སྙན་ངག་ནི་རང་གི་མྱོང་ཚོར་དངོས་དང་བརྩེ་སེམས་ངོ་མས་འབྲི་རྒྱུ་ཞིག་རེད།
རྩོམ་པ་པོ།:ཁྲི་སེམས་དཔའ་།
ཡོང་ཁུངས།:《གངས་རྒྱན་མེ་ཏོག》
དུས་ཚོད།:2011-10-25
ཀློག་གྲངས།:
ཁྲི་སེམས་དཔའ་། ལོ་འདི་དག་གི་རིང་ལ་ཁྱེད་ཀྱི་སྙན་ངག་ཇེ་ཉུང་ནས་ཇེ་ཉུང་རེད། དེ་ནི་ལོ་ཚོད་ཅིག་ལ་རག་ལས་སམ། ཡང་ན་རྒྱུ་རྐྱེན་གཞན་ཞིག་ལ་རག་ལས་པ་ཡིན།
གེ་སར། གཅིག་ནས་དེ་ནི་ལོ་ཚོད་ཅིག་ལ་རག་ལས་ཀྱང་སྲིད། རྩོམ་རིག་གཞུང་ལུགས་པ་ཞིག་གིས་སྙན་ངག་ཡོད་ཚད་བརྩེ་དུངས་སྟོན་པའི་སྙན་ངག་དང་ཉམས་མྱོང་བརྗོད་པའི་སྙན་ངག་བཅས་རིགས་གཉིས་སུ་བགར་བ་ནང་བཞིན། ན་ཚོད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ནང་སེམས་ཀྱི་ཚོར་འདུ་ཆེས་ཕྲ་རགས་དག་ཉམས་བཞིན་པས་བརྩེ་དུངས་སྟོན་པའི་སྙན་ངག་འབྲི་རྒྱུ་ཇེ་ཉུང་དུ་སོང་བ་ཡིན་ལ། ཉམས་མྱོང་བརྗོད་པའི་སྙན་ངག་འབྲི་བའི་བར་དུ་ད་དུང་ཡང་བར་ཐག་ཅིག་གིས་ཆོད་ནས་ཡོད་པས་ཡིན། གཉིས་ནས་མི་ལོ་བཅུ་ཕྲག་གཉིས་རིང་ལ་སྙན་ངག་རྩོམ་སྒྲིག་དང་སྙན་ངག་གསར་རྩོམ་བྱས་ནའང་། ཕྱིར་ཀློག་ཅིག་བྱས་ཚེ་རང་གི་སྙན་ངག་ཡོད་ཚད་དཔར་ཤིང་གཅིག་ལས་ཐོན་པ་ནང་བཞིན་དུ་མདངས་མེད་མདོག་མེད་ཅིག་ཏུ་སྣང་བ་ལས། སྙན་ངག་རེ་རེར་ཐོད་བརྒལ་གྱི་ཆ་ཅི་ཡང་མི་འདུག་པས་ཡིན། གསུམ་ནས་ལེ་ལོ་དང་སྒྱིད་ལུག ད་དུང་འཁོར་བའི་ཟོལ་ཟོག་དང་གྲོང་ཁྱེར་གྱི་འདུ་འཛི་སོགས་རྒྱུ་རྐྱེན་གཞན་ཡང་ཡོད་སྲིད་ཀྱི་རེད།
ཁྲི་སེམས་དཔའ་། ཁྱེད་ཀྱི་སྙན་ངག་གསར་བ《ད་ནངས། རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་རང་གཉིད་ལས་བསླངས་བྱུང》ལྟ་བུར་མཚོན་ན། འཚོ་བའི་བར་ཐག་ཉེ་ཙམ་དང་། ཡང་ན་སེམས་ཁམས་ཀྱི་འགྱུ་བ་གང་དེ་བབ་ཆགས་པའི་ཚིག་གི་གོ་བདེར་འགྲེལ་ཡོད་པས། བལྟས་པ་ཙམ་གྱིས་རབ་རིབ་དང་ཁྲལ་ཁྲུལ་གྱི་ཆ་དེ་ཡོངས་སུ་བཤུས་འདུག ཡིན་ཡང་དེ་ཙམ་གྱིས་སྙན་ངག་གི་ཡིད་ཁམས་དོག་མོར་བཏང་མེད་པར་ལྡོག་སྟེ་ཡངས་པ་ཅན་དུ་བསྒྱུར་འདུག་སྙམ་པའི་འདུ་ཤེས་ཁོ་བོར་སྟེར། ཁྱེད་ཀྱིས་སྙན་ངག་དེ་འབྲི་སྐབས་ཀྱི་རང་གི་གནས་བབ་དང་དྲན་ཚུལ་མདོར་ཙམ་བཤད་ན་ཆོག་གམ།
