དབུས་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ།:རྒྱལ་མཚན།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2023-03-09
ཀློག་གྲངས།:
དུས་ཚོད། ༢༠༡༨ལོའི་ཟླ༡༡ཚེས༡༣ཉིན། ས་གནས། ལྷ་ས།
བཅར་འདྲི་གནང་མཁན། རྒྱལ་མཚན། ༼༢༠༡༦ལོའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།༽
ཚེ་རིང་དབྱངས་སྐྱིད། འདིའི་སྐོར་ནས་ལྕགས་རྡོར་རྒྱལ་གྱིས་བསྒྲིགས་པའི་བུད་མེད་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་གླེང་བ་ཞེས་པ་ཞིག་ཡོད། དེའི་ནང་གླེང་ཚར་ཡོད་རེད། དེ་ལས་གཞན་པའི་ལྷག་པ་ཞིག་བཤད་རྒྱུ་མི་འདུག ཧི་ཧི་་་་
༢ བྱིས་དུས་ནི་མི་ཞིག་གི་མི་ཚེའི་གོ་རིམ་ནང་ཆེས་ལྷད་མེད་པའི་དུས་རེད། རྒན་ཁྱེད་ཀྱི་བྱིས་དུས་ཏག་ཏག་རིག་གནས་གསར་བརྗེ་ཆེན་མོའི་དུས་ཟིང་ཁྲོད་བསྐྱལ་འོང་འདུག འདིས་ཁྱེད་ཀྱི་མི་ཚེའི་རིན་ཐང་ལྟ་ཚུལ་དང་རྩོམ་རིག་གསར་རྩོམ་ལ་ཤན་ཤུགས་ག་འདྲ་བཟོས་སོང་།
ཚེ་རིང་དབྱངས་སྐྱིད། ད་དེ་དེ་འདྲ་རང་རེད། ང་རང་གཙོ་ཆེ་ཤོས་དེ་གྲོང་གསེབ་ནས་འཚོ་བ་བསྐྱལ་པ་ཡིན་པས། གྲོང་གསེབ་ཀྱི་དམངས་སྒྲུང་དང་དམངས་གླུ་ཡིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད། གཞན་བོད་ཀྱི་ལེགས་བཤད་དང་དམངས་གླུ། གཏམ་དཔེ་སོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞེ་དྲག་ཐེབས་ཡོད་རེད།
༣ རྒྱའི་སྐད་ཀྱི་བོད་ལྗོངས་བརྙན་འཕྲིན་གྱི་འཕྲིན་ལམ་དུ་ཡིད་འཕྲོག་བོད་ལྗོངས་ཞེས་པའི་བཅར་འདྲིའི་ལས་རིམ་ཞིག་ཏུ། ༡༩༨༣ལོར་རྩོམ་འབྲིའི་ལས་ལ་ཐོག་མར་ཞུགས་ཤིང་བརྩམས་སྒྲུང་ཐོག་མ«ང་དང་གཡང་འཛོམས་ཀྱི་ལས་དབང»ཞེས་པ་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བཀོད་ཟེར། ཡང་ཁྱེད་ཀྱི་གསར་རྩོམ་གྱི་མྱོང་བ་གླེང་བ་ཞེས་པའི་ནང་དུ། ༡༩༨༣ལོར«གཅེས་ཕྲུག་གི་མཐའ་འབྲས»ཚགས་པར་དུ་བཀོད་དེ་རྩོམ་ཡོན་ཡང་སྒོར་༡༦རག་རྒྱུ་བྱུང་བ་དང་། སྔ་མ་ཚགས་པར་དུ་བཀོད་ཐུབ་པ་བྱུང་བས་ཕྱིས་ཀྱི་ང་དང་གཡང་འཛོམས་ཀྱི་ལས་དབང་འབྲི་བར་སེམས་ཤུགས་ཆེན་པོ་སྤྲད་སོང་བར་བྲིས་འདུག དེས་ན་ཐོག་དང་པོར་ཚགས་པར་དུ་བཀོད་པའམ་རྩོམ་ཡོན་ཐོབ་མྱོང་བའི་རྩོམ་གྱི་ཐོག་མ་དེ་གང་བཞག་ན་འོས།
ཚེ་རིང་དབྱངས་སྐྱིད། «གཅེས་ཕྲུག་གི་མཐའ་འབྲས»ཞེས་པ་དེ་སྔོན་ལ་བྲིས་པ་དང«གཡང་འཛོམས་ཀྱི་ལས་དབང»ཞེས་པ་དེ་རྗེས་ལ་བྲིས་པ་རེད། རྩོམ་ཡོན་ཐོག་མ་ཐོབ་པའི་བརྩམས་ཆོས་དེ«གཅེས་ཕྲུག་གི་མཐའ་འབྲས»ཞེས་པ་དེ་རེད་ལ་རྩོམ་ཡིག་གི་ཐོག་མ་དེ་ཡང་འདི་ཆགས་ཡོད་པ་རེད།
༣ གོང་གི་བརྩམས་ཆོས་གཉིས་ཀ་ཚགས་པར་དུ་བཀོད་འདུག དེས་ན་དུས་དེབ་སྟེང་བཀོད་པའི་བརྩམས་ཆོས་ཐོག་མ ༡༩༨༣ བྲག་སྟེང་གི་རྩྭ་ཆུང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་པ་དེ་འཇོག་དགོས་པ་ཨེ་རེད།
ཚེ་རིང་དབྱངས་སྐྱིད། ༡༩༨༣ལོ་མ་རེད། གྱ་གསུམ་ལོར་རྩོམ་ཡིག་ཐོག་མ་བྲིས་པ་མ་གཏོགས། བྲག་སྟེང་གི་རྩྭ་ཆུང་ཟེར་ཡ་དེ༡༩༨༧ལོར་བཀོད་པ་རེད། དེ་ང་གསལ་བོ་ཞེ་དྲག་རེད། དེ་དུས་ང་རང་སློབ་གྲྭ་མཐར་ཕྱིན་པའི་ལོ་དེ་རེད། དེ་ངའི་ཚབ་མཚོན་གྱི་བརྩམས་སྒྲུང་ཞིག་ཡིན་ལ་བརྩམས་སྒྲུང་ཡག་ཤོས་ཤིག་ཡིན། རྒྱུ་མཚན་ག་རེ་ཞེ་ན། ང་རང་ཉིད་ཀྱི་སོ་སོའི་འཚོ་བ་དངོས་མཚོན་པའི་གཏམ་རྒྱུད་ཅིག་བྲིས་བཞག་ཡོད་རེད།
༤ ཁྱེད་ཀྱི་ལྷུག་རྩོམ«མི་ཚེའི་འགྲུལ་བཞུད»ཁྲོད། ཁྱེད་ཀྱི་གྲུབ་གཟུགས་མང་པོ་མཐོང་རྒྱུ་འདུག འོ་ན་ཁྱེད་རང་གི་སྒྲུང་གཏམ་ཁྲོད་དུ་ཁྱོད་ཡོད་དམ། ཁོ་བོས་ཉིད་ཀྱི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་ལས«རི་རྩེའི་སྤྲིན་དཀར་ནང་གི་གསལ་སྒྲོན»ཁྱོད་ཡིན་ཡིན་འདྲ་བའི་ཚོར་སྣང་འདུག
ཚེ་རིང་དབྱངས་སྐྱིད། སྤྱིར་བཏང་སྒྲུང་གཏམ་ཕལ་ཆེ་བའི་ནང་ལ་ངའི་གཟུགས་བརྙན་མཐོང་ཡ་མི་འདུག ཡིན་ནའང«རི་རྩེའི་སྤྲིན་དཀར་ནང་ལ་གསལ་སྒྲོན»ཟེར་ཡ་ཞིག་འདུག་པ་དེ་ངའི་འཚོ་བའི་ཆ་ཅུང་ཟད་འདྲེས་ཡོད་རེད། ཆུང་ཆུང་སྐབས་ལ་ང་རང་གྲོང་གསེབ་ནས་འཚོ་བ་བརྒྱབ་ཡོང་བའི་སྐབས་དེ་དུས་ཀྱི་ངའི་དགེ་རྒན་དང་ཧ་ཅང་འདྲ་པོ་འདུག དེ་མ་གཏོགས«མེ་ཏོག་དང་རྨི་ལམ»ནང་ན་ཡོད་མ་རེད། རྩོམ་ཡིག་གཞན་པའི་ནང་ལའང་ཡོད་མ་རེད། «རི་རྩེའི་སྤྲིན་དཀར»ཞེས་པའི་སྒྲུང་དེའི་ནང་གི་གསལ་སྒྲོན་ཞེས་པའི་མི་སྣ་དེ་འབྲི་བའི་སྒང་ལ་སོ་སོའི་གཟུགས་བརྙན་གསར་བཟོ་བྱས་པའི་ཆ་ཡོད་རེད།
༥ བར་སྐབས་ཤིག་ལ་རྩོམ་འབྲིའི་ལས་ཀ་བསྐྱུར་པའི་རྒྱུ་མཚན་ཅི། ༡༩༩༦ལོར་བྱིས་པ་གཉིས་པ་སྐྱེས་པས་སྟོབས་ཤུགས་སྔ་ན་མེད་གནང་བས་སླར་ཡང་འབྲི་མགོ་བརྩམས་ཞེས་པ་འདིར་ཇི་ལྟར་གོ་བ་ལེན་དགོས།
ཚེ་རིང་དབྱངས་སྐྱིད། བྱིས་པ་གཉིས་པ་སྐྱེས་ཚར་བའི་རྗེས་ལ་གཞི་ནས་འཚོ་བ་གཏན་འཁེལ་བྱུང་བ་རེད། མི་ཞིག་ལ་མཚོན་ན་འཚོ་བ་གཏན་འཁེལ་བྱུང་ན་ལྷིང་འཇགས་རེད་པས། དེ་འདྲའི་འོག་ནས་རྩོམ་ཡིག་བྲིས་ན་ཡག་པོ་འཁྱོང་གི་རེད།
༦ «རི་རྩེའི་སྤྲིན་དཀར»ཞེས་པའི་སྒྲུང་དེའི་གཏམ་རྒྱུད་ཀྱི་ས་བོན་སྐོར་ནས་ཁ་བརྡ་ཞིག་བྱས་ན།
ཚེ་རིང་དབྱངས་སྐྱིད། ང་རང་ཆུང་ཆུང་སྐབས་ལ་འཚོ་བ་བརྒྱག་ས་དེ་གྲོང་གསེབ་རེད། དེ་དུས་གྲོང་གསེབ་དེར་དགེ་རྒན་བུད་མེད་ཅིག་སླེབས་པ་རེད། དེ་ཡི་གཟུགས་བརྙན་ཡིན་ན་འདྲ། སྐད་ཆ་བཤད་སྟངས་ཡིན་ན་འདྲ། མདོར་བསྡུས་ནས་བཤད་ན་འགྲོ་འདུག་སྤྱོད་གསུམ་གྱིས་ང་ལ་བསུབ་ཏུ་མེད་པའི་བག་ཆགས་ཆེན་པོ་བཞག་ཡོད་རེད། ཆུང་ཆུང་སྐབས་ལ་བག་ཆགས་བཞག་པ་དེ་ང་ཚོ་ཆེན་པོ་ཆགས་ཀྱང་བརྗེད་འགྲོ་གི་མི་འདུག དེ་བས་དེ་དུས་མི་སྣའི་གཟུགས་བརྙན་གསར་བཞེངས་བྱས་པ་རེད། དགེ་རྒན་དེ་ད་ལྟ་གྲོངས་ཚར་པ་རེད། རྩོམ་ཡིག་ནང་དུ་གཟུགས་བརྙན་དེ་ཙམ་བྲིས་པ་ཙམ་གྱིས་ཡོད་ཚད་དེ་འདྲ་ཡིན་པའི་ཁྱབ་གི་མ་རེད།
