སློབ་གཙོ་ཡི་དམ་རྡོ་རྗེ་ལགས་ལ་སློབ་གསོའི་སྐོར་ནས་བཅར་འདྲི་བྱས་པ།
རྩོམ་པ་པོ།:ལྡོང་ལུག་རྫི།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-20
ཀློག་གྲངས།:
དྲི་བ་འདོན་མཁན། མང་རྫོང་སློབ་གསོའི་ལྟ་སྐུལ་གྱི་སློབ་གསོའི་ཟམ་གྱི་རྩོམ་སྒྲིག་པ་ལྡོང་ལུག་རྫི།
དྲིས་ལན་འདེབས་མཁན། ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་ཡི་དམ་རྡོ་རྗེ།
ལྡོང་ལུག་རྫི། ཐོག་མར་ཁྱེད་རང་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་སློབ་གཙོ་བཅུ་རུ་བདམས་པ་ལ་རྟེན་འབྲེལ་ཞུས་པ་ཡིན། དེར་མཚུངས་རྒན་ལགས་ཀྱིས་བལྟས་ན་སློབ་གཙོ་ཡིས་སློབ་གྲྭའི་རིག་གནས་ཀྱི་མ་འོངས་འབྱུང་སྤུས་ཐད་ལ་ནུས་པ་དང་ཁ་ཕྱོགས་ག་འདྲ་སྟོན་དགོས།
ཡི་དམ་རྡོ་རྗེ། ཐོག་མར་མང་རྫོང་སློབ་གསོའི་ལྟ་སྐུལ་གྱི་གཙོ་སྒྲིག་པ་རྨེ་རུ་སོན་གསར་དང་། སློབ་གསོའི་ཟམ་གྱི་རྩོམ་སྒྲིག་པ་ལྡོང་ལུག་རྫི་ལགས་ལ་ཁམས་བདེ་ཞུ་བ་དང་ཆབས་ཅིག་བོད་ཁམས་སྤྱི་ལ་ཁ་ཕྱོགས་ཏེ་སྤེལ་གཉེར་བྱེད་བཞིན་པའི་མང་རྫོང་སློབ་གསོའི་ལྟ་སྐུལ་གྱི་དུས་དེབ་འདི་ལ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།
ཁྱེད་ཀྱི་དྲི་བ་འདི་ང་ལྟ་བུར་མཚོན་ན་ཧ་ཅང་དཀའ་བར་མ་ཟད། བློས་དཔོག་པར་དཀའ་བའི་གནད་དོན་རྣོན་མོ་ཞིག་ཏུ་གྲུབ་འདུག ཡིན་ཡང་རང་ཉིད་དགེ་རྒན་རྒན་པ་ཞིག་ཡིན་པའི་ཁར་རང་ཉིད་ཀྱི་དགའ་ཕྱོགས་དང་རང་ཉིད་ཀྱིས་འབད་འབུངས་བྱེད་འདོད་པའི་ལས་ཀའི་རིགས་སུ་གཏོགས་པས། འདི་ལ་རང་ནུས་ཅི་ལྕོགས་ཀྱིས་སྟོང་ཆ་མི་ལུས་པའི་རྟེན་འབྲེལ་ཙམ་གྱིས་ལན་ཡིན་ནོ་ལོ་ཞིག་གདབ་པར་བྱའོ། །སྤྱིར་སློབ་གྲྭའི་རིག་གནས་ཞེས་ན་འདི་ལ་རིགས་མང་དུ་བགར་ཆོག་སྟེ། ཆེ་ས་ནས་སྤྱིར་བཏང་སློབ་གྲྭའི་རིག་གནས་དང་མི་རིགས་སློབ་གྲྭའི་རིག་གནས། ལག་རྩལ་སློབ་གྲྭའི་རིག་གནས་དང་དགོན་སྡེ་སློབ་གྲྭའི་རིག་གནས། ཆུང་ས་ནསའབྲོག་ཁུལ་གྱི་སློབ་གྲྭའི་རིག་གནས་དང་རོང་ཁུལ་གྱི་སློབ་གྲྭའི་རིག་