མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་མཉམ་ཤུགས་ལ་བརྟེན་ནས་འོད་ནུས་གླིང་ཁུལ་ལ་ལྗང་མདོག་གསར་བ་བསྣན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-04-27
ཀློག་གྲངས།:
ཉིན་འདི་འགའི་རིང་། མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་དུ་བཟུང་ནས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སྡོང་འཛུགས་ནགས་སྐྲུན་བྱེད་པར་སྐུལ་སློང་བྱས་ཏེ། ས་དོང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ། བདག་སྐྱོང་བྱེད་པ་བཅས་བྱས་ནས་བླ་ཤིང་རེ་རེ་བཏུལ་ཐང་དུ་བཙུགས་ཤིང་། སྡོང་འཛུགས་དང་བདག་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། གླིང་ཁུལ་གྱི་སྔོ་ཁེབས་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་བཏང་སྟེ་གླིང་ཁུལ་གྱི་གཞུང་ལམ་གཞོགས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་འོད་ནུས་གླིང་ཁུལ་གྱི་ལྗང་སྒྱུར་དོ་དམ་པ་ཀྲང་ཀྲན་ཡོན་གྱིས་བཤད་རྒྱུར། སྔོན་ཆད་ས་འདིར་སྐྱེ་དངོས་ཅི་ཞིག་བཏབ་ཀྱང་སྐྱེ་དཀའ་མོད། ཡིན་ཡང་བསྟུད་མར་ལོ་བདུན་བརྒྱད་རིང་གི་འབད་བརྩོན་འོག སྔོན་ཆད་བཙུགས་པའི་སྡོང་ཕྲུག་དེ་དག་ད་ལྟ་ནགས་ཚལ་ཆུང་ཆུང་ཞིག་ཏུ་གྱུར་འདུག ང་ཚོས་འདི་རུ་འདེབས་འཛུགས་བྱེད་པའི་འགག་རྩ་ནི་བདག་སྐྱོང་བྱ་རྒྱུ་དེ་ཡིན། སྡོང་ཕྲུག་ལ་བདག་སྐྱོང་བཟང་པོ་ཞིག་བྱ་ཆེད། ང་ཚོས་དུས་ལྟར་ཆུ་བཏང་བས་ལོ་འདི་དག་སྔོ་ཁེབས་ཀྱི་གཞི་ཁྱོན་ཆེ་རུ་སོང་ཡོད་ཟེར།
ཀྲང་ཀྲན་ཡོན་གྱིས་མཛུབ་མོའི་ཀེར་ཕྱོགས་སུ་བལྟས་པ་ན། བྱེ་རླུང་ཁྲོད་ཀྱི་སྡོང་བོ་རེ་རེར་སྐྱེ་སྟོབས་འབར་ཡོད། ཉེ་བའི་ལོ་འདི་འགའི་རིང་། ཏང་ཡོན་ལས་བྱེད་པ་སྔར་ལས་མང་པོ་ཞིག་སྡོང་འཛུགས་དཔུང་སྡེར་ཞུགས་ནས་ས་དོང་བརྐོ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ་སོགས་ལས་རིམ་རེ་རེ་ཞིབ་ཚགས་ཀྱིས་བསྒྲུབས་ཡོད། ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་འོག ཐེངས་འདིའི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་གྱིས་གནས་དེར་ལྗང་མདོག་ཅིག་བསྣན་པ་མ་ཟད། ངས་མཚོ་སྔོན་དུ་བླ་ཤིང་ཞིག་འཛུགས་རྒྱུ་ཡིན་ཞེས་པའི་འབོད་ཚིག་དེ་དོན་ཐོག་ཏུ་འཁྱོལ་བར་བྱས།
མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐའོ་ཡིས་བཤད་རྒྱུར། ང་ཚོའི་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཅན་བཅུའི་ཏང་འཛུགས་སྣེ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་བྱ་བ། སྐྱེ་ཁམས་བཅོས་སྐྱོང་ཟུང་འབྲེལ་གཏིང་ཟབ་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། ཏང་ཡོན་ལས་བྱེད་པ་གླིང་ཁུལ་གྱི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ནས། ཏང་འཛུགས་སྣེ་ཁྲིད་དང་མི་ཚང་མ་གླིང་ཁུལ་ལྗང་སྒྱུར་ཁྲོད་ཞུགས་པའི་རྣམ་པ་བཟང་བོ་ཞིག་རིམ་བཞིན་ཆགས་པར་བྱས་ཏེ། མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་སྣོན་གང་ཐུབ་བྱ་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།