༧ རྒན་ཁྱེད་རང་ལ་མཚོན་ན་སློབ་མཐར་ཕྱིན་ནས་ད་ལྟའི་བར་དགེ་རྒན་གྱི་ལས་གནས་སུ་བྱ་བ་གཉེར། འདི་ལྟར་ཁོར་ཡུག་གཅིག་ལས་བསྒྱུར་དུ་མེད་ན་ཉིད་ཀྱི་བརྩམས་ཆོས་མཐོང་སྣེ་ངོས་གཅིག་ལ་གཞོལ་ཡོད་ཕྱིར། ནང་དོན་ཆིག་རྐྱང་དུ་འགྱུར་བའི་ཉེན་ཚབས་འདུག་གམ།
ཚེ་རིང་དབྱངས་སྐྱིད། སློབ་གྲྭ་ཆེན་མོ་ནས་སྒོར་ཐོན་ནས་བཟུང་དགེ་རྒན་གྱི་ལས་ཀ་གཉེར་ནས་བསྡད་པ་རེད། ཡིན་ནའང་དགེ་རྒན་འཚོ་བ་དང་དངོས་སུ་འབྲེལ་བའི་བརྩམས་སྒྲུང་གཅིག་ཀྱང་བྲིས་ཡོད་མ་རེད། «སོ་ནམ་ཤོར་བའི་ལྗང་བུ»ལས་ཕུད་པའི་བྲིས་ཡོད་པ་མ་རེད། ངོ་མ་བཤད་ན་དེ་ང་རང་བློ་ཕམ་བྱེད་ས་ཞིག་རེད། དེ་ལས་གཞན་པའི་རྩོམ་ཡིག་བྲིས་པ་དག་གིས་སྤྱི་ཚོགས་ཀྱི་འཚོ་བ་གཞན་དག་བྲིས་ཡོད། དགེ་རྒན་གྱི་བྱ་བ་གཅིག་པུ་གཉེར་བས་ངའི་རྩོམ་ཡིག་ལ་ཚད་བཀག་ཆེན་པོ་ཐེབས་ཡོད་མ་རེད།
༨ ཁོ་བོས་ཁྱེད་ཀྱི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར་ལས་དཔེ་ཀློག་གིས་ཁྱེད་ཀྱི་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན་ལས་འཚོ་བར་མྱོང་ཞིབ་བྱས་པ་དེས་ཁྱེད་ཀྱི་གསར་རྩོམ་ལ་ཤུགས་རྐྱེན་ཆེ། ཁྱོད་རང་གིས་བལྟས་ན།
ཚེ་རིང་དབྱངས་སྐྱིད། དེ་གཉིས་ཀ་མེད་དུ་མི་རུང་བ་ཞིག་རེད། དཔེ་དེབ་ཀློག་པ་གལ་ཆེན་པོ་ཡིན་པ་དང་འཚོ་བ་དངོས་ལ་མྱོང་ཞིབ་ཀྱང་གལ་ཆེན་པོ་རེད། དཔེ་དེབ་རྐྱང་བར་བལྟས་ཙམ་གྱིས་འཚོ་བར་མྱོང་རྒྱུས་མེད་སོང་ན་འབྲི་ཐུབ་གི་མ་རེད་ལ། ཡང་འཚོ་བ་དངོས་ལ་རྒྱུས་ཞིབ་མོ་ཡོད་ནའང་དཔེ་དེབ་མ་བལྟས་ན་རྩོམ་ཡིག་འབྲི་བའི་སྒྱུ་རྩལ་ཡིན་ནའང་འདྲ། འབྲི་རྩལ་འཛོམས་པོ་མི་འདུག དཔེ་དེབ་བལྟས་ཚར་བའི་རྗེས་ལ་འཚོ་བ་དང་ཟུང་འབྲེལ་ཐུབ་ན་ད་གཟོད་བློ་སྐྱེད་དང་ཐབས་ཤེས་མཉེས་ཐུབ་པ་རེད། འཚོ་བ་དེ་མེད་སོང་བ་ཡིན་ན་སྒྱུ་རྩལ་མེད་པ་ཆགས་རེད།
༩ ཁྱེད་ཀྱི་སྒྲུང་ནང་གི་མི་སྣ་བྱིས་པ་ཞིག་ཡིན་ཚེ་བྱིས་བློ་ཤ་སྟག་གིས་གྲུབ་པའི་སེམས་ཁམས་དང་བྱ་བྱེད་བྲིས་པ་འབུར་དུ་ཐོན་འདུག གཞན་ཁྱེད་ཀྱི་ལྷུག་རྩོམ«བྱིའུ་ཕྲུག་ཐང་གྱར»དང«སྣམ་བུ་ལྷགས་པས་འཁྱེར»གྱིས། ཤེལ་དམ་ཆག་པའི་ཆག་སྒོ་བཅས་ལས་བྱིས་དུས་ཀྱི་བསམ་ཕྱོགས་དང་ནང་སེམས་ཀྱི་འགལ་འདུ། དྲན་འཆར་མ་ལུས་ཡིག་ངོར་བཀོད་པ་གནད་དུ་ཐོན་འདུག ཁྱེད་རང་ལོ་ན་ཆེར་ཆགས་དུས་བྱིས་པའི་འཚོ་བ་སྔར་བཞིན་གསོན་ཉམས་ལྡན་པར་འབྲི་ཐུབ་པ་འདིའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས།
ཚེ་རིང་དབྱངས་སྐྱིད། བྱིས་པའི་འཚོ་བ་དེ་ད་ལྟ་བསམ་བློ་བཏང་པ་ཡིན་ནའང་ཆ་ཚང་བློ་ན་འདུག ད་ལྟ་ཆེར་ཆགས་ནའང་གསལ་ནས་གསལ་དུ་འགྲོ་གི་རེད་མ་གཏོགས་བརྗེད་གི་མ་རེད། རྨི་ལམ་ཞིག་བཏང་པ་ཡིན་ནའང་བྱིས་དུས་ཀྱི་འཚོ་བ་རྨིས་གི་རེད། ངའི་ལོ་བཞི་བཅུ་ནས་ལྔ་བཅུའི་བྱ་བ་ཤོད་ཟེར་ན་དྲན་གི་མི་འདུག ཡིན་ནའང་ལོ་བཅུ་གསུམ་སྔོན་གྱི་བྱ་བ་ཞིག་ཤོད་ཅེས་ན་ཆ་ཚང་བཤད་ཐུབ། མི་ག་འདྲ་ཞིག་ལ་སྐད་ཆ་བཏང་བ་སོགས།
༡༠ ཁྱེད་ཀྱི་སྒྲུང་རིང«མེ་ཏོག་དང་རྨི་ལམ»ཞེས་པའི་ཁ་བྱང་གི་"མེ་ཏོག"སྒྲུང་ནང་གི་མི་སྣ་བཞིའི་མིང་ཕྱི་མ་ལ་མེ་ཏོག་བཏགས་ཡོད་པས་དེ་ལྟར་བཏགས་པ་ཡིན་ནམ་མི་སྣ་བཞི་བོའི་ལང་ཚོའི་མེ་ཏོག་གཞན་དབང་དུ་གྱུར་བ་འདིའི་ཐད་ནས་བཏགས་པ་ཡིན།
ཚེ་རིང་དབྱངས་སྐྱིད། ད་དེ་འདྲ་རེད། ལང་ཚོ་མེ་ཏོག་དང་འདྲ་བ་རེད། ལང་ཚོ་དེ་ཡང་རྨི་ལམ་དང་འདྲ་བ་ཞིག་རེད་ཅེས་ངས་བཤད་ཡོད་རེད། སྤྱིར་བཏང་སྒྲུང་ནང་གི་བུ་མོ་རེ་རེར་མེ་ཏོག་གི་མིང་བཏགས་སོང་བ་ཡིན་ན་ཁྱད་ཆོས་འབུར་དུ་ཐོན་པ་རེད། སྒྲོལ་དཀར་ཞེ་ན་མང་པོ་ཞིག་གི་ཧ་གོ་གི་མ་རེད། དེ་དག་རེ་རེ་པད་ཁའི་མེ་ཏོག བ་ལུའི་མེ་ཏོག ཨུག་ཆོས་མེ་ཏོག ལྟོགས་ལྷ་མེ་ཏོག་ཅེས་མེ་ཏོག་དག་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ན་མི་དེའི་མིང་བཏགས་པ་ལའང་དེ་བས་ཀྱང་ཡག་པོ་ཡོང་གི་རེད། མིང་འདོགས་གཞན་ཞིག་གིས་ཟུར་བརྒྱན་ན་ཁོའི་གཟུགས་བརྙན་དེ་འབུར་དུ་ཐོན་ཐུབ། དེ་འདྲ་ཡིན་ཙང་། ཨུག་ཆོས་མེ་ཏོག་ཅེ་ན་སྣང་བརྙན་ཞིག་མཚོན་གི་ཡོད་རེད་ལ། མེ་ཏོག་དེ་ཡི་ཁྱད་ཆོས་དང་བུ་མོ་དེ་ཡི་རང་གཤིས་དམ་པོར་སྦྲེལ་ཡོད་རེད། དཔེར་ན། ང་ཚོ་ལྟོགས་ལྷ་མེ་ཏོག་ཟེར་ན་ཞའོ་ལི་རེད་པས། དེ་འདྲ་ཡིན་ཙང་མོ་འཚོ་བའི་ཁྲོད་སེར་སྣ་ཆེན་པོ་འདུག་ག མེ་ཏོག་དེ་ཡི་ཁྱད་ཆོས་བུ་མོ་དེ་དང་འདྲ་ཡི་ཡོད་ལ་བུ་མོ་དེ་ཡི་རང་གཤིས་མེ་ཏོག་དེ་དང་མཐུན་པ་དེ་འདྲའི་ངང་མིང་བཏགས་ཡོད་རེད། མིང་དེ་འདོགས་པའི་དུས་ལ་བསམ་གཞིག་ཞེ་དྲག་བཏང་ཡོད།
༡༢ མི་ཚོས་ནམ་རྒྱུན་སྒྲུང་གཏམ་འབྲི་རྒྱུ་ནི་མི་ཚེགས་ཡང་ཞིག་དང་སྒྱིད་ལུག་མེད་པ་ཞིག་གི་ལས་ཀ་རེད་ཟེར། སྒྲུང་གཏམ་གྱིས་དུས་ཚོད་ཀྱི་བར་སྟོང་ངེས་ཅན་ཞིག་འཕྲོག་ངེས། ཁྱེད་བཟའ་མི་གཉིས་ཀྱིས་དུས་ཚོད་མང་པོ་རྩོམ་འབྲིའི་ལས་ལ་བསྟིམས་ན་འཚོ་བའི་ཁྲོད་འགལ་འཛོལ་མཆིས་སམ།
ཚེ་རིང་དབྱངས་སྐྱིད། ངེད་གཉིས་ལ་ཆ་བཞག་ན་འཚོ་བའི་ཁྲོད་འགལ་བ་གང་ཡང་ཡོད་མ་རེད། ག་རེ་ཟེར་ན། གཉིས་ཀའི་དགའ་ཕྱོགས་མོས་གཅིག་རེད་ལ། ཁོ་ང་ལ་རྒྱབ་སྐྱོར་བཅས་རེད་ལ་ངས་ཀྱང་ཁོར་རྒྱབ་སྐྱོར་བཅས་གི་རེད། གལ་སྲིད་ངའི་ཁྱོ་ག་མི་གཞན་ཞིག་ཡིན་པའི་དབང་དུ་བཏང་ན་འཚོ་བའི་ཁྲོད་འགལ་བ་མཆིས་ཀྱང་སྲིད་ཀྱི་རེད། ངེད་གཉིས་དེ་འདྲ་མ་རེད། དེ་བས། ཕན་ཚུན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤྲད་ཀི་རེད་མ་གཏོགས་དེ་རིང་ཁྱོད་ཟ་མ་ལས་ངས་རྩོམ་ཡིག་འབྲི་དེ་འདྲ་ཡོད་མ་རེད།