གནས་སོགས་ཡོད་པར་འདོད་ཅིང་། ང་རང་ཉིད་ལྟ་བུར་མཚོན་ན་གདོང་གཏོད་སའི་སློབ་མ་མང་ཆེ་ཤོས་ནི་འབྲོག་ཁུལ་གྱི་བྱིས་པ་ཡིན་པས། འབྲོག་ཁུལ་གྱི་དམའ་འབྲིང་སློབ་གྲྭ་ཞིག་གི་ངོས་ཐད་ནས་གླེང་ན། སྲོལ་རྒྱུན་འོ་མ་འདྲ་བོའི་རྒྱུན་བསྐྱངས་ནས་དུས་རབས་གསར་བའི་སློབ་གསོའི་བཅུད་འཛོམས་ཏེ། གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་ཞོ་ཞིག་ཆགས་རྒྱུ་དེ་འབྲིང་རིམ་སློབ་གྲྭའི་རིག་གནས་ལ་བཟུང་བའི་ལྟ་བ་ཡིན། དེའི་སྟབས་ཀྱིས་སློབ་སྒྲུབ་ཕུགས་འདུན་ནི་མི་རིགས་རིག་གནས་རྒྱུན་འཛིན་དང་སྣ་མང་འཆམ་མཐུན་མཉམ་སྤེལ་ཞེས་གཏན་ལ་ཕབ་ཡོད། མི་རིགས་རིག་གནས་རྒྱུན་འཛིན་ཐད། དེང་གི་དུས་འདིར་འབྲོག་ཁུལ་ལ་མཚོན་ན་ཁྱིམ་གྱི་སློབ་གསོ་ཉམས་པ་དང་སྒོས་སུ་སྲོལ་རྒྱུན་རིག་གནས་ཉམས་བཞིན་ཡོད་པས། ཡོད་ཚད་རྒུད་ཅིང་ཉམས་པའི་དུས་སྐབས་འདིར་སློབ་གྲྭ་ནི་སྲོལ་རྒྱུན་རིག་གནས་ཀྱི་དབུགས་མཐུད་ས་དང་རྒྱུན་བསྐྱངས་ས་ཞིག་ཏུ་གྱུར་འདུག དེ་བས་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཁྱིམ་བདག་རྣམས་ཀྱི་ཚབ་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་སློབ་ར་དང་སློབ་ཁང་དུ་ནང་འདྲེན་བྱ་དགོས་སྙམ། ལྷག་པར་ཏུ་ཁ་སང་དེ་རིང་གི་དུས་འདིར་དགེ་རྒན་རྣམས་ཀྱིས་སྐད་ཡིག་སློབ་ཁྲིད་ཙམ་ཞིག་ལ་འཐམ་ནས་མི་འདུག་པར་ཁྲིད་སྟེགས་ལས་བབས་ཏེ་ཁྱིམ་ཚང་དུ་བསྐྱོད་ནས་ཁྱིམ་བདག་གི་རྒྱུད་ལ་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་དང་སྲོལ་རྒྱུན་སློབ་གསོའི་ཉིང་བཅུད་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གྱི་ཐད་ལ་བསམ་བློ་བརྗེ་རེས་བྱ་དགོས་སྙམ། དེར་བརྟེན། སློབ་གྲྭ་དང་ཁྱིམ་ཚང་ཟུང་འབྲེལ་བྱེད་པའི་དམིགས་ཡུལ་ཉག་གཅིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྩ་ཆེན་ཞིག་མི་འབོར་བའི་ཆེད་དང་གྲངས་ཉུང་མི་རིགས་འདིའི་རིག་གནས་ཀྱི་རྐང་ཚུགས་པའི་ཆེད་དུ་ཡིན། ཡང་གཅིག་བཤད་ན། སྲོལ་རྒྱུན་རིག་གནས་དེ་སློབ་ར་ནས་རྒྱུན་བསྐྱངས་མ་ཐུབ་ན་སློབ་གྲྭའི་གཡང་ཤོར་བ་དང་མི་རིགས་ཀྱི་ཁྱད་ཆོས་བོར་སོང་སྙམ་པའི་སྣང་ཚུལ་ཞིག་སྐྱེས་ཡོང་། དེར་བརྟེན་སློབ་ར་ནས་སྲོལ་རྒྱུན་རིག་གནས་ཅི་ལྟར་སྤེལ་བ་དང་། ཅིའི་ཕྱིར་སྤེལ་བ། སྤེལ་མཁན་བཅས་ལ་ངང་ངམ་ཤུགས་ཀྱིས་བསམ་བློ་རེ་བཏང་ན། སློབ་རའི་སྲོལ་རྒྱུན་རིག་གནས་དེ་སློབ་གཙོ་ཁོ་ནའི་ལས་ཀ་ཞིག་མ་ཡིན་པར་གཙོ་བོ་འཛིན་བདག་དང་ཁྱིམ་བདག་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པ་དང་། སྒོས་སུ་ཁྱིམ་བདག་གི་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་འཛིན་བདག་གི་བློ་ཐག་རྦད་ཆོད་ཀྱི་རང་ཚུགས་ལ་མ་བརྟེན་ན་སློབ་རའི་རིག་གནས་ཡག་པོ་ཞིག་འཁྱོངས་དཀའ། སྤྱིར་འདི་ལ་ནང་གསེས་སུ་དབྱེ་བ་མང་བས་གླེང་ན་རང་ཉིད་ཉོག་འགྲོ་བ་དང་ཀློག་པ་པོར་ཆད་སྣང་སྟེར་སྲིད་པས་རེ་ཞིག་འདི་ཙམ་གྱིས་རྫོགས་པར་བྱའོ། །
ལྡོང་ལུག་རྫི། དེང་སྐབས་སློབ་གཙོ་ལ་ཕྱེད་ཞིག་གིས་དགེ་རྒན་རྣམས་ལ་འབྲེལ་འདྲིས་ཆེར་མི་བྱེད་པར་གཞུང་ལས་ཁང་སོགས་སུ་ཁེར་འདུག་བྱས་ནས་སློབ་གྲྭར་བདག་དོམ་བྱེད་པའི་སྣང་ཚུལ་ཡོད་པ་དང་། སློབ་གཙོ་ལ་ལ་ཞིག་རྒྱུན་པར་དགེ་རྒན་ཁྲོད་འདྲིས་ནས་ལབ་གླེང་བྱེད་པའི་ཆའང་འདུག་པས་ཁྱེད་རང་གིས་འདིའི་འབྲེལ་བའི་ཐད་ནས་ལྟ་ཚུལ་ཞིག་བརྗོད་ན་ག་འདྲ།
ཡི་དམ་རྡོ་རྗེ། མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར། མི་རེ་རེར་ཐབས་ཤེས་རེ་དང་མི་རེ་རེར་དམིགས་ཡུལ་རེ་ཡོད་པ་རེད། ང་ལ་མཚོན་ན་སློབ་གྲྭ་ནི་ཁྱིམ་ཚང་ཞིག་ཡིན་པའི་དབང་དུ་བཏང་ན་རང་ཉིད་ནི་བཟའ་དཔོན་དང་ཆུང་མ་ནི་ནང་འཛིན། ཕ་དང་མ་ནི་ཁྱིམ་གྱི་རྒྱབ་རྟེན་དང་ནང་ནོམ་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་ཁྱིམ་གྱི་བུ་ཕྲུག་སྐྱོང་དགོས་ན། ནང་འཛིན་གྱི་ཨ་མ་དང་རྒྱབ་རྟེན་གྱི་རྒན་པ་རྣམས་ལ་བརྟེན་དགོས། བུ་ཡ་རབས་ཤིག་སྐྱོང་དགོས་ན་ཁྱིམ་དྲོན་པོ་ཞིག་དགོས་ལ། ཁྱིམ་དྲོན་