གེ་སར། རེད་ཡ། སྙན་ངག་འདི་ནི་ངས་ཉིས་སྟོང་དགུ་ལོའི་ལོ་དཀྱིལ་དུ་བྲིས་པ་ཞིག་ཡིན། གོང་དུ་ཁྱེད་ཀྱི་དྲི་བ་ལས་བྱུང་བ་བཞིན་སྙན་ངག་འདི་ནི་ལོ་འདི་དག་རིང་གི་ངའི་གྲངས་འབོར་ཉུང་བའི་སྙན་ངག་ཁྲོད་ཀྱི་སྙན་ངག་ཅིག་ཡིན། དེ་ཡང་ཉིས་སྟོང་བདུན་ལོར་ང་རང་ལས་གནས་སྤར་ནས་ཟི་ལིང་དུ་ཐོན། རང་ཉིད་སློབ་མཐར་ཕྱིན་པ་ནས་བཟུང་ལང་ཚོ་དང་རྔུལ་ཁྲག་འཐིམ་སའི་རང་གི་ཕ་ཡུལ་གཉིས་པ་ལྟ་བུའི་ཚྭ་འདམ་གཞོང་དང་རང་གི་སྙིང་ཉེ་ལྟ་བུའི《གངས་རྒྱན་མེ་ཏོག》དང་ཁ་བྲལ་ནས་གྲོང་ཁྱེར་ཟི་ལིང་དུ་ཐོན་པ་ན། གྲོང་ཁྱེར་གྱི་འུར་ཟིང་དང་བྲེལ་འཚུབ། ད་དུང་མི་དང་མིའི་བར་གྱི་གཏད་སོ་བྲལ་བའི་ཚུལ་འཆོས་དང་གཡོ་ཟོལ་གྱིས་ང་ལ་ཡིད་སེམས་ཧ་ཅང་སུན་པོར་བཟོས་ཤིང་། སྐབས་ཤིག་ལ་དམིགས་སའི་ཁ་ཕྱོགས་ཀྱང་འབོར་ལ་ཁད་དུ་གྱུར། ནངས་མོ་ཞིག་ལ་སྐྱ་ཀ་ཁྲ་མོ་ཞིག་གི་སྐད་སྙན་གྱིས་ང་རང་དངོས་སུ་གཉིད་ལས་བསླངས་པས། ང་ཡ་མཚན་ཞིང་ཧ་ལས་པའི་དུས་མཚུངས་སུ། ཁང་རྩེག་གི་བར་གསེང་དོག་མོའི་ཁྲོད་ནས་མཆེད་འོང་བའི་བྱེའུ་སྐད་ལྷང་ལྷང་དེས་ངའི་བླ་སྲོག་གི་གཏིང་རུམ་ན་བག་ལ་ཉལ་བའི་ཚོར་བའམ་གཞན་ཅི་ཞིག་སྒུལ་ནས་བྱུང་ལ། ངའི་ལུས་སེམས་ཡོངས་སུ་ཡུན་རིང་པོར་ཡོད་མ་མྱོང་བའི་དགའ་བདེའི་ཚོར་བ་ཞིག་གིས་སིམ་ནས་བྱུང་། བདེན་དེ། གྲོང་ཁྱེར་ནི་ང་ཚོ་འགྲོ་བ་མིའི་རིགས་ལ་དཔལ་ཡོན་དར་བའི་མཚོན་བྱེད་ཆེས་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་དཀྱིལ་སྙིང་དུའང་འཛིན་པ་རེད། དེ་ཡང་ཇི་ལྟར་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་ཚན་རིག་ལག་རྩལ་གོང་འཕེལ་དུ་ཕྱིན་པ་དེ་བཞིན་དུ། ང་ཚོ་མི་ཡང་རང་བྱུང་གི་མི་ནས་སྤྱི་ཚོགས་ཀྱི་མི་རུ་འགྱུར་གྱིན་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱིས་གཅུན་ཞིང་མང་པོའི་འོག་ནས་རིམ་བཞིན་དུ་རང་བྱུང་གི་ཆ་དེ་ཡོངས་སུ་ཉམས་ནས་འཕྲུལ་ཆས་ཀྱི་མི་ཞིག་ཏུ་གྱུར་ཚར་བ་དེ་རེད། ཕྱོགས་གཞན་ཞིག་ནས་གླེང་ན་འདི་ནི་ང་ཚོ་འགྲོ་བ་མིའི་སྐྱོ་གར་ཞིག་ཀྱང་ཅི་ལ་མིན། འདི་ལྟ་བུའི་གནས་བབ་དང་སེམས་བྱུང་ཞིག་གིས་སྣེ་དྲངས་ནས་སྙན་ངག་འདི་བྲིས་པ་ཡིན་ལ། སྐད་ཆ་མདོར་བསྡུས་ནས་བཤད་ན། སྙན་ངག་འདི་ནི་སླར་ཡང་རང་བྱུང་གི་པང་དུ་ལོག་འདོད་པའི་རང་སེམས་ཀྱི་ཨག་སྐད་ཐེངས་ཤིང་ཕྱི་རུ་ཕྱུངས་པའང་ཡིན་ནོ། །
ཁྲི་སེམས་དཔའ་། ཁྱེད་ཀྱི་སྙན་ངག་གསར་རྩོམ་ཕྱོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་བའི་སྙན་ངག་པ་ཡོད་དམ། དེའི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས་ན་ཆོག་གམ།
གེ་སར། ཤུགས་རྐྱེན་ཟབ་མོ་ཞེ་ན་དེ་ཧ་ཅང་བཤད་དཀའ་བ་ཞིག་རེད། དེའི་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས་ན། ལོ་རབས་དགུ་བཅུའི་ནང་དུ་འཇུ་སྐལ་བཟང་གི་སྙན་རྩོམ་ཁྲོད་ཀྱི་གཏན་ཚིགས་ཀྱི་ཆ་དང་། ལྗང་བུའི་སྙན་རྩོམ་ཁྲོད་ཀྱི་ཡིད་བརྙན་གྱི་ཆ་དེ་ལ་ང་རང་ཧ་ཅང་དགའ་མྱོང་། དེའི་དབང་གིས་རང་ཉིད་ཀྱི་གསར་རྩོམ་གྱི་གོམ་ཁའང་ཐོག་མར་བསྒྱུར་བ་ཡིན་རྒྱུ་རེད། རྗེས་སུ་རྒྱ་ཡིག་གི་ཡིག་ངོ་ཙམ་ཆོད་པ་ནས་བཟུང་། རྩོམ་རིག་ལ་དགའ་བའི་བློ་ཁ་དེ་མིག་སྔའི་བར་དུ་བསྒྱུར་ཐབས་མ་བྱུང་། བོད་རྩོམ་ཀློག་རྒྱུ་གཞིར་བཞག་གི་སྟེང་ནས་རྒྱ་ཡིག་གི་ལམ་དུ་རྒྱལ་ནང་དང་རྒྱལ་ཕྱིའི་སྙན་ངག་གི་གྲུབ་མཐའི་གཞུང་ལུགས་དང་དེའི་འཐུས་ཚབ་མི་སྣའི་བརྩམས་ཆོས་མང་བོ་ཞིག་ཡང་དང་བསྐྱར་དུ་བཀླགས་པ་ཡིན། དེ་དག་གིས་ཀྱང་ཕྱོགས་དང་ཟུར་ངོས་སོ་སོ་ནས་རང་ཉིད་ཀྱི་སྙན་ངག་ལ་ཤུགས་རྐྱེན་འདྲ་མིན་ཐེབས་ཡོད་རྒྱུ་རེད་ལ། དེ་དག་ལས་ཀྱང་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་བའི་སྙན་ངག་པ་ཞིག་ཁོལ་དུ་ཕྱུངས་ཤིག་ཟེར་ན། ང་ལ་རྒྱའི་སྙན་ངག་པ་ཧེ་ཙི་ལས་གཞན་འཇོག་རྒྱུ་མི་རྙེད་པ་རེད། ཧེ་ཙིའི་སྙན་རྩོམ་ཁྲོད་