༡༢ སྔ་མའི་སྒྲུང་ཐུང་ལེགས་སྒྲིག«རི་རྩེའི་སྤྲིན་དཀར»དང་ཕྱི་མའི་སྒྲུང་རིང«མེ་ཏོག་དང་རྨི་ལམ»གཉིས་བར་ལོ་དུ་མས་ཆོད་འདུག ཁྱོད་རང་གིས་བལྟས་ན་འདི་གཉིས་བར་གྱི་ཧེ་བག་ཆེ་ཤོས་དེ་གང་རེད།
ཚེ་རིང་དབྱངས་སྐྱིད། རི་རྩེའི་སྤྲིན་དཀར་ལ་ཆ་བཞག་ན་སོ་སོ་རྩོམ་འབྲི་བའི་སྦྱོར་བརྡར་ཚུལ་དུ་བྲིས་པ་རེད། མེ་ཏོག་དང་རྨི་ལམ་ལ་ཆ་བཞག་པ་ཡིན་ན། བསམ་བློ་ཞེ་དྲག་བཏང་བ་དང་ཐེངས་མང་པོར་བལྟས་ཏེ་བྲིས་བ་ཞིག་རེད་ལ། ལོ་བདུན་རིང་བྲིས་བ་ཡིན་ཏེ། ༢༠༠༩ལོའི་ཟླ་བ་བརྒྱད་པ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་ལྔ་བའི་བར་བྲིས། ང་རང་ངོས་ནས་ཆ་བཞག་ན་སྒྱུ་རྩལ་ཐད་ནས་ཐོལ་བརྒལ་བྱུང་ཡོད་བསམས་བསམས་ཞིག་རེད།
༡༣ ཁྱེད་ཀྱི་སྒྲུང་རྩོམ་སྔ་མ་དག་ཏུ་བུད་མེད་དམ་ན་ཆུང་གཞོན་ནུའི་གནས་སྟངས་གང་ཞིག་ལ་གདུང་བའི་ཚུལ་བྲིས་པ་བརྒྱུད། མི་ཆོས་ཀུན་སྤྱོད་ཀྱི་སྒོ་ནས་སྒྲུང་ནང་གི་ལྡོག་ཕྱོགས་མི་སྣར་ཁ་རྡུང་གཏོང་བ་ཤུགས་ཆེ་བར་སྣང་། འོན་ཀྱང་། སྒྲུང་རིང«མེ་ཏོག་དང་རྨི་ལམ»ལས་བུད་མེད་བཞིའི་འཚོ་གནས་ཀྱི་དཀའ་སྡུག་ཉམ་ང་སྙིང་རྗེ་ཡུལ་དུ་གྱུར་ནའང་། གཞང་འཚོང་མའི་ལས་བདམས་མི་རིགས་པའི་བསམ་གཞིགས་ཀྱི་བར་སྟོང་ཞིག་བསྐྲུན་པའི་ཞར་ལ། བོད་རིགས་གཞོན་ནུ་མའི་བདེ་ཐང་མི་རིགས་ཧྲིལ་པོའི་བདེ་ཐང་ཡིན་པའི་རེ་འབོད་ཀྱིས་སྤྱི་ཚོགས་ཀྱི་ཕན་འབྲས་ཤིག་ལ་བསྙེགས་ཡོད་པ་འདྲ། རྒན་ཁྱེད་རང་གིས་བརྩམས་ཆོས་འདིའི་མཛེས་སྡུག་གི་ཆ་དེ་གང་ལ་ངོས་འཛིན་གྱི་ཡོད།
ཚེ་རིང་དབྱངས་སྐྱིད། སྒྲུང་གཏམ་དེ་འབྲི་ཚར་བའི་སྒང་ལ་ང་རང་གི་བསམ་པ་ལ་སྐད་ཆའི་སྒྱུ་རྩལ་དེ་ཅུང་ཞན་གི་འདུག བརྩམས་སྒྲུང་བྲིས་པ་ཡིན་ནའང་ཚིག་སྦྱོར་དེ་སྙན་ངག་འདྲ་བ་ཞིག་འབྲི་ཐུབ་དགོས་པ་རེད་ལ། ཡིན་ཙང་། ངའི་རྩོམ་ལ་ཆ་བཞག་ན་དེ་འདྲ་ཞིག་བྲིས་ཐུབ་ཡོད་མ་རེད། དཔེར་ན་ང་ཚོ་ག་རེ་ཟེར་ན། ཀི་ཏི་ཡིས་བྲིས་པའི་少年维特的烦恼ལྟ་བུར་མཚོན་ན་ཡིན་པ་བརྩམས་སྒྲུང་རེད། ཡིན་ནའང་ཁོའི་སྐད་ཆ་དེ་སྙན་ངག་འདྲ་བ་ཞིག་བྲིས་ཡོད་རེད། བོད་ཀྱི་རྩོམ་པོ་པདྨ་ལྷག་སྒྲོན་གྱི་བརྩམས་སྒྲུང་ལ་མཚོན་ན་སྙན་ཆ་ཞེ་དྲག་ཡོད་རེད། སྐད་ཆའི་སྒྱུ་རྩལ་ཐོག་ནས་རང་གི་དེ་ཚིག་ཉོག་ཅིག་རེད་བསམས་པའི་མ་འདང་བའི་ཆ་ཡོད་རེད། སྐད་ཆའི་སྒྱུ་རྩལ་ཅུང་ཟད་ཚིག་སྦྱོར་སྙན་པར་བཏང་པ་ཡིན་ན་མེ་ཏོག་རྨི་ལམ་དེ་དེ་བས་ཀྱང་ཡག་པོ་ཡོང་གི་རེད་བསམས་བསམས་ཞིག་འདུག
༡༥ རྒན་བཀྲ་ཤིས་དཔལ་ལྡན་ལ་བཅར་འདྲི་བྱས་པ་ཞིག་ཏུ་ཁྱེད་གཉིས་ཀྱི་བུ་མོ་རྩོམ་རིག་ལ་མོས་པ་ཟབ་ཅིང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་ལ་ཤིན་ཏུ་འཇོན་པོ་འདུག་ཟེར། དེས་ན་ཁྱོད་རང་ནས་མ་འགྲུབ་པའི་ལས་འགན་བུ་མོར་བཅོལ་རྒྱུའི་བསམ་འདུན་འདྲ་ཨེ་ཡོད།
ཚེ་རིང་དབྱངས་སྐྱིད། དེ་འདྲ་ཡོད་མ་རེད། བྱ་ཞིག་ལ་ཆ་བཞག་ན་གཤོག་རྩལ་རྒྱས་དུས་གང་ལ་འཕུར་ན་འཕུར་རྒྱུ་རེད། ངས་ཁྱོད་གཏོང་གི་མིན་ཆོག་གི་མེད། ངས་བུ་མོ་ལ་རང་དབང་སྤྲད་ཡ་དེ་ཤུགས་ཆེན་པོ་རེད། དཔེར་ན་སློབ་གྲྭ་ཆེན་མོ་འགྲོ་དུས་ཆེད་ལས་འདེམ་ཡ་ཡིན་ན་འདྲ། མི་ཚེ་ཡི་འཚོ་བ་གདམ་ཀ་བྱེད་པའི་སྒང་ལ་བཀག་འགོག་ཅི་ཡང་བྱེད་ཀི་མེད། རྒྱུ་མཚན་ག་རེ་ཟེར་ན། སོ་སོས་འཇོན་པ་ཡིན་ན་ཕ་མས་རྒྱབ་སྐྱོར་བྱས་ན་འགྲིག་གི་རེད། མདོར་བསྡུས་ནས་བཤད་ན་སོ་སོ་སྤྲོ་སྣང་ལྡན་པ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་ཡིན་ན་ཨ་མའི་རེ་བ་འགྲུབ་སོང་ཟེར་བ་མ་གཏོགས་ང་རང་གིས་མ་འགྲུབ་པའི་རེ་བ་བུ་མོའི་སྟེང་ལ་རྩ་བ་ནས་བཅོལ་མྱོང་མེད། ཡིན་ནའང་ངའི་བུ་མོ་ད་ལྟའི་ངོས་ནས་ཆ་བཞག་ན། ག་རེ་ཟེར་ན་ཧ་ཅང་གི་ཡག་པོ་ཡོད། མོའི་མི་གཤིས་ཡིན་ན་འདྲ་རིག་གནས་ཡིན་ན་འདྲ། གང་ཅིའི་ཐད་ནས་སྐྱོན་མེད་པ་ཆགས་ཡོད། ཕྲུ་གུ་གཉིས་ཀར་མི་གཞན་པའི་ཕ་མ་ནང་བཞིན་གནོན་ཤུགས་ཅི་ཡང་སྤྲད་མྱོང་མེད། རང་དབང་རེད། གཏམ་བརྗོད་རང་དབང་རེད་ལ་གྱོན་པ་གྱོན་སྟངས་རང་དབང་རེད། ཟ་མ་ཟ་ཡ་རང་དབང་རེད། དགའ་ཕྱོགས་མོས་ཕྱོགས་རང་དབང་རེད། དཔེར་ན་ངའི་སེམས་པའི་ནང་ལོག་ལ་སློབ་གྲྭ་ཆེན་མོར་འགྲོ་དུས་མོའི་རྩིས་ཚན་ཡག་པོ་ཞེ་དྲག་ཡོད་རེད། མོ་ཨེམ་རྗེ་ཞིག་བྱས་ན་བསམ་པ་རེད། ཡིན་ནའང་མོ་བཅའ་འདོད་ཡོད་མ་རེད། མོའི་དངོས་ཁམས་དང་ཨང་རྩིའི་ཧ་ཅང་གི་ཡག་པོ་ཡོད་རེད།
༡༦ སྤྱིར་སྒྲུང་གཏམ་འབྲི་ཚུལ་ལ་རྩོམ་པ་པོ་སྒྲུང་གཏམ་གྱི་ཕྱི་ལ་བུད་དེ་སྤྲོས་བརྗོད་ཀྱི་སྒོ་ནས་འབྲི་བའི་རིགས་ཤིག་དང་། རྩོམ་པ་པོ་སྒྲུང་གཏམ་ནང་དུ་ཞུགས་ཏེ་མངོན་སྣང་གིས་འབྲི་བ་གཉིས་ཡོད་པ་ལས། རྒན་ཁྱེད་རང་ཐབས་རྩལ་འདི་གཉིས་ཀྱི་གང་ལ་མོས།
ཚེ་རིང་དབྱངས་སྐྱིད། ད་དེ་གཉིས་ཀ་འདྲ་འདྲ་བྲིས་ཡོད་རེད། མཚམས་རེར་ང་ནང་ལ་ཞུགས་ནས་འབྲི་གི་ཡོད་རེད་ལ་མཚམས་རེར་ང་མི་གཞན་ཞིག་གི་ཐོག་ནས་འབྲི་དུས་ཀྱང་ཡོད་སྲིད་རེད། ཡིན་ནའང་མང་པོ་ཞིག་ཕྱི་མ་འདི་ཤུགས་ཆེ་བ་ཡོད་རེད། སོ་སོ་རྩོམ་པ་པོ་སྒྲུང་གཏམ་ནང་ལ་ཞུགས་འབྲི་ཡ་དེ་རྒྱུ་མཚན་ག་རེ་ཟེར་ན་མི་སྣ་ཞིག་གསར་བཞེངས་བྱེད་དུས་ཙམ་ལ་སོ་སོ་ཤན་ཤུགས་འགྲོ་གི་རེད་ལ། ཕྱི་མ་དེ་ཤུགས་ཆེ་གི་རེད།
༡༧ ཁྱེད་ཀྱི་ཁྱོ་གར་མཚོན་ན་བོད་ཀྱི་རྩོམ་སྟེགས་ཁྲོད་གོ་གནས་གཟེངས་སུ་མཐོ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པའི་རྩོམ་པ་པོ་ཞིག་རེད། ཉིད་ཀྱི་གསར་རྩོམ་ལ་ཁྱོ་གས་ཤུགས་རྐྱེན་ག་འདྲ་འདུག