པོ་ཞིག་དགོས་ན་ནང་མཐུན་པོ་ཞིག་དགོས་པས། བཟའ་དཔོན་གཙོ་བྱས་ཏེ་ཁྱིམ་མི་ཡོངས་ཀྱི་གཅིག་སེམས་གཅིག་སྦྲེལ་དང་དཔུང་བ་མཉམ་གཤིབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་དང་འདྲ་བར་སློབ་གྲྭར་མཚོན་ན་ཡང་སློབ་གཙོས་སྣེ་ཁྲིད་དེ་དགེ་རྒན་དང་ཁྱིམ་བདག་སེམས་ཀྱིས་འབྲེལ་ཏེ་ཐབས་ཀྱིས་སྐྱོང་རྒྱུ་ནི་གནད་ཀྱི་དམ་པ་དེའོ། །
ལྡོང་ལུག་རྫི། ང་ཚོས་དྲྭ་ལམ་ཁག་དང་འབྲེལ་ཡོད་མི་སྣའི་ངག་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཁྱེད་ཀྱི་སློབ་གྲྭས་དམངས་སྲོལ་རིག་གནས་སྣ་ཚོགས་སློབ་རའི་རིག་གནས་ཀྱི་བྱེད་སྒོ་རུ་མཉམ་བསྲེས་ཀྱིས་སྤེལ་བཞིན་པ་མཐོང་མྱོང་ཡོད། དེ་བས་ཁྱེད་ཀྱིས་བལྟས་ན་བྱ་འགུལ་འདིས་སློབ་གྲྭའི་སློབ་གསོ་དང་སློབ་ཁང་སློབ་ཁྲིད་ཀྱི་ཐད་ལ་ནུས་པ་ག་འདྲ་ཐོན་བཞིན་འདུག
ཡི་དམ་རྡོ་རྗེ། སྤྱིར་ན་སྲོལ་རྒྱུན་རིག་གནས་ཞེས་པ་ནི་ཧ་ཅང་སྣ་མང་ཅན་ཞིག་ཡིན་པས། སློབ་གཙོ་ཞིག་ཡིན་པའི་ཆ་ནས་སློབ་གྲྭའི་གནས་བབ་དང་བྱིས་པའི་ལོ་ཚོད་ལ་བསྟུན་ནས་གང་ལ་གང་འཚམ་གྱི་སྲོལ་རྒྱུན་རིག་གནས་རེ་ནང་འདྲེན་བྱེད་ཐུབ་པའི་བློ་མིག་དང་སྤོབས་པ་ལྡན་དགོས་སྙམ། དེ་སྐྱོང་མཁན་དང་སྤེལ་མཁན། འཛིན་མཁན་ནི་ཁྱིམ་བདག་དང་འཛིན་བདག་གཉིས་ལ་རག་ལས་པ་ཡིན། དེ་བས་སློབ་ར་ནས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་བདག་གཉིས་གཅིག་སྐྱོང་གི་ལམ་ལུགས་ཡག་པོ་ཞིག་འཛུགས་དགོས། འདིར་ཆེད་དམིགས་ཀྱིས་གསལ་ཁ་རེ་བཏོད་ན། འཛིན་བདག་ནི་སློབ་རའི་རིག་གནས་ཀྱི་སྲོག་ཤིང་དང་སྲོལ་རྒྱུན་རིག་གནས་ཀྱི་སྣ་འདྲེན་ལྟ་བུར་ཆགས་ཡོད་པས། འཛིན་བདག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་དབང་ཆའང་ཡོད་དགོས། དཔེར་ན། འཛིན་གྲྭ་སུམ་ཅུ་ཡོད་པའི་དབང་དུ་བཏང་ན་འཛིན་བདག་སུམ་ཅུ་ནི་སློབ་གཙོ་སུམ་ཅུ་ཡིན་ལ། སློབ་གཙོ་སུམ་ཅུ་ལ་སྐྱོང་ལུགས་སུམ་ཅུ་ཡོད་དགོས་པ་རེད། འདི་ལ་ད་གཟོད་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