ཏང་འཛུགས་ཀྱི་དགེ་མཚན་ལ་བརྟེན་ནས་རྒན་པ་དང་བྱིས་པའི་འཚོ་བར་བདེ་སྐྱིད་བསྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-05-08
ཀློག་གྲངས།:
ཉེ་ཆར། གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་རྨ་ཆུ་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ལེགས་འགྲུབ་བྱུང་ནས་དངོས་སུ་སྤྱོད་མགོ་བརྩམས་ཤིང། ས་ཚིགས་གཅིག་ཅན་གྱི་རྒན་གསོའི་ཞབས་ཞུ་དང་རྒྱུན་རྣམ་ཅན་གྱི་བྱིས་པའི་བཅོལ་སྐྱོང་དོ་དམ་སྲིད་ཇུས་དུས་མཉམ་དུ་ལག་བསྟར་བྱས་པར་མ་ཟད། དེང་སྐབས་གུང་ཧོ་རྫོང་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་བའི་གནད་དོན་ལ་དོ་སྣང་བྱས་ཏེ། སྡེ་ཁུལ་གྱིས་སྒོ་བཅར་ཞབས་ཞུར་བརྟེན་ནས་ཐོན་ཁུངས་གཅིག་བསྡུས་དང་གནད་ལ་འཁེལ་བའི་སྒོ་ནས་རྒན་གསོ་དང་བཅོལ་སྐྱོང་། ཟ་མའི་རོགས་རམ། དམངས་ལ་སྟབས་བདེ་བསྐྲུན་པ་སོགས་སྣ་མང་ཞབས་ཞུ་མང་ཚོགས་ཀྱི་གམ་དུ་བསྐྱལ་ནས། གཞི་རིམ་བཅོས་སྐྱོང་ལ་སྔར་བས་དྲོད་ཁོལ་ལྡན་ཞིང་མང་ཚོགས་ཀྱི་འཚོ་བར་སྔར་བས་བདེ་སྐྱིད་ལྡན་པར་བྱས་ཡོད།
མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་ཞུས་ཡོན་ཧང་གིས་ཡུལ་དངོས་ནས་ངོ་སྤྲོད་བཤད་རྒྱུར། ངའི་ལྟག་རྒྱབ་ཀྱི་རྨ་ཆུ་ལམ་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནི་ཡངས་ཤིང་རྒྱ་ཆེ་ལ། བྱེད་ནུས་འཐུས་ཚང་བས་ན་ཚོད་མི་འདྲ་བའི་དམངས་ཚིས་དགོས་མཁོ་བསྐངས་ཡོད། གཅིག་ཐོག་གི་ཞབས་ཞུའི་ཚོམས་ཆེན་དེ་ལས་ཆོད་ཆེ་ཞིང་སྟབས་བདེ་ལ། ཁམས་གསོའི་སྒྲིག་བཀོད་ཁང་རིན་མི་ལེན་པར་སྒོ་ཕྱེ་ཡོད། ཉིས་ཐོག་ཏུ་རྒན་གསོ་དང་སྤྲོ་གསེང་། ཁམས་གསོ། རིག་རྩལ་བྱ་འགུལ་བཅས་ཀྱི་ཆེད་དོན་ས་ཁུལ་བསྐྲུན་ཡོད་ལ། སུམ་ཐོག་ཏུ་བྱིས་པའི་བཅོལ་སྐྱོང་དང་ལུས་སྦྱོང་ལྟེ་གནས་བཀོད་སྒྲིག་བྱས་ཏེ་གཞོན་ནུ་ལོ་ཆུང་གི་འཚར་ལོངས་ལ་སྲུང་སྐྱོང་བྱས་ཤིང་། ཟ་མའི་རོགས་རམ་དང་ཁམས་གསོ། སློབ་ཕྱིའི་བཅོལ་སྐྱོང་། སྟབས་བདེའི་ཞབས་ཞུ་བཅས་ཀྱིས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་བསྐངས་ཡོད། ཁོར་ཡུག་གཙང་ཞིང་ཞབས་ཞུ་ལེགས་པས་མཐའ་འཁོར་སྡོད་དམངས་ཀྱིས་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཀྱིན་ཡོད་ལ། བསྟུད་མར་ཉིན་འགའི་རིང་། ཧྲུའུ་ཡུས་ཧྭ་ཧྥུའུ་ཡི་སྡོད་དམངས་ལྷ་རྒྱལ་ནི་ཉིན་རྒྱུན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་ཡོང་བ་ཡིན་ལ། འཚོ་བཅུད་ལྡན་པའི་ཟ་མ་དང་ཕུན་སུམ་ཚོགས་པའི་སྤྲོ་གསེང་བྱ་འགུལ། ཆེད་ལས་ཅན་གྱི་བདེ་ཐང་ཞབས་ཞུ་བཅས་ཀྱིས་རྒན་པའི་ཚོགས་སྤྱིའི་འཚོ་བའི་སྐྱིད་སྣང་ངེས་དོན་གྱིས་མཐོ་རུ་བཏང་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་གླ་ཡོན་འོས་འཚམ་ལེན་པའི་ཚད་གཞི་ལག་བསྟར་བྱས་ཏེ། རྒན་པར་དམིགས་ཏེ་རིམ་པ་བགར་བའི་དམིགས་བསལ་སྲིད་ཇུས་བཏོན་ནས། རྒན་པ་ཁེར་སྡོད་དང་མ་མཐའི་འཚོ་བའི་འགན་སྲུང་སོགས་དམིགས་བསལ་དཀའ་ངལ་ཆེ་བའི་ཚོགས་སྤྱིར་ཁ་ཕྱོགས་ནས། དམངས་སྲིད་ཀྱི་བཟའ་བཏུང་གི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས།