ཚེ་རིང་དབྱངས་སྐྱིད། ཁོ་རང་གི་བརྩམས་སྒྲུང་གིས་ང་ལ་ཤུགས་རྐྱེན་ཐེབས་ཡ་ཟེར་བ་ཧ་ལམ་དྲན་ཡ་མེད་ཚོད་དུ་འདུག ངས་ཁོའི་རྩོམ་ཡིག་ལ་བལྟས་ཏེ་ང་ལ་ཤུགས་རྐྱེན་ཐེབས་སོང་བ་ཧ་ལམ་མེད། ཡིན་ནའང་གཅིག་གིས་གཅིག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་ཁ་འབྲལ་ཐབས་ཡོད་མ་རེད།
༡༨ ཁྱེད་ཀྱི་སྒྲུང་གཏམ་ཁྲོད་ཡུལ་སྐད་མང་ཙམ་འདུག འདིས་ལྷ་སའི་ལུང་པའི་ཀློག་མཁན་གྱི་ངོས་ནས་སྒྲུང་ནང་གི་འཚོ་བའི་བདེན་པ་མཐོ་རུ་འདེགས་པར་དགེ་མཚན་མཆིས་མོད། ང་ལྟ་བུའི་ཨ་མདོའི་ཀློག་པ་པོ་ཞིག་གམ་ཡུལ་ལུང་གཞན་པའི་ཀློག་མཁན་ལ་ཅུང་གོ་དཀའ་བར་སྣང་། གནད་དོན་འདི་ཅི་ལྟར་སྙོམས་སྒྲིག་བྱས་ན་བཟང་།
ཚེ་རིང་དབྱངས་སྐྱིད། ངའི་བསམ་པ་ལ་གནས་ཚུལ་དེ་དེ་རེད་ཞ། ཨ་མདོའི་རྩོམ་པ་པོ་ཞིག་གིས་བྲིས་པ་ཡིན་ན་ཨ་མདོའི་ཁ་སྐད་མང་པོ་ཞིག་བེད་སྤྱོད་བྱས་ཡོད་རེད། དེ་ལྟར་བྲིས་པ་ཡིན་ན་ཨ་མདོའི་འཚོ་བ་དེ་གསོན་ཤུགས་ཅན་ཞིག་ཡོང་གི་རེད། ངེད་ཀྱིས་འཚོ་བ་འབྲི་ས་དེ་དབུས་གཙང་ཡིན་དུས་ཙམ་ལ་དབུས་གཙང་གི་ཡུལ་སྐད་དེ་བེད་སྤྱོད་བྱས་ཏེ་བྲིས་པ་ཡིན་ན་རྩོམ་དེའི་ནང་ལོག་ལ་ང་རང་གི་ངོས་ནས་གང་གཙོ་ཆེ་བ་དེ་ཡུལ་སྐད་སྤྱོད་གི་ཡོད། རྒྱུ་མཚན་ག་རེད་ཟེར་ན། ཨ་མདོའི་སྐད་དུ་ཞི་ལི་ཟེར་བ་ང་ཚོས་ཧ་གོ་གི་མ་རེད། ག་རེ་ཟེར་གི་རེད་པས་ཟེར་གི་རེད། ཨོ་ལོ་ཞེས་བོས་ན་ལམ་སང་ལན་བརྒྱག་གི་རེད། དེ་དང་གཅིག་པ་རེད། ང་ཚོ་བརྩམས་སྒྲུང་ཞིག་ལ་ཆ་བཞག་ན་གྲོང་གསེབ་ཀྱི་འཚོ་བ་ཞིག་བྲིས་པ་ཡིན་ན་གྲོང་གསེབ་ཀྱི་སྐད་ཆ་སྤྱད་གི་རེད། ལྷ་སའི་སྐོར་གྱི་འཚོ་བ་ཡིན་ན་ལྷ་སའི་སྐད་བྲིས་གི་རེད། གལ་སྲིད་ངས་ཨ་མདོའི་ཀློག་པ་པོ་ཁ་གཏད་པ་ཡིན་ན། མེ་ཏོག་དང་རྨི་ལམ་གྱི་འཚོ་བ་དེ་དེ་འདྲའི་གསོན་ཉམས་ལྡན་པ་ཡོང་ཁག་པོ་རེད། ཨ་མདོའི་ཀློག་པ་པོས་ཀློག་མྱོང་ཡོད་མེད་གསལ་ཆ་མེད། ཡིན་ནའང་དབུས་གཙང་གི་མིའི་ནང་ལ་ཐེངས་གསུམ་ཀློག་མྱོང་། བཞི་ཀློག་མྱོང་ཟེར་མཁན་མང་པོ་རེད། ལྷུག་རྩོམ་ཡིན་སོང་ན་སྤྱི་སྐད་ཐོག་ནས་ཤུགས་ཆེ་བ་འབྲི་དགོས་རེད། སྒྲུང་གཏམ་ཞིག་ལ་ཆ་བཞག་ན་ང་རང་གི་ངོས་ནས་ཡུལ་གང་གི་ཡིན་ན་ཡུལ་དེའི་སྐད་སྤྱད་འོས། དཔེར་ན་ཨ་མདོ་བས་གྲྭ་བ་ལ་ཨ་ཁུ་ཟེར་ག ང་ཚོ་ལ་ཕའི་གཅེན་པོ་ཨ་ཁུ་ཟེར་རེད། ང་ཚོས་དགེ་འདུན་པ་དང་གྲྭ་བ། སྐུ་ཞབས་ཟེར། ངའི་ཁྱིམ་ན་དེ་རིང་ཨ་ཁུ་ཡོད་ཟེར་ན་ཨ་ཕའི་ནུ་བོ་དང་གཅེན་པོ་ཡོད་ཟེར་བའི་དོན་རེད། སྤྱིར་ན་ང་རང་གི་བསམ་ལ་ཨ་མདོ་དང་དབུས་གཙང་གཉིས་ཀྱིས་གཅིག་གིས་གཅིག་ལ་བསྟུན་པ་ཡིན་ན་ཆོལ་ཁ་གསུམ་པོའི་སྐད་དེ་ཚང་མས་གོ་ཐུབ་པ་ཞིག་ཡོང་གི་རེད། དེ་མ་གཏོགས་ང་དབུས་པ་ཡིན། ང་ཨ་མདོ་ཡིན་བྱས་བསྡད་ན་ཏག་ཏག་ཡག་པོ་ཡོང་གི་མི་འདུག དེ་སྔོན་ལྷ་སའི་འཚོ་བ་མཚོན་པ་ཞིག་ཨ་མདོ་ཞིག་གིས་བསྒྱུར་འདུག་པ་ཡག་པོ་མི་འདུག རྒྱུ་མཚན་ག་རེ་ཟེར་ན་དེའི་ནང་ལོག་སྐུ་དྲག་གི་འཚོ་བ་མཚོན་པ་འདུག གྲལ་རིམ་སྐོར་ཡོད་རེད། དཔེར་ན་ཇ་འཐུང་ཟེར་བ་ཞིག་ལ་གསོལ་ཇ་མཆོད། གསོལ་ཇ་བཞེས། གསོལ་ཇ་གནང་ལ་སོགས་པའི་ཞེ་ཚིག་མང་པོ་འདུག ཁོ་ཡོད་མ་རེད། དཔེ་དེ་བཞིན་རེད།
རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས།
ཚེ་རིང་དབྱངས་སྐྱིད། སྤྱི་ལོ1987ལོར་བོད་ལྗོངས་སློབ་ཆེན་ནས་ཐོན་ཏེ2017ལོར་རྒན་ཡོལ་མ་ཞུས་བར་སློབ་ཁྲིད་ཀྱི་བྱ་བ་བསྒྲུབས། ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ལས་བྲེལ་ཆེ་བའི་སློབ་ཁྲིད་ཀྱི་ཞོར་དུ་བརྩམས་སྒྲུང་གཙོ་བོར་བྱས་པའི་རྩོམ་རིག་བརྩམས་ཆོས་ཀྱི་རྩོམ་འབྲི་རྒྱུན་འཁྱོངས་བྱས་ཤིང་། སྔ་རྗེས་སུ་བརྩམས་སྒྲུང་འབྲིང་ཐུང་ཕྱོགས་བསྒྲིགས«རི་རྩེའི་སྤྲིན་དཀར»དང་། ལྷུག་རྩོམ་ཕྱོགས་བསྒྲིགས«མི་ཚེའི་འགྲུལ་བཞུད» «ཟླ་འོད་འོག་གི་དྲན་འཆར» བརྩམས་སྒྲུང་རིང་གྲས«མེ་ཏོག་དང་རྨི་ལམ»བཅས་པར་སྐྲུན་བྱས། སྔ་ཕྱིར་རྒྱལ་ཡོངས་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་བུམ་པའི་བྱ་དགའ་དང་། སྦྲང་ཆར་རྩོམ་རིག་བྱ་དགའ། གངས་རྒྱན་བུམ་པའི་བྱ་དགའ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སོགས་ཐོབ་མྱོང་།
བཅར་འདྲ་གནང་མཁན་རྒྱལ་མཚན་ལགས།
༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ད་ལྟ༼༢༠༢༣༽མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་གློག་བརྙན་སྐད་སྦྱོར་པའི་བྱ་བ་སྒྲུབ་བཞིན་མཆིས།
བཅར་འདྲི་གནང་མཁན། རྒྱལ་མཚན། ༼༢༠༡༦ལོའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།༽
རྒྱལ་མཚན་ནས་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ལ་བཅར་འདྲི་གནང་བཞིན་པ།
༡ རྒན་ལགས། བདེ་མོ། ཐོག་མར་ངས་ཁྱེད་ལ་འདྲི་འདོད་པ་ཉིད་ཀྱི་ལོ་རྒྱུས་ཟེར་ན་འདྲ། འཚར་ལོངས་ཀྱི་གོ་རིམ་ལ་རྒྱུས་ལོན་ཞིག་ཐུབ་ན་བསམས་བྱུང་། མིག་སྔར་ཁྱེད་ཀྱི་མི་ཚེ་མྱོང་རྒྱུས་ལ་བརྟག་པའི་དཔེ་དེབ་གཅིག་ཡོད་པ་ནི་ཁྱེད་ཀྱིས་བརྩམས་པའི«མི་ཚེའི་འགྲུལ་བཞུད»ཅེས་པའི་དེབ་དེ་རེད། དེས་ན་རྒན་ཁྱེད་ནས་རང་གི་ཆུང་དུས་ཀྱི་འཚོ་བའི་ཁོར་ཡུག་དང་འབྲེལ་ཏེ་རང་གི་ཕ་ཡུལ་དང་ཕ་མ་གཉེན་ཚན། སྐབས་དེའི་སྤྱི་ཚོགས་གནས་བབས། འཚར་ལོངས་བྱུང་སའི་ཁོར་ཡུག་སྐོར་ནས་ཅུང་ཟད་གླེང་རོགས།ཚེ་རིང་དབྱངས་སྐྱིད། འདིའི་སྐོར་ནས་ལྕགས་རྡོར་རྒྱལ་གྱིས་བསྒྲིགས་པའི་བུད་མེད་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་གླེང་བ་ཞེས་པ་ཞིག་ཡོད། དེའི་ནང་གླེང་ཚར་ཡོད་རེད། དེ་ལས་གཞན་པའི་ལྷག་པ་ཞིག་བཤད་རྒྱུ་མི་འདུག ཧི་ཧི་་་་