བ་རེད་སྙམ། སློབ་གཙོ་ཞིག་ཡིན་པའི་ཆ་ནས་སློབ་མ་སྐྱོང་དགོས་ན་འཛིན་བདག་སྐྱོང་མཁས་བྱ་དགོས། གནའ་དེང་ཟུང་འབྲེལ་ལ་མཁས་པ་དང་གནའ་དེང་ཟུང་འབྲེལ་ལ་དགའ་བའི་འཛིན་བདག་སྐོར་ཞིག་སྐྱེད་སྲིང་བྱེད་མ་ཐུབ་ཚེ། སྤྱོད་ཡོན་གཉིས་ལྡན་གྱི་སློབ་གསོའི་སྡེ་ཡག་པོ་ཞིག་འཛུགས་མི་ཐུབ་པ་དང་། ཡང་ན་ཤེས་བྱ་སྣ་མང་འཛོམས་པའི་སློབ་མ་སྐྱེད་སྲིང་བྱེད་ཐུབ་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་ཆགས་མ་ཐུབ་པ་རེད། ང་ཚོ་མི་རིགས་སློབ་གྲྭ་ཞིག་ལ་མཚོན་ན་འཛིན་བདག་ནི་སློབ་རའི་ཡོད་ཚད་ཡིན་ལ། འཛིན་བདག་གི་ནུས་པས་སློབ་མའི་འཇོན་ཐང་སྔོག་འདོན་བྱ་དགོས་པར་མ་ཟད། ཁྱིམ་ཚང་གི་སློབ་གསོའི་ནུས་པའང་སྔོག་འདོན་དང་དར་སྤེལ་བྱ་དགོས་པས། སློབ་གཙོ་ཞིག་ལ་མཚོན་ན་དགེ་རྒན་མང་པོའི་ཁྲོད་ནས་འཛིན་བདག་བདམས་ཤེས་དགོས་པ་དང་། འཛིན་བདག་རྣམས་ལ་ཞི་རྒྱས་དབང་དྲག་གི་གདམས་པ་གནང་སྟེ། སློབ་གྲྭའི་ཁོར་ཡུག་གི་ཁྲོད་ནས་འཛིན་བདག་རྣམས་ལ་རང་དབང་གི་རྐྱལ་རྩལ་ངོམ་སའི་སྤང་ཐང་དང་རང་སྟོབས་ཀྱི་གཤོག་རྩལ་ངོམ་སའི་མཁའ་དབྱིངས་ཤིག་བསྩལ་ཏེ། འཛིན་བདག་གི་ཕན་ནུས་དེ་སློབ་གྲྭའི་ཁྱབ་ཁོངས་ལས་བརྒལ་ཏེ་དུད་ཁྱིམ་སོ་སོའི་སྒོ་དྲུང་དུ་འབྱོར་དགོས། དེ་ལྟར་མ་ཡིན་པར་ཡོད་ཚད་རེའུ་མིག་གཅིག་དང་ལམ་ལུགས་གཅིག་གི་སྒྲོག་ཏུ་ཚུད་ན་ཕན་འབྲས་གཡུར་དུ་ཟ་བ་ཞིག་ལོན་དཀའ་འོ་སྙམ། མ་ཟད། སྲོལ་རྒྱུན་རྨང་བྱས་ཏེ་དེང་རབས་རིག་གནས་ནང་འདྲེན་བྱེད་བཞིན་པའི་མི་རིགས་སློབ་གྲྭ་ཞིག་ལ་ཆ་མཚོན་ན། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཐད་ལ་ཤུགས་རྒྱག་དགོས་པ་དང་ཆེད་ལས་དགེ་རྒན་གསོ་སྐྱོང་དང་གསར་འཛུགས་བྱ་དགོས། འདི་ནི་ཕྱི་རོལ་གྱི་མཁའ་དབུགས་དང་ཉི་འོད་གསར་བ་འདྲེན་པའི་སྒེའུ་ཁུང་ལྟ་བུ་དང་། ཕྱི་རོལ་གྱི་ཆུ་སྣ་གསར་བ་འདྲེན་པའི་སྦུ་གུ་ལྟ་བུ་ཡིན།
