logo

པདྨ་རྒྱ་མཚོས་གར་སྟེགས་སྒྱུ་རྩལ་ལས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ངོམ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-13 ཀློག་གྲངས།:

པདྨ་རྒྱ་མཚོས་གར་སྟེགས་སྒྱུ་རྩལ་ལས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ངོམ་པ།
པདྨ་རྒྱ་མཚོ།

        《ཤམ་བྷ་ལ》ལེགས་འགྲུབ་བྱུང་བ་ལས་པདྨ་རྒྱ་མཚོ་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་ཅིང་། ད་ལྟ་ཁོ་ནི་འཁྲབ་གཞུང་སྒྲིག་འཁྲབ་དང་འཁྲབ་ཁྲིད་པ། ཁྲི་ཁཱ་ཀོ་ཞི་ལིན་སྒྱུ་རྩལ་ལྟེ་གནས་ཀྱི་སྒྱུ་རྩལ་ལྟ་སྐུལ་བ་བཅས་ཡིན།
        གར་སྟེགས་སྒྱུ་རྩལ་ལ་བྱང་ཆ་ལྡན་པའི་པདྨ་རྒྱ་མཚོས་གར་སྟེགས་ཀྱི་ཐབས་ལམ་བརྒྱུད་དེ་མི་རྣམས་ཀྱིས་སྔར་ལས་ལྷག་པར་མི་རིགས་རིག་གནས་ངོས་འཛིན་བྱེད་རྒྱུ་དང་། འདི་ལྟ་བུའི་སྙིང་སྟོབས་དང་ཚོར་འདུ་རྟོགས་སུ་འཇུག་པ་ཡིན།
ལོ23སྟེང་རྒྱལ་ཡོངས་བྲོ་གར་འགྲན་བསྡུར་དུ་གསེར་གྱི་བྱ་དགའ་ཐོབ།
        1991ལོར། ལོ12ལ་སོན་པའི་པདྨ་རྒྱ་མཚོས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱས། ཁྱིམ་ཚང་གི་ཤུགས་རྐྱེན་འོག་བོད་ཀྱི་བྲོ་གར་ལ་རྒྱུན་འབྲེལ་བྱུང་བས་ཆེད་ལས་ཀྱང་མི་རིགས་ཀྱི་བྲོ་གར་བདམས་པ་དང་།  ལོ་དུ་མའི་རྨང་གཞིའི་ནུས་རྩལ་སློབ་སྦྱོང་བྱས་རྗེས་ཁོས་དམངས་ཁྲོད་ཀྱི་བྲོ་གར་དང་དེང་རབས་བྲོ་གར་ཐད་ནས་ཅུང་ཕུན་སུམ་ཚོགས་པའི་ཤེས་བྱ་གསོག་ཉར་བྱས། སློབ་ཆེན་གྱི་སྐབས་སུ་གར་སྟེགས་ཀྱི་ཟློས་གར་གསར་རྩོམ་བྱེད་མགོ་ཚུགས།
        2002ལོར། ཁོ་བོ་ལོ23ལ་བུད་ཅིང་། 《ཕྱིར་འགྲོ》ཞེས་པའི་བྲོ་གར་ལས་སྐབས་ལྔ་བའི་རྒྱལ་ཡོངས་བྲོ་གར་འགྲན་བསྡུར་དུ་གསེར་གྱི་བྱ་དགའ་ཐོབ་པ་དང་། སྐབས་དེར་ལོ་ན་ཆེས་ཆུང་བའི་གསེར་གྱི་བྱ་དགའ་ཐོབ་མཁན་ཡིན། ཐེངས་འདིའི་བྱ་དགའ་ཐོབ་པ་ལས་ཁོ་བོར་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་ཆབས་ཅིག་འགན་ཕྲག་ཀྱང་ཇི་ལྕི་རུ་སོང་བ་ཚོར།
        ཁོས་བྲོ་གར་གྱི་འཁྲབ་སྟོན་པ་ཞིག་ཡིན་པའི་ཆ་ནས་གཙོ་ཆེར་རང་ཉིད་ཀྱི་འཁྲབ་རྩལ་ཁག་ལ་དོ་སྣང་བྱེད་དགོས་པ་དང་། སྒྲིག་འཁྲབ་ཞིག་ཡིན་པའི་ཆ་ནས་བརྩམས་ཆོས་ཀྱི་ནང་དོན་དང་མཚོན་ཐབས་སེམས་སུ་ངེས་ཏེ་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པར་ཡར་བསྐྱེད་ཀྱི་ནུས་ཤུགས་དངོས་ཤིག་དགོས་ཟེར།
        ཁོའི་གསར་རྩོམ་གྱི་ཐོག་མའི་དུས་སྐབས་སུ། བརྩམས་ཆོས་མང་ཆེ་བ་ནི་གྲངས་ཉུང་མི་རིགས་གཞན་གྱི་རིག་གནས་སོགས་བརྗོད་གཞིར་བཟུང་བ་སྟེ། སོག་རིགས་དང་། ཡུ་གུར་སོགས་མི་རིགས་ཀྱི་རོལ་མོ་དང་བྲོ་གར་སྔོག་འདོན་བྱས་ལ། དེིའི་ཐད་ཀྱི་ངེས་ཤེས་ཀྱང་ཅུང་མཐོ་བར་ཡོད།
        ཆུང་དུས་ནས་རང་ཉིད་ཀྱི་རྣ་ལམ་དུ་རྒྱུན་ཐོས་སུ་སོང་བའི་བོད་ཀྱི་རིག་གནས་ལ་ཁ་གཏད་དུས་ཁོས་ཡུན་རིང་བོར་ཚོད་ལྟ་བྱེད་མ་ཕོད། རྒྱུ་མཚན་ནི་བོད་རིགས་ཤིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་རིག་གནས་ལ་ནམ་ཡང་དད་གུས་ཀྱི་སེམས་ཤིག་ཡོད་པ་དང་། ཚོད་ལྟ་ཞིག་བྱེད་ན་མ་མཐའ་ཡང་ཤེས་རྟོགས་ཟབ་མོ་དང་གསོག་ཉར་གྱི་གྲ་སྒྲིག་ལེགས་པོ་ཞིག་དགོས་པར་འདོད།