༢ བྱིས་དུས་ནི་མི་ཞིག་གི་མི་ཚེའི་གོ་རིམ་ནང་ཆེས་ལྷད་མེད་པའི་དུས་རེད། རྒན་ཁྱེད་ཀྱི་བྱིས་དུས་ཏག་ཏག་རིག་གནས་གསར་བརྗེ་ཆེན་མོའི་དུས་ཟིང་ཁྲོད་བསྐྱལ་འོང་འདུག འདིས་ཁྱེད་ཀྱི་མི་ཚེའི་རིན་ཐང་ལྟ་ཚུལ་དང་རྩོམ་རིག་གསར་རྩོམ་ལ་ཤན་ཤུགས་ག་འདྲ་བཟོས་སོང་།
ཚེ་རིང་དབྱངས་སྐྱིད། ད་དེ་དེ་འདྲ་རང་རེད། ང་རང་གཙོ་ཆེ་ཤོས་དེ་གྲོང་གསེབ་ནས་འཚོ་བ་བསྐྱལ་པ་ཡིན་པས། གྲོང་གསེབ་ཀྱི་དམངས་སྒྲུང་དང་དམངས་གླུ་ཡིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད། གཞན་བོད་ཀྱི་ལེགས་བཤད་དང་དམངས་གླུ། གཏམ་དཔེ་སོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞེ་དྲག་ཐེབས་ཡོད་རེད།
༣ རྒྱའི་སྐད་ཀྱི་བོད་ལྗོངས་བརྙན་འཕྲིན་གྱི་འཕྲིན་ལམ་དུ་ཡིད་འཕྲོག་བོད་ལྗོངས་ཞེས་པའི་བཅར་འདྲིའི་ལས་རིམ་ཞིག་ཏུ། ༡༩༨༣ལོར་རྩོམ་འབྲིའི་ལས་ལ་ཐོག་མར་ཞུགས་ཤིང་བརྩམས་སྒྲུང་ཐོག་མ«ང་དང་གཡང་འཛོམས་ཀྱི་ལས་དབང»ཞེས་པ་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བཀོད་ཟེར། ཡང་ཁྱེད་ཀྱི་གསར་རྩོམ་གྱི་མྱོང་བ་གླེང་བ་ཞེས་པའི་ནང་དུ། ༡༩༨༣ལོར«གཅེས་ཕྲུག་གི་མཐའ་འབྲས»ཚགས་པར་དུ་བཀོད་དེ་རྩོམ་ཡོན་ཡང་སྒོར་༡༦རག་རྒྱུ་བྱུང་བ་དང་། སྔ་མ་ཚགས་པར་དུ་བཀོད་ཐུབ་པ་བྱུང་བས་ཕྱིས་ཀྱི་ང་དང་གཡང་འཛོམས་ཀྱི་ལས་དབང་འབྲི་བར་སེམས་ཤུགས་ཆེན་པོ་སྤྲད་སོང་བར་བྲིས་འདུག དེས་ན་ཐོག་དང་པོར་ཚགས་པར་དུ་བཀོད་པའམ་རྩོམ་ཡོན་ཐོབ་མྱོང་བའི་རྩོམ་གྱི་ཐོག་མ་དེ་གང་བཞག་ན་འོས།
ཚེ་རིང་དབྱངས་སྐྱིད། «གཅེས་ཕྲུག་གི་མཐའ་འབྲས»ཞེས་པ་དེ་སྔོན་ལ་བྲིས་པ་དང«གཡང་འཛོམས་ཀྱི་ལས་དབང»ཞེས་པ་དེ་རྗེས་ལ་བྲིས་པ་རེད། རྩོམ་ཡོན་ཐོག་མ་ཐོབ་པའི་བརྩམས་ཆོས་དེ«གཅེས་ཕྲུག་གི་མཐའ་འབྲས»ཞེས་པ་དེ་རེད་ལ་རྩོམ་ཡིག་གི་ཐོག་མ་དེ་ཡང་འདི་ཆགས་ཡོད་པ་རེད།
༣ གོང་གི་བརྩམས་ཆོས་གཉིས་ཀ་ཚགས་པར་དུ་བཀོད་འདུག དེས་ན་དུས་དེབ་སྟེང་བཀོད་པའི་བརྩམས་ཆོས་ཐོག་མ ༡༩༨༣ བྲག་སྟེང་གི་རྩྭ་ཆུང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་པ་དེ་འཇོག་དགོས་པ་ཨེ་རེད།
ཚེ་རིང་དབྱངས་སྐྱིད། ༡༩༨༣ལོ་མ་རེད། གྱ་གསུམ་ལོར་རྩོམ་ཡིག་ཐོག་མ་བྲིས་པ་མ་གཏོགས། བྲག་སྟེང་གི་རྩྭ་ཆུང་ཟེར་ཡ་དེ༡༩༨༧ལོར་བཀོད་པ་རེད། དེ་ང་གསལ་བོ་ཞེ་དྲག་རེད། དེ་དུས་ང་རང་སློབ་གྲྭ་མཐར་ཕྱིན་པའི་ལོ་དེ་རེད། དེ་ངའི་ཚབ་མཚོན་གྱི་བརྩམས་སྒྲུང་ཞིག་ཡིན་ལ་བརྩམས་སྒྲུང་ཡག་ཤོས་ཤིག་ཡིན། རྒྱུ་མཚན་ག་རེ་ཞེ་ན། ང་རང་ཉིད་ཀྱི་སོ་སོའི་འཚོ་བ་དངོས་མཚོན་པའི་གཏམ་རྒྱུད་ཅིག་བྲིས་བཞག་ཡོད་རེད།
༤ ཁྱེད་ཀྱི་ལྷུག་རྩོམ«མི་ཚེའི་འགྲུལ་བཞུད»ཁྲོད། ཁྱེད་ཀྱི་གྲུབ་གཟུགས་མང་པོ་མཐོང་རྒྱུ་འདུག འོ་ན་ཁྱེད་རང་གི་སྒྲུང་གཏམ་ཁྲོད་དུ་ཁྱོད་ཡོད་དམ། ཁོ་བོས་ཉིད་ཀྱི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་ལས«རི་རྩེའི་སྤྲིན་དཀར་ནང་གི་གསལ་སྒྲོན»ཁྱོད་ཡིན་ཡིན་འདྲ་བའི་ཚོར་སྣང་འདུག
ཚེ་རིང་དབྱངས་སྐྱིད། སྤྱིར་བཏང་སྒྲུང་གཏམ་ཕལ་ཆེ་བའི་ནང་ལ་ངའི་གཟུགས་བརྙན་མཐོང་ཡ་མི་འདུག ཡིན་ནའང«རི་རྩེའི་སྤྲིན་དཀར་ནང་ལ་གསལ་སྒྲོན»ཟེར་ཡ་ཞིག་འདུག་པ་དེ་ངའི་འཚོ་བའི་ཆ་ཅུང་ཟད་འདྲེས་ཡོད་རེད། ཆུང་ཆུང་སྐབས་ལ་ང་རང་གྲོང་གསེབ་ནས་འཚོ་བ་བརྒྱབ་ཡོང་བའི་སྐབས་དེ་དུས་ཀྱི་ངའི་དགེ་རྒན་དང་ཧ་ཅང་འདྲ་པོ་འདུག དེ་མ་གཏོགས«མེ་ཏོག་དང་རྨི་ལམ»ནང་ན་ཡོད་མ་རེད། རྩོམ་ཡིག་གཞན་པའི་ནང་ལའང་ཡོད་མ་རེད། «རི་རྩེའི་སྤྲིན་དཀར»ཞེས་པའི་སྒྲུང་དེའི་ནང་གི་གསལ་སྒྲོན་ཞེས་པའི་མི་སྣ་དེ་འབྲི་བའི་སྒང་ལ་སོ་སོའི་གཟུགས་བརྙན་གསར་བཟོ་བྱས་པའི་ཆ་ཡོད་རེད།
༥ བར་སྐབས་ཤིག་ལ་རྩོམ་འབྲིའི་ལས་ཀ་བསྐྱུར་པའི་རྒྱུ་མཚན་ཅི། ༡༩༩༦ལོར་བྱིས་པ་གཉིས་པ་སྐྱེས་པས་སྟོབས་ཤུགས་སྔ་ན་མེད་གནང་བས་སླར་ཡང་འབྲི་མགོ་བརྩམས་ཞེས་པ་འདིར་ཇི་ལྟར་གོ་བ་ལེན་དགོས།
ཚེ་རིང་དབྱངས་སྐྱིད། བྱིས་པ་གཉིས་པ་སྐྱེས་ཚར་བའི་རྗེས་ལ་གཞི་ནས་འཚོ་བ་གཏན་འཁེལ་བྱུང་བ་རེད། མི་ཞིག་ལ་མཚོན་ན་འཚོ་བ་གཏན་འཁེལ་བྱུང་ན་ལྷིང་འཇགས་རེད་པས། དེ་འདྲའི་འོག་ནས་རྩོམ་ཡིག་བྲིས་ན་ཡག་པོ་འཁྱོང་གི་རེད།
༦ «རི་རྩེའི་སྤྲིན་དཀར»ཞེས་པའི་སྒྲུང་དེའི་གཏམ་རྒྱུད་ཀྱི་ས་བོན་སྐོར་ནས་ཁ་བརྡ་ཞིག་བྱས་ན།
ཚེ་རིང་དབྱངས་སྐྱིད། ང་རང་ཆུང་ཆུང་སྐབས་ལ་འཚོ་བ་བརྒྱག་ས་དེ་གྲོང་གསེབ་རེད། དེ་དུས་གྲོང་གསེབ་དེར་དགེ་རྒན་བུད་མེད་ཅིག་སླེབས་པ་རེད། དེ་ཡི་གཟུགས་བརྙན་ཡིན་ན་འདྲ། སྐད་ཆ་བཤད་སྟངས་ཡིན་ན་འདྲ། མདོར་བསྡུས་ནས་བཤད་ན་འགྲོ་འདུག་སྤྱོད་གསུམ་གྱིས་ང་ལ་བསུབ་ཏུ་མེད་པའི་བག་ཆགས་ཆེན་པོ་བཞག་ཡོད་རེད། ཆུང་ཆུང་སྐབས་ལ་བག་ཆགས་བཞག་པ་དེ་ང་ཚོ་ཆེན་པོ་ཆགས་ཀྱང་བརྗེད་འགྲོ་གི་མི་འདུག དེ་བས་དེ་དུས་མི་སྣའི་གཟུགས་བརྙན་གསར་བཞེངས་བྱས་པ་རེད། དགེ་རྒན་དེ་ད་ལྟ་གྲོངས་ཚར་པ་རེད། རྩོམ་ཡིག་ནང་དུ་གཟུགས་བརྙན་དེ་ཙམ་བྲིས་པ་ཙམ་གྱིས་ཡོད་ཚད་དེ་འདྲ་ཡིན་པའི་ཁྱབ་གི་མ་རེད།
༧ རྒན་ཁྱེད་རང་ལ་མཚོན་ན་སློབ་མཐར་ཕྱིན་ནས་ད་ལྟའི་བར་དགེ་རྒན་གྱི་ལས་གནས་སུ་བྱ་བ་གཉེར། འདི་ལྟར་ཁོར་ཡུག་གཅིག་ལས་བསྒྱུར་དུ་མེད་ན་ཉིད་ཀྱི་བརྩམས་ཆོས་མཐོང་སྣེ་ངོས་གཅིག་ལ་གཞོལ་ཡོད་ཕྱིར། ནང་དོན་ཆིག་རྐྱང་དུ་འགྱུར་བའི་ཉེན་ཚབས་འདུག་གམ།