གུང་ཧོ་རྫོང་རྨ་ཆུ་ལམ་སྡེ་ཁུལ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་འབྲུག་སྐྱིད་སྒྲོལ་མས་བཤད་རྒྱུར། ང་ཚོའི་ལྟེ་གནས་ཀྱིས་ད་དུང་རྒན་གསོའི་ཟ་མའི་རོགས་སྐྱོར་དང་བྱིས་པ་བཅོལ་སྐྱོང་། སྤྲོ་གསེང་རོལ་རྩེད། དམངས་ཕན་ཞབས་ཞུ་སོགས་ཀྱི་ནུས་པ་ལེགས་སྒྲིག་བྱས་ཏེ། མངའ་ཁུལ་གྱི་རྒན་པ་དང་བྱིས་པར་བདེ་ཞིང་སྐྱིད་པའི་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་ཡོད་ཟེར། རྨ་ཆུ་ལམ་སྡེ་ཁུལ་དེ2013ལོར་བཙུགས་པ་ནས་བཟུང་། རྒན་གསོའི་ཞབས་ཞུའི་ཐོན་ཁུངས་ཞན་པས། གཞི་རིམ་བཅོས་སྐྱོང་གི་གནད་དོན་ཞིག་ཏུ་གྱུར་ཡོད། ད་སྔ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སྤྱོད་མགོ་བརྩམས་པ་ལས་རྒན་གསོའི་ཞབས་ཞུའི་གནད་དོན་ཐག་བཅད་པས། ལྟེ་གནས་ཀྱི་རྒན་གསོའི་ཞབས་ཞུར་མང་ཚོགས་ཀྱིས་དགའ་བསུ་དང་གདེང་འཇོག་ཚད་མེད་བྱེད་བཞིན་ཡོད།
གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་སྡོད་དམངས་ཡུལ་ལྷ་ཡིས་བཤད་རྒྱུར། གནས་འདིའི་ཟ་མའི་བྲོ་བར་ང་ཚོ་རྒན་པའི་དགའ་ཕྱོགས་དང་འཚམ་ལ། འཚོ་བཅུད་ཀྱི་སྡེབ་སྦྱོར་ཡང་ལེགས་པས། འདི་རུ་ཟ་མ་ཟ་ཞོར་དུ་ཁ་བརྡ་བྱས་ན་སེམས་པ་ཧ་ཅང་སྐྱིད་ཟེར།
གུང་ཧོ་རྫོང་རྨ་ཆུ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཉེན་ཅོན་གྱིས་བཤད་རྒྱུར། ང་ཚོའི་ཐོག་མའི་སེམས་འདུན་ནི་རྒན་པ་རེ་རེར་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་ཞིག་རོལ་དུ་བཅུག་སྟེ། སྨན་བཅོས་དང་ཁམས་གསོ། རྒན་གསོ། ནད་གཡོག་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར། དམངས་ཀྱི་འཚོ་བར་དོ་ཁུར་བྱ།བྱམས་པའི་བརྩེ་བ་འཛད་མཐའ་མེད། ཅན་བཅུའི་ཏང་འཛུགས་ཀྱི་ཁྲིད་སྟོན་ལ་བརྟེན་ནས། གུང་ཧོ་རྫོང་གིས་གཞི་རིམ་དམངས་ཚིས་ཞབས་ཞུའི་མ་ལག་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། དྲ་མིག་ཅན་གྱི་བཅོས་སྐྱོང་གནས་བབ་དང་བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་ལེགས་སྒྲིག་བྱས་ནས། སྔོན་ཆད་ཡོད་པའི་བདག་སྐྱོང་ཞབས་ཞུའི་ས་ཚིགས་ཀྱི་རྨང་གཞིའི་སྟེང་། བསྡོམས་པས་མ་དངུལ་སྒོར་ཁྲི2656.28བཏང་ནས། ཚད་གཞི་མཐོ་བའི་སྒོ་ནས་རྨ་ཆུ་ལམ་དང་སྲིད་དར་ལམ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱས་ཤིང་། མུ་མཐུད་དུ་ཤང་གྲོང་གི་རྒན་གསོའི་བཅོལ་སྐྱོང་ཞབས་ཞུ་ས་ཚིགས་ལེགས་སྒྲིག་བྱས་པ་བརྒྱུད་ནས། རྒན་པ་དང་བྱིས་པའི་ཚོགས་སྤྱིའི་དམངས་ཚིས་འགན་སྲུང་བྱ་བར་སྐུལ་འདེད་བྱས་ཤིང་། བྱེད་ཐབས་ལེགས་པོར་བརྟེན་ནས་དམངས་ཚིས་དོན་དངོས་བསྒྲུབས་པ་དང་། བློ་གཅིག་སེམས་གཅིག་གིས་རྒས་དུས་རྟེན་ས་ཡོད་པ་དང་བྱིས་པར་སྐྱོང་མཁན་ཡོད་པ། དཀའ་ངལ་ཅན་ལ་རོགས་སྐྱོར་ཡོད་པ། དམངས་ལ་འགན་སྲུང་ཡོད་པ་བཅས་ཀྱི་བདེ་སྐྱིད་ཀྱི་གུང་ཧོའི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།