ཀྱི་ཕྱི་ངོས་ནས་སྟབས་བདེ་དང་ཡང་ཟོར་ལྡན་ཡང་ནང་ངོས་སུ་སྲ་ཞིང་བརྟན་པའི་སྙན་ངག་གི་སྐད་ཆའི་སྦྱོར་བས་ང་ཡི་བློ་སྒོ་ཡང་ཡང་ཕྱེས་མྱོང་། དེ་ཡང་ཤུགས་རྐྱེན་ནི་ཤུགས་རྐྱེན་ཙམ་དུ་ཟད་ལ། གཙོ་ཆེ་ཤོས་ནི་རང་གི་མྱོང་ཚོར་ལ་བརྟེན་ནས་སྙན་ངག་འབྲི་རྒྱུ་དེ་ཡིན།
དེ་ཡང་སྙན་ངག་པ་ཞིག་ཡིན་ཚེ། ཐོག་མར་མི་རྣམ་དག་ཞིག་དང་དེ་ནས་སྙན་ངག་ལ་ལྷག་བསམ་རྣམ་དག་ཅིག་བཅངས་རྒྱུ་ནི་ཧ་ཅང་གལ་ཆེ། དྲང་མོར་བཤད་ན། སྙན་ངག་ནི་རང་གི་མྱོང་ཚོར་དངོས་དང་བརྩེ་སེམས་ངོ་མས་འབྲི་རྒྱུ་ཞིག་རེད། དཔེར་ན། ང་རང་གིས་ཀྱང་སྔོན་ཆད་སྡུག་ལས་བརྟེན་ནས་སྙན་ངག་སྐོར་ཞིག་སྒྲིག་བཟོ་བྱས་མྱོང་། སྙན་ངག་ཚན་པ་གཅིག་གམ་ཡང་ན་ཚིག་རྐང་གཅིག་ལའང་ཡང་ཡང་ཞུན་བརྡར་བྱས་མྱོང་། རང་ཉིད་ཀྱིས་ཚིག་དང་བརྗོད་སྙིང་གང་གི་ཆ་ནས་ཀྱང་སྙན་ངག་ལེགས་པོ་ཞིག་འཁྱོངས་ཡོད་སྙམ་པའི་སྙན་ངག་ལ་ཀློག་པ་པོའི་ཁྲོད་དུ་དགའ་བསུ་མ་ཐོབ་ཅིང་། ལོ་འདི་ཕྱིའི་སྔ་གཞུག་ཏུ་ཐོལ་བྱུང་ངང་བྲིས་པའི《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ》དང《ད་ནངས། རྒྱུས་ཡོད་ཀྱི་བྱེའུ་སྐད་ཅིག་གིས་ང་རང་གཉིད་ལས་བསླངས་བྱུང》《གཟའ་ཉི་མའི་ཉིན་ལ་སྙན་ངག་འབྲི་རྒྱུ་དེ་ཧ་ཅང་ཁག་པོ་ཞིག་རེད》སོགས་ལ་དེ་ལས་ལྡོག་སྟེ་ཀློག་པ་པོའི་ཁྲོད་དུ་དགའ་བསུ་ཐོབ་ཀྱིན་ཡོད་པ་རེད། སྤྱིར་སྙན་ངག་འདི་དག་ལས་ངས་རང་གི་གནས་བབ་དང་དྲན་ཚུལ་འདོད་ཚུལ་སོགས་ལ་སྤམ་བཟོ་དང་རྫུན་བཟོ་ཅི་ཡང་མེད་པར་བབ་ཆགས་པའི་སྐད་ཆ་དྲང་མོ་ལ་བརྟེན་ནས་བརྗོད་ཡོད་པ་དེ་ཙམ་ཡིན། སྣང་ཚུལ་འདི་ལ་བརྟགས་ན་སྙན་ངག་པས་སྐད་ཆ་དྲང་མོ་བཤད་རྒྱུ་དེ་ཡང་ཧ་ཅང་གལ་ཆེ་བ་ཞིག་མ་ཡིན་ནམ།
ཁྲི་སེམས་དཔའ་། ད་ལྟའི་བོད་ཀྱི་སྙན་ངག་གསར་པའི་གནས་བབ་ལ་ལྟ་སྟངས་ག་འདྲ་བཟུང་ཡོད།