ཚེ་རིང་དབྱངས་སྐྱིད། སློབ་གྲྭ་ཆེན་མོ་ནས་སྒོར་ཐོན་ནས་བཟུང་དགེ་རྒན་གྱི་ལས་ཀ་གཉེར་ནས་བསྡད་པ་རེད། ཡིན་ནའང་དགེ་རྒན་འཚོ་བ་དང་དངོས་སུ་འབྲེལ་བའི་བརྩམས་སྒྲུང་གཅིག་ཀྱང་བྲིས་ཡོད་མ་རེད། «སོ་ནམ་ཤོར་བའི་ལྗང་བུ»ལས་ཕུད་པའི་བྲིས་ཡོད་པ་མ་རེད། ངོ་མ་བཤད་ན་དེ་ང་རང་བློ་ཕམ་བྱེད་ས་ཞིག་རེད། དེ་ལས་གཞན་པའི་རྩོམ་ཡིག་བྲིས་པ་དག་གིས་སྤྱི་ཚོགས་ཀྱི་འཚོ་བ་གཞན་དག་བྲིས་ཡོད། དགེ་རྒན་གྱི་བྱ་བ་གཅིག་པུ་གཉེར་བས་ངའི་རྩོམ་ཡིག་ལ་ཚད་བཀག་ཆེན་པོ་ཐེབས་ཡོད་མ་རེད།
༨ ཁོ་བོས་ཁྱེད་ཀྱི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར་ལས་དཔེ་ཀློག་གིས་ཁྱེད་ཀྱི་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན་ལས་འཚོ་བར་མྱོང་ཞིབ་བྱས་པ་དེས་ཁྱེད་ཀྱི་གསར་རྩོམ་ལ་ཤུགས་རྐྱེན་ཆེ། ཁྱོད་རང་གིས་བལྟས་ན།
ཚེ་རིང་དབྱངས་སྐྱིད། དེ་གཉིས་ཀ་མེད་དུ་མི་རུང་བ་ཞིག་རེད། དཔེ་དེབ་ཀློག་པ་གལ་ཆེན་པོ་ཡིན་པ་དང་འཚོ་བ་དངོས་ལ་མྱོང་ཞིབ་ཀྱང་གལ་ཆེན་པོ་རེད། དཔེ་དེབ་རྐྱང་བར་བལྟས་ཙམ་གྱིས་འཚོ་བར་མྱོང་རྒྱུས་མེད་སོང་ན་འབྲི་ཐུབ་གི་མ་རེད་ལ། ཡང་འཚོ་བ་དངོས་ལ་རྒྱུས་ཞིབ་མོ་ཡོད་ནའང་དཔེ་དེབ་མ་བལྟས་ན་རྩོམ་ཡིག་འབྲི་བའི་སྒྱུ་རྩལ་ཡིན་ནའང་འདྲ། འབྲི་རྩལ་འཛོམས་པོ་མི་འདུག དཔེ་དེབ་བལྟས་ཚར་བའི་རྗེས་ལ་འཚོ་བ་དང་ཟུང་འབྲེལ་ཐུབ་ན་ད་གཟོད་བློ་སྐྱེད་དང་ཐབས་ཤེས་མཉེས་ཐུབ་པ་རེད། འཚོ་བ་དེ་མེད་སོང་བ་ཡིན་ན་སྒྱུ་རྩལ་མེད་པ་ཆགས་རེད།
༩ ཁྱེད་ཀྱི་སྒྲུང་ནང་གི་མི་སྣ་བྱིས་པ་ཞིག་ཡིན་ཚེ་བྱིས་བློ་ཤ་སྟག་གིས་གྲུབ་པའི་སེམས་ཁམས་དང་བྱ་བྱེད་བྲིས་པ་འབུར་དུ་ཐོན་འདུག གཞན་ཁྱེད་ཀྱི་ལྷུག་རྩོམ«བྱིའུ་ཕྲུག་ཐང་གྱར»དང«སྣམ་བུ་ལྷགས་པས་འཁྱེར»གྱིས། ཤེལ་དམ་ཆག་པའི་ཆག་སྒོ་བཅས་ལས་བྱིས་དུས་ཀྱི་བསམ་ཕྱོགས་དང་ནང་སེམས་ཀྱི་འགལ་འདུ། དྲན་འཆར་མ་ལུས་ཡིག་ངོར་བཀོད་པ་གནད་དུ་ཐོན་འདུག ཁྱེད་རང་ལོ་ན་ཆེར་ཆགས་དུས་བྱིས་པའི་འཚོ་བ་སྔར་བཞིན་གསོན་ཉམས་ལྡན་པར་འབྲི་ཐུབ་པ་འདིའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས།
ཚེ་རིང་དབྱངས་སྐྱིད། བྱིས་པའི་འཚོ་བ་དེ་ད་ལྟ་བསམ་བློ་བཏང་པ་ཡིན་ནའང་ཆ་ཚང་བློ་ན་འདུག ད་ལྟ་ཆེར་ཆགས་ནའང་གསལ་ནས་གསལ་དུ་འགྲོ་གི་རེད་མ་གཏོགས་བརྗེད་གི་མ་རེད། རྨི་ལམ་ཞིག་བཏང་པ་ཡིན་ནའང་བྱིས་དུས་ཀྱི་འཚོ་བ་རྨིས་གི་རེད། ངའི་ལོ་བཞི་བཅུ་ནས་ལྔ་བཅུའི་བྱ་བ་ཤོད་ཟེར་ན་དྲན་གི་མི་འདུག ཡིན་ནའང་ལོ་བཅུ་གསུམ་སྔོན་གྱི་བྱ་བ་ཞིག་ཤོད་ཅེས་ན་ཆ་ཚང་བཤད་ཐུབ། མི་ག་འདྲ་ཞིག་ལ་སྐད་ཆ་བཏང་བ་སོགས།
༡༠ ཁྱེད་ཀྱི་སྒྲུང་རིང«མེ་ཏོག་དང་རྨི་ལམ»ཞེས་པའི་ཁ་བྱང་གི་"མེ་ཏོག"སྒྲུང་ནང་གི་མི་སྣ་བཞིའི་མིང་ཕྱི་མ་ལ་མེ་ཏོག་བཏགས་ཡོད་པས་དེ་ལྟར་བཏགས་པ་ཡིན་ནམ་མི་སྣ་བཞི་བོའི་ལང་ཚོའི་མེ་ཏོག་གཞན་དབང་དུ་གྱུར་བ་འདིའི་ཐད་ནས་བཏགས་པ་ཡིན།
ཚེ་རིང་དབྱངས་སྐྱིད། ད་དེ་འདྲ་རེད། ལང་ཚོ་མེ་ཏོག་དང་འདྲ་བ་རེད། ལང་ཚོ་དེ་ཡང་རྨི་ལམ་དང་འདྲ་བ་ཞིག་རེད་ཅེས་ངས་བཤད་ཡོད་རེད། སྤྱིར་བཏང་སྒྲུང་ནང་གི་བུ་མོ་རེ་རེར་མེ་ཏོག་གི་མིང་བཏགས་སོང་བ་ཡིན་ན་ཁྱད་ཆོས་འབུར་དུ་ཐོན་པ་རེད། སྒྲོལ་དཀར་ཞེ་ན་མང་པོ་ཞིག་གི་ཧ་གོ་གི་མ་རེད། དེ་དག་རེ་རེ་པད་ཁའི་མེ་ཏོག བ་ལུའི་མེ་ཏོག ཨུག་ཆོས་མེ་ཏོག ལྟོགས་ལྷ་མེ་ཏོག་ཅེས་མེ་ཏོག་དག་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ན་མི་དེའི་མིང་བཏགས་པ་ལའང་དེ་བས་ཀྱང་ཡག་པོ་ཡོང་གི་རེད། མིང་འདོགས་གཞན་ཞིག་གིས་ཟུར་བརྒྱན་ན་ཁོའི་གཟུགས་བརྙན་དེ་འབུར་དུ་ཐོན་ཐུབ། དེ་འདྲ་ཡིན་ཙང་། ཨུག་ཆོས་མེ་ཏོག་ཅེ་ན་སྣང་བརྙན་ཞིག་མཚོན་གི་ཡོད་རེད་ལ། མེ་ཏོག་དེ་ཡི་ཁྱད་ཆོས་དང་བུ་མོ་དེ་ཡི་རང་གཤིས་དམ་པོར་སྦྲེལ་ཡོད་རེད། དཔེར་ན། ང་ཚོ་ལྟོགས་ལྷ་མེ་ཏོག་ཟེར་ན་ཞའོ་ལི་རེད་པས། དེ་འདྲ་ཡིན་ཙང་མོ་འཚོ་བའི་ཁྲོད་སེར་སྣ་ཆེན་པོ་འདུག་ག མེ་ཏོག་དེ་ཡི་ཁྱད་ཆོས་བུ་མོ་དེ་དང་འདྲ་ཡི་ཡོད་ལ་བུ་མོ་དེ་ཡི་རང་གཤིས་མེ་ཏོག་དེ་དང་མཐུན་པ་དེ་འདྲའི་ངང་མིང་བཏགས་ཡོད་རེད། མིང་དེ་འདོགས་པའི་དུས་ལ་བསམ་གཞིག་ཞེ་དྲག་བཏང་ཡོད།
༡༢ མི་ཚོས་ནམ་རྒྱུན་སྒྲུང་གཏམ་འབྲི་རྒྱུ་ནི་མི་ཚེགས་ཡང་ཞིག་དང་སྒྱིད་ལུག་མེད་པ་ཞིག་གི་ལས་ཀ་རེད་ཟེར། སྒྲུང་གཏམ་གྱིས་དུས་ཚོད་ཀྱི་བར་སྟོང་ངེས་ཅན་ཞིག་འཕྲོག་ངེས། ཁྱེད་བཟའ་མི་གཉིས་ཀྱིས་དུས་ཚོད་མང་པོ་རྩོམ་འབྲིའི་ལས་ལ་བསྟིམས་ན་འཚོ་བའི་ཁྲོད་འགལ་འཛོལ་མཆིས་སམ།
ཚེ་རིང་དབྱངས་སྐྱིད། ངེད་གཉིས་ལ་ཆ་བཞག་ན་འཚོ་བའི་ཁྲོད་འགལ་བ་གང་ཡང་ཡོད་མ་རེད། ག་རེ་ཟེར་ན། གཉིས་ཀའི་དགའ་ཕྱོགས་མོས་གཅིག་རེད་ལ། ཁོ་ང་ལ་རྒྱབ་སྐྱོར་བཅས་རེད་ལ་ངས་ཀྱང་ཁོར་རྒྱབ་སྐྱོར་བཅས་གི་རེད། གལ་སྲིད་ངའི་ཁྱོ་ག་མི་གཞན་ཞིག་ཡིན་པའི་དབང་དུ་བཏང་ན་འཚོ་བའི་ཁྲོད་འགལ་བ་མཆིས་ཀྱང་སྲིད་ཀྱི་རེད། ངེད་གཉིས་དེ་འདྲ་མ་རེད། དེ་བས། ཕན་ཚུན་གཅིག་གིས་གཅིག་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤྲད་ཀི་རེད་མ་གཏོགས་དེ་རིང་ཁྱོད་ཟ་མ་ལས་ངས་རྩོམ་ཡིག་འབྲི་དེ་འདྲ་ཡོད་མ་རེད།
༡༢ སྔ་མའི་སྒྲུང་ཐུང་ལེགས་སྒྲིག«རི་རྩེའི་སྤྲིན་དཀར»དང་ཕྱི་མའི་སྒྲུང་རིང«མེ་ཏོག་དང་རྨི་ལམ»གཉིས་བར་ལོ་དུ་མས་ཆོད་འདུག ཁྱོད་རང་གིས་བལྟས་ན་འདི་གཉིས་བར་གྱི་ཧེ་བག་ཆེ་ཤོས་དེ་གང་རེད།
ཚེ་རིང་དབྱངས་སྐྱིད། རི་རྩེའི་སྤྲིན་དཀར་ལ་ཆ་བཞག་ན་སོ་སོ་རྩོམ་འབྲི་བའི་སྦྱོར་བརྡར་ཚུལ་དུ་བྲིས་པ་རེད། མེ་ཏོག་དང་རྨི་ལམ་ལ་ཆ་བཞག་པ་ཡིན་ན། བསམ་བློ་ཞེ་དྲག་བཏང་བ་དང་ཐེངས་མང་པོར་བལྟས་ཏེ་བྲིས་བ་ཞིག་རེད་ལ། ལོ་བདུན་རིང་བྲིས་བ་ཡིན་ཏེ། ༢༠༠༩ལོའི་ཟླ་བ་བརྒྱད་པ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བ་ལྔ་བའི་བར་བྲིས། ང་རང་ངོས་ནས་ཆ་བཞག་ན་སྒྱུ་རྩལ་ཐད་ནས་ཐོལ་བརྒལ་བྱུང་ཡོད་བསམས་བསམས་ཞིག་རེད།