པདྨ་རྒྱ་མཚོའི་གསར་རྩོམ་བརྩམས་ཆོས《ཤམ་བྷ་ལ》།

ཤེས་རྟོགས་ཟབ་མོ་ལས“ཤམ་བྷ་ལ”ཞེས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་བ།
        《ཤམ་བྷ་ལ》ཞེས་པའི་མིང་འདིར་བརྒྱུད་དེ་པདྨ་རྒྱ་མཚོས་བརྗོད་འདོད་པ་ནི། མི་ཚེ་འདི་དངོས་བོའི་དཔལ་ཡོན་དང་ཆགས་སྡང་གི་འཁོར་བའི་ཁྲོད་འདེམ་ག་གང་མང་ཞིག་བྱེད་དགོས་ཤིང་། ཚེ་སྲོག་གི་ལྕི་ཚད་ཇི་འདྲའི་མི་ཐེག་ནའང་ནམ་ཡང་བག་ཕེབས་ཀྱི་སེམས་རྒྱ་ཡངས་མོས་དོན་དངོས་ལ་ཁ་གཏད་ནས་བསམ་པའི་རང་དབང་དང་རྣམ་ཤེས་ཀྱི་ལྷིང་འཇགས་ཤིག་འཚོལ་རྒྱུ་དེ་རེད།
        སྒྱུ་རྩལ་གྱི་བརྩམས་ཆོས་ནི་འབྲེལ་འདྲིས་ཀྱི་སྨྱན་ལྟ་བུ་ཡིན་པ་དང་།  ཏག་ཏག་དག་གཙང་དང་ལྷད་མེད་པ་ཡིན་ན་ད་གཟོད་འབྲེལ་འདྲིས་བདེ་བླག་འབྱུང་ངེས་པས། བརྩམས་ཆོས་ཀྱི་ཁྲོད་དུ་ཁོ་བོས་གང་ནུས་ཀྱིས་རྒྱན་སྤྲས་ཀྱི་ཆ་དོར་ཏེ་བརྩེ་སེམས་བླ་མེད་དོད་ཡོད།
        གཟིགས་མོ་བ་གཅིག་གི་མིག་ལམ་དུ་ཤམ་བྷ་ལ་བརྒྱ་འདུས་སྟོང་འདུས་འཆར་བ་ནི་པདྨ་རྒྱ་མཚོའི་གསར་རྩོམ་བརྩམས་ཆོས《ཤམ་བྷ་ལ》ཞེས་པའི་ཆེས་ལེགས་པའི་ཕན་འབྲས་ཤིག་ཏུ་ངེས།
བོད་ཀྱི་རིག་གནས་ཁྱབ་སྒྲོག་བྱེད་པའི་གནད་འགངས་གསུམ།
        བོད་ཀྱི་རིག་གནས་ཁྱབ་སྒྲོག་དང་རྒྱུན་འཛིན་བྱེད་པའི་ཐད་ལ་པདྨ་རྒྱ་མཚོས་གནད་གསུམ་བསྡུས་པ་སྟེ། དོ་སྙོམས་དང་། མི་རིགས་ཀྱི་རིག་གནས་ངོས་བཟུང་། རྒྱལ་སྤྱི་ཅན་གྱི་སྐད་ཁོངས་བཅས་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།