གུང་ཧོ་རྫོང་གིས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བཟུང་ནས་བྱིས་བློ་གསོ་སྐྱོང་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-04-17
ཀློག་གྲངས།:
དཔྱིད་རླུང་དལ་བུར་ལྡང་། སྙན་ཚིག་ངག་ལ་གྱེར། འགྱུར་བ་བཅུའི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་དེ་སློབ་རའི་བྱིས་པ་གསོ་སྐྱོང་བྱེད་པའི་ཕན་འབྲས་སུ་བསྒྱུར་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་སློབ་རའི་ཁོར་ཡུག་ཀུན་ཏུ་ཁྱབ་པར་བྱ་ཆེད། ཟླ4པའི་ཚེས1ཉིན། གུང་ཧོ་རྫོང་སློབ་ཆུང་དང་པོས་གསེར་ཆེན་སྤྱི་གླིང་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྙན་ངག་གྱེར་ཀློག་གི་བྱ་འགུལ་སྤེལ་མགོ་བརྩམས་ཤིང་། བྱིས་པ་ཚོས་གྱེར་ཀློག་གི་ཁྲོད་དུ་དཔྱིད་ཀའི་རྣམ་པར་ཉམས་ལེན་དང་། དགའ་སྤྲོའི་དགོད་སྒྲའི་ཁྲོད་དུ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་བྱས།
བྱ་འགུལ་གྱི་ཡུལ་དངོས་སུ་ཞིབ་མོར་བཀོད་སྒྲིག་བྱས་པའི་དཔྱིད་དུས་ཀྱི་འགྲེམ་པང་དང་མཛེས་ཤིང་གཙང་བའི་རྣམ་པས་སྤྱི་གླིང་ལ་བཀྲག་མདངས་གསར་པ་བསྣན་པ་མ་ཟད། ཡུལ་དངོས་འབྲི་སྦྱོང་དང་ཡིག་གཟུགས་འགྲེམས་སྟོན། སྙན་ངག་གྱེར་འདོན་བཅས་ཀྱི་སྤྲོ་སྐྱིད་ཀྱི་རྣམ་པས་སྙན་ངག་འབྲི་ཀློག་གི་ཚོར་བ་སྐྱེན་པོ་ཞིག་བསྩལ།
གུང་ཧོ་རྫོང་སློབ་ཆུང་དང་པོའི་སློབ་མ་བཀྲ་ཤིས་ཆོས་མཚོ་ཡིས་བཤད་རྒྱུར། ཡུན་རིང་ལ་རེ་སྒུག་བྱས་པའི་སྤྲོ་སྐྱིད་བྱ་འགུལ་སྤེལ་མགོ་བརྩམས་ཤིང་། ཐེངས་འདིའི་བྱ་འགུལ་ལས་ངས་དཔྱིད་ཀ་དང་འབྲེལ་བའི་སྙན་ངག་སྐོར་ཞིག་བསླབ་པ་མ་ཟད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་མང་པོའང་ཤེས་པས། རྗེས་ཕྱོགས་ད་དུང་འདི་ལྟ་བུའི་བྱ་འགུལ་ལ་ཞུགས་ཐུབ་པར་རེ་སྒུག་བྱ་ངེས་ཡིན་ཟེར།
སློབ་མའི་ཁྱིམ་བདག་ལིའུ་ཞའོ་ལིན་གྱིས་བཤད་རྒྱུར། ཁྱིམ་བདག་ཞིག་གི་ངོས་ཐད་ནས་བྱིས་པ་དང་མཉམ་དུ་བྱེད་སྒོ་འདི་ལྟ་བུ་ཞིག་ལ་ཞུགས་ཐུབ་པ་ནི་ངོ་མས་དོན་སྙིང་ལྡན་པ་ཞིག་རེད། ང་ཚོས་བྱིས་པ་དག་གི་སློབ་རའི་བདེ་སྐྱིད་དང་འཚར་ལོངས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་མ་ཟད། བྱིས་པ་རྣམས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་གཙིགས་འཛིན་བྱས་ཡོད་པ་དེ་བས་ཀྱང་ཚོར་ཐུབ་ཟེར།
ཐེངས་འདིའི་སྙན་ངག་གྱེར་ཀློག་གི་བྱ་འགུལ་ལ་བརྟེན་ནས། བྱིས་པ་རྣམས་ཀྱིས་རྩེད་མོ་ལས་སློབ་པ་དང་། སློབ་པ་ལས་སྤྲོ་སེམས་འཕེལ་བར་བྱས་ཏེ། དཔྱིད་དང་འབྲེལ་བའི་སྙན་ཚིག་ལ་གོ་བ་ཟབ་མོ་བླངས་པ་མ་ཟད། སྲོལ་རྒྱུན་རིག་གནས་ལ་དགའ་བའི་བག་ཆགས་ཟབ་མོ་བཞག འཛུམ་གྱིས་ཁེངས་པའི་ངོ་གདོང་རེ་རེ་དང་། སྙན་ཆ་ལྡན་པའི་གྱེར་འདོན་རེ་རེ། ཉམས་འགྱུར་གྱིས་ཕྱུག་པའི་ཆ་བྱད་རེ་རེ་ནི་བྱིས་པ་ཚོ་དང་སྙན་ངག་གི་ཆེས་མཛེས་པའི་མཇལ་འཛོམས་ཐེངས་ཤིག་ཡིན།
གུང་ཧོ་རྫོང་སློབ་ཆུང་དང་པོའི་སློབ་གཙོ་མཱ་ཡེན་གྱིས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོར་ང་ཚོས་འགྱུར་བ་བཅུའི་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བཟུང་ནས། ཏང་འཛུགས་རིག་གནས་དེ་དཔེ་ཀློག་དང་བྱིས་པའི་རྩེད་མོའི་བྱ་འགུལ་ཁྲོད་འདྲེས་པར་བྱས་ཏེ། བྱིས་པ་རྣམས་ཀྱིས་སྤྲོ་སྐྱིད་བག་ཕེབས་ཀྱི་རྣམ་པའི་ཁྲོད་ནས་ཐོག་མའི་སེམས་འདུན་ཡིད་ལ་བཅངས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རིག་གནས་དང་བྱ་འགུལ་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱས་པ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།