༡༣ ཁྱེད་ཀྱི་སྒྲུང་རྩོམ་སྔ་མ་དག་ཏུ་བུད་མེད་དམ་ན་ཆུང་གཞོན་ནུའི་གནས་སྟངས་གང་ཞིག་ལ་གདུང་བའི་ཚུལ་བྲིས་པ་བརྒྱུད། མི་ཆོས་ཀུན་སྤྱོད་ཀྱི་སྒོ་ནས་སྒྲུང་ནང་གི་ལྡོག་ཕྱོགས་མི་སྣར་ཁ་རྡུང་གཏོང་བ་ཤུགས་ཆེ་བར་སྣང་། འོན་ཀྱང་། སྒྲུང་རིང«མེ་ཏོག་དང་རྨི་ལམ»ལས་བུད་མེད་བཞིའི་འཚོ་གནས་ཀྱི་དཀའ་སྡུག་ཉམ་ང་སྙིང་རྗེ་ཡུལ་དུ་གྱུར་ནའང་། གཞང་འཚོང་མའི་ལས་བདམས་མི་རིགས་པའི་བསམ་གཞིགས་ཀྱི་བར་སྟོང་ཞིག་བསྐྲུན་པའི་ཞར་ལ། བོད་རིགས་གཞོན་ནུ་མའི་བདེ་ཐང་མི་རིགས་ཧྲིལ་པོའི་བདེ་ཐང་ཡིན་པའི་རེ་འབོད་ཀྱིས་སྤྱི་ཚོགས་ཀྱི་ཕན་འབྲས་ཤིག་ལ་བསྙེགས་ཡོད་པ་འདྲ། རྒན་ཁྱེད་རང་གིས་བརྩམས་ཆོས་འདིའི་མཛེས་སྡུག་གི་ཆ་དེ་གང་ལ་ངོས་འཛིན་གྱི་ཡོད།
ཚེ་རིང་དབྱངས་སྐྱིད། བརྩམས་ཆོས་དེ་འབྲི་དུས་ཙམ་ལ་མཛེས་སྡུག་གི་ཆ་ཟེར་ཡ་བསམ་བློ་བཏང་མྱོང་མེད། བསམ་བློ་བཏང་མྱོང་མེད་པའི་རྒྱུ་མཚན་ག་རེ་ཟེར་ན། དེང་སང་མི་མང་པོ་ཞིག་གིས་དེ་འདྲ་ལབ་གི་ཡོད་རེད། ཁྱེད་གྲོང་ཁྱེར་ནང་ལ་ལས་ཀར་འགྲོ་གི་ཡོད་ན་ཡིན་གཅིག་མེ་ཏོག་དང་རྨི་ལམ་བལྟ་རོགས་ཞེས་བཤད་སོང་། དེ་བས། ཕན་འབྲས་དེ་འདྲ་ཞིག་ཐོན་སོང་བར་སྙམ། གཉིས་པ་དེ་ཨེ་ཙི་ཞེས་པའི་ནད་ཚབས་ཆེན་ཡོད་རེད་པས། དེའི་སྐོར་གྱི་ཤེས་བྱ་མང་པོ་བཤད་ནའང་ཁོ་ཚོ་ཧ་མི་གོ མེ་ཏོག་དང་རྨི་ལམ་བལྟས་པ་ཡིན་ན་ཧ་མང་པོ་གོ་གི་ཡིན་ཟེར། འཕྲོད་བསྟེན་གཙང་སྦྲ་ཡིན་ནའང་འདྲ། སོ་སོ་རང་ལུས་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་འདུག་ཟེ། སྤྱིར་བཏང་ང་ལ་མེ་ཏོག་དང་རྨི་ལམ་བསྐོར་ནས་འཆད་ཁྲིད་ཅིག་གནང་རོགས་ཟེར་དུས་ངས་འཆད་ཡ་མིན། ང་གསར་བ་ཞིག་འཆད་ཡ་མི་འདུག་ཟེར་དུས། ང་ཚོར་ཨེ་ཙི་ཡི་ཤེས་བྱ་མང་པོ་ཞིག་ཤེས་མི་འདུག་ངོ་སྤྲོད་བྱས་ཀྱང་འཐོམ་འགྲོ་གི་ཟེར། ཡིན་ནའང་མེ་ཏོག་དང་རྨི་ལམ་བཀླགས་རྗེས་རང་གིས་རང་ལ་བརྩེ་བའམ་བདེ་སྲུང་། གཞན་དབང་དུ་མི་འགྱུར་བར་ཕན་ཆེན་པོ་འདུག་ཟེར་ཉན་འདུག ངེད་ཀྱི་དང་པོའི་ཀུན་སློང་ཆ་བཞག་ན་བུ་མོ་དེའི་རིགས་ཉུང་ཙམ་གཏོང་ཐུབ་ན་བསམ་པ་ལ་ཕན་འབྲས་ཐོན་པ་རེད་ལ། བུ་མོ་གསུམ་ཉུང་བར་ཕྱིན་སོང་ན་འདྲ། གཅིག་ཉུང་བར་ཕྱིན་སོང་ན་ངའི་དམིགས་ཡུལ་དེ་འགྲུབ་སོང་བ་རེད་བསམས་སོང་།
རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་འཐུབ་ཚབ་བརྩམས་དེབ་གཉིས།
༡༤ ཁྱེད་ཀྱི་སྒྲུང་རིང«མེ་ཏོག་དང་རྨི་ལམ»ནི་ཉིད་ཀྱིས་འཚོ་བ་དངོས་ལ་ཡུན་རིང་མྱོང་ཞིབ་བྱས་པའི་རྨང་གཞིའི་སྟེང་། གཞན་གྱི་ངག་ལས་ཐོས་པའི་གཏམ་རྒྱུད་ས་བོན་དུ་བཀོད་པའང་འདུག སྒྲུང་གཏམ་འདིར་ད་དུང་མ་འདང་པའི་ཆ་ག་འདྲ་འདུགཚེ་རིང་དབྱངས་སྐྱིད། སྒྲུང་གཏམ་དེ་འབྲི་ཚར་བའི་སྒང་ལ་ང་རང་གི་བསམ་པ་ལ་སྐད་ཆའི་སྒྱུ་རྩལ་དེ་ཅུང་ཞན་གི་འདུག བརྩམས་སྒྲུང་བྲིས་པ་ཡིན་ནའང་ཚིག་སྦྱོར་དེ་སྙན་ངག་འདྲ་བ་ཞིག་འབྲི་ཐུབ་དགོས་པ་རེད་ལ། ཡིན་ཙང་། ངའི་རྩོམ་ལ་ཆ་བཞག་ན་དེ་འདྲ་ཞིག་བྲིས་ཐུབ་ཡོད་མ་རེད། དཔེར་ན་ང་ཚོ་ག་རེ་ཟེར་ན། ཀི་ཏི་ཡིས་བྲིས་པའི་少年维特的烦恼ལྟ་བུར་མཚོན་ན་ཡིན་པ་བརྩམས་སྒྲུང་རེད། ཡིན་ནའང་ཁོའི་སྐད་ཆ་དེ་སྙན་ངག་འདྲ་བ་ཞིག་བྲིས་ཡོད་རེད། བོད་ཀྱི་རྩོམ་པོ་པདྨ་ལྷག་སྒྲོན་གྱི་བརྩམས་སྒྲུང་ལ་མཚོན་ན་སྙན་ཆ་ཞེ་དྲག་ཡོད་རེད། སྐད་ཆའི་སྒྱུ་རྩལ་ཐོག་ནས་རང་གི་དེ་ཚིག་ཉོག་ཅིག་རེད་བསམས་པའི་མ་འདང་བའི་ཆ་ཡོད་རེད། སྐད་ཆའི་སྒྱུ་རྩལ་ཅུང་ཟད་ཚིག་སྦྱོར་སྙན་པར་བཏང་པ་ཡིན་ན་མེ་ཏོག་རྨི་ལམ་དེ་དེ་བས་ཀྱང་ཡག་པོ་ཡོང་གི་རེད་བསམས་བསམས་ཞིག་འདུག
༡༥ རྒན་བཀྲ་ཤིས་དཔལ་ལྡན་ལ་བཅར་འདྲི་བྱས་པ་ཞིག་ཏུ་ཁྱེད་གཉིས་ཀྱི་བུ་མོ་རྩོམ་རིག་ལ་མོས་པ་ཟབ་ཅིང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་ལ་ཤིན་ཏུ་འཇོན་པོ་འདུག་ཟེར། དེས་ན་ཁྱོད་རང་ནས་མ་འགྲུབ་པའི་ལས་འགན་བུ་མོར་བཅོལ་རྒྱུའི་བསམ་འདུན་འདྲ་ཨེ་ཡོད།
ཚེ་རིང་དབྱངས་སྐྱིད། དེ་འདྲ་ཡོད་མ་རེད། བྱ་ཞིག་ལ་ཆ་བཞག་ན་གཤོག་རྩལ་རྒྱས་དུས་གང་ལ་འཕུར་ན་འཕུར་རྒྱུ་རེད། ངས་ཁྱོད་གཏོང་གི་མིན་ཆོག་གི་མེད། ངས་བུ་མོ་ལ་རང་དབང་སྤྲད་ཡ་དེ་ཤུགས་ཆེན་པོ་རེད། དཔེར་ན་སློབ་གྲྭ་ཆེན་མོ་འགྲོ་དུས་ཆེད་ལས་འདེམ་ཡ་ཡིན་ན་འདྲ། མི་ཚེ་ཡི་འཚོ་བ་གདམ་ཀ་བྱེད་པའི་སྒང་ལ་བཀག་འགོག་ཅི་ཡང་བྱེད་ཀི་མེད། རྒྱུ་མཚན་ག་རེ་ཟེར་ན། སོ་སོས་འཇོན་པ་ཡིན་ན་ཕ་མས་རྒྱབ་སྐྱོར་བྱས་ན་འགྲིག་གི་རེད། མདོར་བསྡུས་ནས་བཤད་ན་སོ་སོ་སྤྲོ་སྣང་ལྡན་པ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་ཡིན་ན་ཨ་མའི་རེ་བ་འགྲུབ་སོང་ཟེར་བ་མ་གཏོགས་ང་རང་གིས་མ་འགྲུབ་པའི་རེ་བ་བུ་མོའི་སྟེང་ལ་རྩ་བ་ནས་བཅོལ་མྱོང་མེད། ཡིན་ནའང་ངའི་བུ་མོ་ད་ལྟའི་ངོས་ནས་ཆ་བཞག་ན། ག་རེ་ཟེར་ན་ཧ་ཅང་གི་ཡག་པོ་ཡོད། མོའི་མི་གཤིས་ཡིན་ན་འདྲ་རིག་གནས་ཡིན་ན་འདྲ། གང་ཅིའི་ཐད་ནས་སྐྱོན་མེད་པ་ཆགས་ཡོད། ཕྲུ་གུ་གཉིས་ཀར་མི་གཞན་པའི་ཕ་མ་ནང་བཞིན་གནོན་ཤུགས་ཅི་ཡང་སྤྲད་མྱོང་མེད། རང་དབང་རེད། གཏམ་བརྗོད་རང་དབང་རེད་ལ་གྱོན་པ་གྱོན་སྟངས་རང་དབང་རེད། ཟ་མ་ཟ་ཡ་རང་དབང་རེད། དགའ་ཕྱོགས་མོས་ཕྱོགས་རང་དབང་རེད། དཔེར་ན་ངའི་སེམས་པའི་ནང་ལོག་ལ་སློབ་གྲྭ་ཆེན་མོར་འགྲོ་དུས་མོའི་རྩིས་ཚན་ཡག་པོ་ཞེ་དྲག་ཡོད་རེད། མོ་ཨེམ་རྗེ་ཞིག་བྱས་ན་བསམ་པ་རེད། ཡིན་ནའང་མོ་བཅའ་འདོད་ཡོད་མ་རེད། མོའི་དངོས་ཁམས་དང་ཨང་རྩིའི་ཧ་ཅང་གི་ཡག་པོ་ཡོད་རེད།
