ལུགས་ལ་སྒེག་པའི་ཉམས་དང་། དྲག་ཤུལ་གྱི་ཉམས། དཔའ་བོའི་ཉམས། སྙིང་རྗེའི་ཉམས། མི་སྡུག་པའི་ཉམས། བཞད་ གད་ཀྱི་ཉམས། རྨད་བྱུང་གི་ཉམས། འཇིགས་རུང་གི་ཉམས་བཅས་ཉམས་འགྱུར་གྱི་རྣམ་པ་བརྒྱད་དུ་གསུངས་ཡོད་པས། དེ་ཚོ་ནི་རང་རེའི་མཁས་དབང་མེས་པོ་རྣམས་ཀྱིས་ཕྱོགས་བསྡོམས་གནང་བའི་མན་ངག་ཡིན་པས་ང་ཚོས་རྒྱུན་འཛིན་གྱིས་རང་གི་རྩོམ་ཡིག་ནང་དུའང་བེད་སྤྱོད་བཏང་ན་མི་སྣ་གསོན་ཉམས་ལྡན་པ་བཞེངས་སྐྲུན་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
བཅར་འདྲི་ཞུ་མཁན། མི་ལ་ལས་ཁྱེད་ཀྱི་བརྩམས་སྒྲུང《གཙུག་གཡུ》དང《མེ་ཏོག་ལྡུམ་རྭའི་ནང་གི་ཀླན་ཀ》གཉིས་བར་གྱི་རྩོམ་གཤིས་ཐད་ཁྱད་པར་ཆེ་ཙམ་འདུག་ཟེར། དེར་ཁྱེད་ཀྱི་ལྟ་ཚུལ་ཇི་འདྲ་ཡོད།
གླང་མདུན་དཔལ་འབྱོར། 《གཙུག་གཡུ》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》གཉིས་བརྩམས་སྒྲུང་རིང་ཐུང་མི་འདྲ་བ་གཉིས་སོ་སོའི་མཚན་ཉིད་ཀྱི་འགན་དབང་ལ་གཞིགས་ཏེ་རྩོམ་ ཚུལ་དང་རྩོམ་གཤིས་མི་འདྲ་བ་གཙོ་བོ་འདི་ལྟ་ཡོད་དེ། བརྗོད་དོན་དང་ཚིག་སྦྱོར་གྱི་ཐོག་ནས་བཤད་ན། 《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ནི་ལྡུམ་རའི་ནང་གི་མེ་ཏོག་ཁ་ཤས་ཀྱི་གཟུགས་བརྙན་བཞེངས་སྐྲུན་བྱས་ནས་མེ་ཏོག་གཅིག་གིས་གཙུག་རྒྱན་བྱས་ཏེ་གཞན་རྣམས་ལ་མཐོང་ཆུང་དམའ་འབེབས་བྱེད་པའི་ལྡུམ་ར་ཞིག་གམ། ཡང་ན་གཅིག་ཕན་གཅིག་རོགས་ཀྱིས་མེ་ཏོག་སོ་སོའི་བཀྲག་མདངས་རྣམ་པར་རྒྱས་པའི་འཆམ་མཐུན་དྲོ་སྐྱིད་ཀྱི་ལྡུམ་ར་ཞིག་གསོ་སྐྱོང་གང་བྱེད་ཀྱི་ལྟ་བ་མི་འདྲ་བ་གཉིས་ཀྱི་འགལ་ཟླ་གཙོ་བོ་དེ་རང་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། རྗོད་བྱེད་ཀྱི་ཚིག་ནི་བཅད་ལྷུག་སྤེལ་མའི་ལུགས་ནས་བྲིས་ཤིང་། སྲོལ་རྒྱུན་སྙན་ངག་གི་ཚིག་རྒྱན་འདྲ་མིན་སྤྱད་དེ་ ཚིག་སྦྱོར་སྙན་འཇེབས་ལྡན་པ་ཞིག་ཡོང་བའི་འབད་པ་ལྷུར་ལེན་བྱས་པ་དང་། 《གཙུག་གཡུ》ནི་དཔལ་ལྡན་སོགས་དཔེ་མཚོན་མི་སྣའི་གཟུགས་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་། ཁེ་ཕན་འདྲ་མིན་གྱི་མི་སྣའི་བར་གྱི་འགལ་ཟླ། དྲང་བདེན་དང་གཡོ་ཧམ་ བར་གྱི་འགལ་ཟླ། རང་དབང་དང་བཙན་གནོན་བར་གྱི་འགལ་བ། གོམས་སྲོལ་རྙིང་བ་དང་རང་དབང་བརྩེ་སེམས་དབར་གྱི་འགལ་ཟླ་སོགས་སྤྱི་ཚོགས་ཀྱི་འགལ་ཟླ་རྙོག་འཛིང་ཆེ་བ་འདྲ་མིན་བཟོ་འགོད་བྱས་པ་བརྒྱུད་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་རགས་ཙམ་མཚོན་པར་བྱས་ཤིང་། རྗོད་བྱེད་ཀྱི་ཚིག་སྦྱོར་ནི་ས་ཁུལ་ཁག་གི་བོད་ཡིག་ཆུ་ཚད་འབྲིང་ཙམ་གྱི་ཀློག་པ་པོ་མང་ཆེ་བས་ཀློག་བདེ་ལ་དོན་རྟོགས་སླ་བའི་ཆེད་དུ་རྒྱན་སྤྲོས་ཀྱིས་མ་བཅིངས་བར་ཁ་སྐད་དང་ཚིག་ལྷུག་གི་ལམ་ནས་བྲིས་པ་དང་། ཡང་ཚིག་སྦྱོར་སྙན་པའི་ཆེད་དུ་བོད་རིགས་ཀྱི་དགའ་སྣང་གི་ཁྱད་ཆོས་ལ་གཞིགས་ཏེ་རྒྱུན་སྲོལ་གཏམ་དཔེ་དང་། གཞས་ཚིག ཀ་བཤད་སོགས་སྐབས་སུ་སྦྱར་ནས་ཀློག་པ་པོའི་ཡིད་དབང་འགུགས་ཐབས་ལ་འབད་པ་བགྱིས་པ་ལགས་སོ།།