ལྡོང་ལུག་རྫི། ཁྱེད་རང་སློབ་གཙོ་ཞིག་ཡིན་པའི་ངོས་ཐད་ནས་སློབ་གསོའི་ལྟ་གྲུབ་དང་ལག་ལེན་གྱི་བརྒྱུད་རིམ། ཐབས་ཇུས་སོགས་ཀྱི་མྱོང་བ་ཅུང་ཙམ་ཞུས་ན་ག་འདྲ་འདུག
ཡི་དམ་རྡོ་རྗེ། འོ་ལགས་སོ། །ང་ལ་མཚོན་ན་གཞུང་ལུགས་ཀྱི་ལྟ་སྒོ་མེད་ལ་ལག་ལེན་གྱི་མྱོང་བའང་མེད་མོད། འོན་ཀྱང་བོད་ཀྱི་སློབ་གསོའི་གླིང་ཞེས་མི་མགོ་ལྔ་བརྒྱས་ཚོགས་པ་ཞིག་གྲུབ་ཡོད་པ་དེའི་ནང་དུ་བོད་ཀྱི་སློབ་གསོ་བ་མང་བོས་དུས་རྒྱུན་དུ་སློབ་གསོ་གླེང་བ་དང་། སྒོས་སུ་སློབ་གསོ་བ་གྲགས་ཅན་དོ་རྒྱ་བསོད་ནམས་ཚེ་རིང་དང་རྒན་ཁ་བ་ལགས། ཐང་དཀར་རྒོད་པོ་དང་ནག་ཀྱཱ་བ་ཤ་བོ་ཚེ་རིང་། གནའ་དེང་སློབ་གསོའི་རིག་གཞུང་ལ་མཁས་པའི་སློབ་གཙོ་བསོད་ནམས་རྡོ་རྗེ་སོགས་ཀྱི་གདམས་པ་དང་མཛུབ་སྟོན་ལ་གསན་ནས་སློབ་སྒྲུབ་ཐད་ཀྱི་བློ་སྒོ་ཅུང་ཙམ་རེ་ཕྱེ་བ་དང་བློ་སྐྱེད་ཀྱང་མི་དམན་པ་ཞིག་ཐོབ།
གཅིག ཁྱིམ་ཚང་དར་ན་ཡུལ་སྡེ་དར་བ་དང་། ཡུལ་སྡེ་དར་ན་ས་གནས་དར་ཐུབ་ལ། ས་གནས་དར་ན་རྒྱལ་ཁབ་དར་ཐུབ་པས། སློབ་གསོ་ནི་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་གིས་མཛད་པའི་མཉམ་འབྲེལ་གྱི་བྱ་བཞག་ཅིག་ཡིན་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་སོང་། འདི་ནི་ངའི་སློབ་གསོའི་སྒྲུབ་ཐབས་ཡིན་ལ་ཉམས་མྱོང་ཙམ་ཡང་ཡིན་ནོ་སྙམ།
གཉིས། དགེ་གྲོགས་མང་པོ་སེམས་ཀྱིས་བསྐྱངས་ཏེ་སློབ་རའི་རིག་གནས་འཛུགས་སྐྲུན་བྱས་ནས་དགེ་སློབ་ཡོངས་ལ་རིག་གནས་ཀྱི་མཁའ་དབུགས་གསར་བའི་སྲོལ་བཟང་ཞིག་ཆགས་པར་བརྩོན་དགོས།
གསུམ། ཡ་རབས་ཚུལ་ལྡན་དང་སྤྱོད་ཡོན་གཉིས་ལྡན་གྱི་སྡེ་ཞིག་ཆགས་དགོས་ན། དགེ་རྒན་གྱི་ཆེད་ལས་ལ་ཁ་ཕྱོགས་པ་དང་འཛིན་བདག་གསོ་སྐྱོང་ལ་ཤུགས་བརྒྱབ་སྟེ། མར་དྲི་དང་རྩམ་དྲི་བྲོ་བའི་མི་རིགས་ཀྱི་སློབ་གསོའི་སྡེ་ཞིག་འཛུགས་པར་ཤུགས་རྒྱག་དགོས། མདོར་ན། མི་རིགས་སློབ་གསོའི་རང་ཚུགས་མ་ཤོར་བ་དང་སྣ་མང་འཆམ་མཐུན་མཉམ་སྤེལ་ལ་བརྩོན་ལེན་བྱ་དགོས།
2019ལོའི«མང་རྫོང་སློབ་གསོའི་ལྟ་སྐུལ»དེབ་དང་པོའི«སློབ་གསོའི་ཟམ»ལས་དྲངས།

འབྲེལ་ཡོད་འོས་སྦྱོར།