༡༦ སྤྱིར་སྒྲུང་གཏམ་འབྲི་ཚུལ་ལ་རྩོམ་པ་པོ་སྒྲུང་གཏམ་གྱི་ཕྱི་ལ་བུད་དེ་སྤྲོས་བརྗོད་ཀྱི་སྒོ་ནས་འབྲི་བའི་རིགས་ཤིག་དང་། རྩོམ་པ་པོ་སྒྲུང་གཏམ་ནང་དུ་ཞུགས་ཏེ་མངོན་སྣང་གིས་འབྲི་བ་གཉིས་ཡོད་པ་ལས། རྒན་ཁྱེད་རང་ཐབས་རྩལ་འདི་གཉིས་ཀྱི་གང་ལ་མོས།
ཚེ་རིང་དབྱངས་སྐྱིད། ད་དེ་གཉིས་ཀ་འདྲ་འདྲ་བྲིས་ཡོད་རེད། མཚམས་རེར་ང་ནང་ལ་ཞུགས་ནས་འབྲི་གི་ཡོད་རེད་ལ་མཚམས་རེར་ང་མི་གཞན་ཞིག་གི་ཐོག་ནས་འབྲི་དུས་ཀྱང་ཡོད་སྲིད་རེད། ཡིན་ནའང་མང་པོ་ཞིག་ཕྱི་མ་འདི་ཤུགས་ཆེ་བ་ཡོད་རེད། སོ་སོ་རྩོམ་པ་པོ་སྒྲུང་གཏམ་ནང་ལ་ཞུགས་འབྲི་ཡ་དེ་རྒྱུ་མཚན་ག་རེ་ཟེར་ན་མི་སྣ་ཞིག་གསར་བཞེངས་བྱེད་དུས་ཙམ་ལ་སོ་སོ་ཤན་ཤུགས་འགྲོ་གི་རེད་ལ། ཕྱི་མ་དེ་ཤུགས་ཆེ་གི་རེད།
༡༧ ཁྱེད་ཀྱི་ཁྱོ་གར་མཚོན་ན་བོད་ཀྱི་རྩོམ་སྟེགས་ཁྲོད་གོ་གནས་གཟེངས་སུ་མཐོ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པའི་རྩོམ་པ་པོ་ཞིག་རེད། ཉིད་ཀྱི་གསར་རྩོམ་ལ་ཁྱོ་གས་ཤུགས་རྐྱེན་ག་འདྲ་འདུག
ཚེ་རིང་དབྱངས་སྐྱིད། ཁོ་རང་གི་བརྩམས་སྒྲུང་གིས་ང་ལ་ཤུགས་རྐྱེན་ཐེབས་ཡ་ཟེར་བ་ཧ་ལམ་དྲན་ཡ་མེད་ཚོད་དུ་འདུག ངས་ཁོའི་རྩོམ་ཡིག་ལ་བལྟས་ཏེ་ང་ལ་ཤུགས་རྐྱེན་ཐེབས་སོང་བ་ཧ་ལམ་མེད། ཡིན་ནའང་གཅིག་གིས་གཅིག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་ཁ་འབྲལ་ཐབས་ཡོད་མ་རེད།
༡༨ ཁྱེད་ཀྱི་སྒྲུང་གཏམ་ཁྲོད་ཡུལ་སྐད་མང་ཙམ་འདུག འདིས་ལྷ་སའི་ལུང་པའི་ཀློག་མཁན་གྱི་ངོས་ནས་སྒྲུང་ནང་གི་འཚོ་བའི་བདེན་པ་མཐོ་རུ་འདེགས་པར་དགེ་མཚན་མཆིས་མོད། ང་ལྟ་བུའི་ཨ་མདོའི་ཀློག་པ་པོ་ཞིག་གམ་ཡུལ་ལུང་གཞན་པའི་ཀློག་མཁན་ལ་ཅུང་གོ་དཀའ་བར་སྣང་། གནད་དོན་འདི་ཅི་ལྟར་སྙོམས་སྒྲིག་བྱས་ན་བཟང་།
ཚེ་རིང་དབྱངས་སྐྱིད། ངའི་བསམ་པ་ལ་གནས་ཚུལ་དེ་དེ་རེད་ཞ། ཨ་མདོའི་རྩོམ་པ་པོ་ཞིག་གིས་བྲིས་པ་ཡིན་ན་ཨ་མདོའི་ཁ་སྐད་མང་པོ་ཞིག་བེད་སྤྱོད་བྱས་ཡོད་རེད། དེ་ལྟར་བྲིས་པ་ཡིན་ན་ཨ་མདོའི་འཚོ་བ་དེ་གསོན་ཤུགས་ཅན་ཞིག་ཡོང་གི་རེད། ངེད་ཀྱིས་འཚོ་བ་འབྲི་ས་དེ་དབུས་གཙང་ཡིན་དུས་ཙམ་ལ་དབུས་གཙང་གི་ཡུལ་སྐད་དེ་བེད་སྤྱོད་བྱས་ཏེ་བྲིས་པ་ཡིན་ན་རྩོམ་དེའི་ནང་ལོག་ལ་ང་རང་གི་ངོས་ནས་གང་གཙོ་ཆེ་བ་དེ་ཡུལ་སྐད་སྤྱོད་གི་ཡོད། རྒྱུ་མཚན་ག་རེད་ཟེར་ན། ཨ་མདོའི་སྐད་དུ་ཞི་ལི་ཟེར་བ་ང་ཚོས་ཧ་གོ་གི་མ་རེད། ག་རེ་ཟེར་གི་རེད་པས་ཟེར་གི་རེད། ཨོ་ལོ་ཞེས་བོས་ན་ལམ་སང་ལན་བརྒྱག་གི་རེད། དེ་དང་གཅིག་པ་རེད། ང་ཚོ་བརྩམས་སྒྲུང་ཞིག་ལ་ཆ་བཞག་ན་གྲོང་གསེབ་ཀྱི་འཚོ་བ་ཞིག་བྲིས་པ་ཡིན་ན་གྲོང་གསེབ་ཀྱི་སྐད་ཆ་སྤྱད་གི་རེད། ལྷ་སའི་སྐོར་གྱི་འཚོ་བ་ཡིན་ན་ལྷ་སའི་སྐད་བྲིས་གི་རེད། གལ་སྲིད་ངས་ཨ་མདོའི་ཀློག་པ་པོ་ཁ་གཏད་པ་ཡིན་ན། མེ་ཏོག་དང་རྨི་ལམ་གྱི་འཚོ་བ་དེ་དེ་འདྲའི་གསོན་ཉམས་ལྡན་པ་ཡོང་ཁག་པོ་རེད། ཨ་མདོའི་ཀློག་པ་པོས་ཀློག་མྱོང་ཡོད་མེད་གསལ་ཆ་མེད། ཡིན་ནའང་དབུས་གཙང་གི་མིའི་ནང་ལ་ཐེངས་གསུམ་ཀློག་མྱོང་། བཞི་ཀློག་མྱོང་ཟེར་མཁན་མང་པོ་རེད། ལྷུག་རྩོམ་ཡིན་སོང་ན་སྤྱི་སྐད་ཐོག་ནས་ཤུགས་ཆེ་བ་འབྲི་དགོས་རེད། སྒྲུང་གཏམ་ཞིག་ལ་ཆ་བཞག་ན་ང་རང་གི་ངོས་ནས་ཡུལ་གང་གི་ཡིན་ན་ཡུལ་དེའི་སྐད་སྤྱད་འོས། དཔེར་ན་ཨ་མདོ་བས་གྲྭ་བ་ལ་ཨ་ཁུ་ཟེར་ག ང་ཚོ་ལ་ཕའི་གཅེན་པོ་ཨ་ཁུ་ཟེར་རེད། ང་ཚོས་དགེ་འདུན་པ་དང་གྲྭ་བ། སྐུ་ཞབས་ཟེར། ངའི་ཁྱིམ་ན་དེ་རིང་ཨ་ཁུ་ཡོད་ཟེར་ན་ཨ་ཕའི་ནུ་བོ་དང་གཅེན་པོ་ཡོད་ཟེར་བའི་དོན་རེད། སྤྱིར་ན་ང་རང་གི་བསམ་ལ་ཨ་མདོ་དང་དབུས་གཙང་གཉིས་ཀྱིས་གཅིག་གིས་གཅིག་ལ་བསྟུན་པ་ཡིན་ན་ཆོལ་ཁ་གསུམ་པོའི་སྐད་དེ་ཚང་མས་གོ་ཐུབ་པ་ཞིག་ཡོང་གི་རེད། དེ་མ་གཏོགས་ང་དབུས་པ་ཡིན། ང་ཨ་མདོ་ཡིན་བྱས་བསྡད་ན་ཏག་ཏག་ཡག་པོ་ཡོང་གི་མི་འདུག དེ་སྔོན་ལྷ་སའི་འཚོ་བ་མཚོན་པ་ཞིག་ཨ་མདོ་ཞིག་གིས་བསྒྱུར་འདུག་པ་ཡག་པོ་མི་འདུག རྒྱུ་མཚན་ག་རེ་ཟེར་ན་དེའི་ནང་ལོག་སྐུ་དྲག་གི་འཚོ་བ་མཚོན་པ་འདུག གྲལ་རིམ་སྐོར་ཡོད་རེད། དཔེར་ན་ཇ་འཐུང་ཟེར་བ་ཞིག་ལ་གསོལ་ཇ་མཆོད། གསོལ་ཇ་བཞེས། གསོལ་ཇ་གནང་ལ་སོགས་པའི་ཞེ་ཚིག་མང་པོ་འདུག ཁོ་ཡོད་མ་རེད། དཔེ་དེ་བཞིན་རེད།
རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས།
ཚེ་རིང་དབྱངས་སྐྱིད། སྤྱི་ལོ1987ལོར་བོད་ལྗོངས་སློབ་ཆེན་ནས་ཐོན་ཏེ2017ལོར་རྒན་ཡོལ་མ་ཞུས་བར་སློབ་ཁྲིད་ཀྱི་བྱ་བ་བསྒྲུབས། ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ལས་བྲེལ་ཆེ་བའི་སློབ་ཁྲིད་ཀྱི་ཞོར་དུ་བརྩམས་སྒྲུང་གཙོ་བོར་བྱས་པའི་རྩོམ་རིག་བརྩམས་ཆོས་ཀྱི་རྩོམ་འབྲི་རྒྱུན་འཁྱོངས་བྱས་ཤིང་། སྔ་རྗེས་སུ་བརྩམས་སྒྲུང་འབྲིང་ཐུང་ཕྱོགས་བསྒྲིགས«རི་རྩེའི་སྤྲིན་དཀར»དང་། ལྷུག་རྩོམ་ཕྱོགས་བསྒྲིགས«མི་ཚེའི་འགྲུལ་བཞུད» «ཟླ་འོད་འོག་གི་དྲན་འཆར» བརྩམས་སྒྲུང་རིང་གྲས«མེ་ཏོག་དང་རྨི་ལམ»བཅས་པར་སྐྲུན་བྱས། སྔ་ཕྱིར་རྒྱལ་ཡོངས་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་བུམ་པའི་བྱ་དགའ་དང་། སྦྲང་ཆར་རྩོམ་རིག་བྱ་དགའ། གངས་རྒྱན་བུམ་པའི་བྱ་དགའ། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སོགས་ཐོབ་མྱོང་།
བཅར་འདྲ་གནང་མཁན་རྒྱལ་མཚན་ལགས།
༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ད་ལྟ༼༢༠༢༣༽མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་གློག་བརྙན་སྐད་སྦྱོར་པའི་བྱ་བ་སྒྲུབ་བཞིན་མཆིས།
འབྲེལ་ཡོད་འོས་སྦྱོར།