བཅར་འདྲི་ཞུ་མཁན། ཁྱེད་རང་གི་བརྩམས་ཆོས《གཙུག་གཡུ་》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་》གཉིས་ལ་བྱ་དགའརབ་དང་རིམ་པ་མང་པོ་ཞིག་ཐོབ་མྱོང་། ད་དུང་སྐབས་བརྒྱད་པའི་མའོ་ཏུན་རྩོམ་རིག་བྱ་དགའི་འདེམས་སྒུག་པའི་གྲས་སུ་ཚུད་ཡོད། ཁྱེད་རང་གིས་བསམ་ཚུལ་ཡིན་ན་བརྩམས་ཆོས་འདི་གཉིས་ལ་ད་དུང་མི་འདང་བའི་ཆ་དང་ཁ་སྐོང་དགོས་པའི་ཆ་གང་ཞིག་ཡོད།
གླང་མདུན་དཔལ་འབྱོར། ཁོ་བོའི་བརྩམས་སྒྲུང《གཙུག་གཡུ》དང《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》གཉིས་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲི་བྱ་རྒྱུ་ད་དུང་མ་ལྡང་བ་དང་། གཙོ་བོའི་མི་སྣའི་གཟུགས་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ད་དུང་རྒྱ་ཆེ་ཙམ་ཞིག་འབྲི་འགོད་བྱེད་མ་ཐུབ་པ། སྐབས་རེར་མི་སྣའི་བར་གྱི་སྐད་ཆ་རིང་དྲགས་པ། སྒྲུང་གི་ལྷུ་ཚིགས་སྒྲིག་འགོད་ལྷུག་དྲགས་པ་སོགས་ཀྱི་སྐྱོན་ཆ་བྱུང་ཡོད་པས། བརྩམས་སྒྲུང་གི་སྒྱུ་རྩལ་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཡོད།
བཅར་འདྲི་ཞུ་མཁན། མཇུག་མཐར་ཁྱེད་རང་རྩོམ་པ་པོ་རྒན་གྲས་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩོམ་པ་པོ་རྣམས་ལ་བཤད་འདོད་སྐད་ཆ་ཅི་ཡོད།
གླང་མདུན་དཔལ་འབྱོར། དེང་དུས་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་དང་གཞོན་ནུ་མང་ཆེ་བས་བོད་ཡིག་སློབ་སྦྱོང་བྱེད་རྒྱུར་དོ་ཁུར་ཆེན་པོ་བྱེད་ཅིང་། མི་ཉུང་བ་ཞིག་གིས་བོད་ཡིག་གི་ཐོག་ནས་ལྷུག་རྩོམ་དང་། སྙན་རྩོམ། བརྩམས་སྒྲུང་སོགས་སྤུས་ཚད་ལྡན་པའི་བརྩམས་བྱ་མང་པོ་འགྲེམ་སྤེལ་གནང་གི་འདུག་པས། སྣང་ཚུལ་འདི་ནི་ང་ཚོས་དགའ་ཚོར་བྱེད་དགོས་པའི་འགྱུར་བ་ཆེན་པོ་ཞིག་ཡིན། སླད་ཕྱིན་གཞོན་སྐྱེས་རྣམས་ནས་འབད་བརྩོན་ཆེ་བསྐྱེད་ཀྱིས་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་བྱ་གཞག་འཕེལ་རྒྱས་སུ་གཏོང་རྒྱུ་དང་། བརྩམས་བྱའི་སྤུས་ཚད་ད་དུང་ཇེ་མཐོར་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། རྒྱལ་ཕྱི་རྒྱལ་ནང་གི་རྩོམ་རིག་སྒྱུ་རྩལ་གྱི་རིག་ལམ་དང་ཁྱད་རྩལ་ལ་ཞིབ་འཇུག་སློབ་སྦྱོང་བྱ་རྒྱུ་དང་རང་རེའི་མི་རིགས་ཀྱི་སྙན་འཇེབས་ཚིག་སྦྱོར་དང་ཉམས་འདོན་རིག་རྩལ་རྒྱུན་འཛིན་བེད་སྤྱོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་རྩོམ་རིག་གསར་རྩོམ་འདི་དག་རྒྱལ་ཡོངས་རྩོམ་རིག་གར་སྟེགས་ཀྱི་མདུན་གྲལ་དུ་ཐོན་ཐུབ་པ་ཞིག་དང་། རྒྱལ་སྤྱིའི་རྩོམ་རིག་འཕེལ་ཕྱོགས་ཀྱི་རྗེས་བསྙེགས་ཏེ་རང་རེའི་རྩོམ་རིག་གསར་རྩོམ་གྱི་པད་མ་འདི་དག་འཛམ་གླིང་རྩོམ་རིག་ལྡུམ་རའི་ནང་དུ་འདབ་མ་རྒྱས་ཤིང་དྲི་བསུང་འཐུལ་བའི་འབད་བརྩོན་ལྷུར་ལེན་གནང་སྐྱོང་ཡོང་བའི་རེ་འདུན་ཟབ་མོ་ཞུ་བཞིན་ཡོད་ལགས།

འབྲེལ་ཡོད་འོས་སྦྱོར།