གེ་སར། ད་ལྟའི་བོད་ཀྱི་སྙན་ངག་གསར་པའི་གནས་བབ་དེ་བལྟས་ཚོད་ཀྱི་འདུ་འཛིས་ཁེངས་པའི་གྲོང་ཁྱེར་གྱི་བཞི་མདོ་ཞིག་དང་འདྲ་པོ་འདུག ཡིན་ནའང་དེའི་ཁྲོད་ནས་ཚིག་སྦྱོར་སྤེལ་ཚུལ་ལ་མཁས་པའི་ན་གཞོན་སྙན་ངག་པ་མང་བོ་ཞིག་ཡོད་པ་རེད། དེ་དག་གིས་མིག་རྒྱང་དངོས་ཡོད་ལ་གཏད། རང་སེམས་ནང་ལ་འཁོར་ཐུབ་པ་བྱུང་ན་མ་འོངས་པའི་བོད་ཀྱི་སྙན་ངག་གསར་པའི་གནས་བབ་དེ་གྱ་ནོམ་པ་ཞིག་ཡིན་རྒྱུ་རེད་སྙམ།
ཁྲི་སེམས་དཔའ་། ཁྱེད་རང་བོད་ཀྱི་སྙན་ངག་པ་ཞིག་ཡིན་པའི་ཆ་ནས། མ་འོངས་པའི་སྙན་ངག་གསར་རྩོམ་ཁྲོད་ཁྱེད་ཀྱིས་ཆེས་མཚོན་ན་འདོད་པ་དེ་ཅི་ཞིག་ཡིན།
གེ་སར། ལོ་འདི་འགར། ངས་སྙན་ངག་འབྲི་རྒྱུ་དེ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་མཚམས་ཆད་སོང་། ཡིན་ནའང་དེའི་ཕྱོགས་ལ་བསམ་གཞིག་བྱ་རྒྱུ་དང་སྙན་ངག་ཀློག་རྒྱུ་དེ་ནམ་ཡང་མཚམས་བཞག་མ་མྱོང་། ངས་ནམ་རྒྱུན་དུ་མུ་འབྲེལ་གྱི་སྙན་ངག་རིང་མོ་ཞིག་འབྲི་རྒྱུར་བློས་བསླང་བྱེད་བཞིན་ཡོད། དྲན་ཚུལ་དེ་ནི་ཨ་རིའི་ངོས་ལེན་ཕྱོགས་ཁག་གི་འཐུས་ཚབ་སྙན་ངག་པ་ཡའོ་ཧན•པའོ་ལེ་མེན་གྱི་བརྩམས་ཆོས《རྨི་ལམ་གྱི་གླུ་དབྱངས》ཞེས་པ་དེས་བསླངས་པ་ཡིན། 《རྨི་ལམ་གྱི་གླུ་དབྱངས》ཞེས་པ་དེ་ནི་འབྲི་སྟངས་ལ་ཚོད་འཛིན་ཅི་ཡང་མེད་པའི་དོན་བརྗོད་སྙན་ངག་ཅིག་ཡིན་ལ། དེ་ལས་མིང་ལ་ཧིན་ལི•པོ་ཤི་ཁད་ཐིག་ཏུ་འབོད་པའི་ཟུར་སྣེ་མང་བའི་མི་སྣ་ཞིག་གི་སྣང་བརྙན་བཞེངས་པ་བརྒྱུད་ནས་མི་ཚེ་ཡི་བདེན་དོན་ཞིག་གམ་ཡང་ན་འཁོར་བའི་སྡུག་བསྔལ་ཞིག་བསྟན་ཡོད་པ་དང་། ངས་ཀྱང་མུ་འབྲེལ་སྙན་ངག་རིང་མོ་ཞིག་བྲིས་པ་བརྒྱུད་ནས་བོད་མི་རྣམས་ཨ་གསར་ཆེ་ཞིང་གཡམ་ལ་བརྒྱུག་རྒྱུར་དགའ་ལ། ཁ་ནས་བཤད་རྒྱུ་ལས་ལག་ལེན་དུ་འདེབས་རྒྱུ་མེད་པའི་བོད་མི་ཕལ་མོ་ཆེའི་སྤྱི་གཤིས་ཤིག་མི་སྣ་གཙོ་བོ་ཞིག་བཞེངས་པ་བརྒྱུད་ནས་མཚོན་པར་འདོད། འོན་ཀྱང་དེ་ནི་དྲན་ཚུལ་ཙམ་ལས་འཆར་གཞི་དངོས་མིན། ནམ་ཞིག་འཆར་གཞི་རུ་འགྱུར་ཞིང་དེ་ནས་ལག་ལེན་དུ་འགྲོ་བའི་སྨོན་ལམ་འདེབས།
ཁྲི་སེམས་དཔའ་། ཁྱེད་ཀྱིས་བདག་གི་དྲི་བ་དང་ལེན་གནང་བར་བཀའ་དྲིན་ཆེ།
གེ་སར། ཁྱེད་ལའང་བཀའ་དྲིན་ཆེ་ཞུ།

འབྲེལ་ཡོད་འོས་སྦྱོར།