logo

ཏང་འཛུགས“ཅན་བཅུའི”འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་དམག་འཐབ་མཁར་རྫོང་ཇེ་བརྟན་དུ་གཏོང་དགོས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-13 ཀློག་གྲངས།:
       (གཅིག)ཏང་འཛུགས་ཁ་ཕྱོགས“དུས་རབས་ཅན”། ཏང་འཛུགས་དུས་རབས་ཅན་གྱི་སྲོག་ཤིང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཕྱོགས་ཡོངས་ལ་ཁེབས་པ། མི་རེ་རེའི་སྟེང་དུ་འབབ་པ་བཅས་བྱས་ཏེ། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་། དུས་རབས་ཀྱི་བླང་བྱར་བསྟུན་པ། དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་སྐྱོན་པ། ལག་ལེན་གྱི་བྱེད་ཐབས་སྤྱད་ནས་ཏང་འཛུགས་ལས་དོན་དུས་བསྟུན་མདུན་སྐྱོད་དང་དག་སྲུང་གསར་གཏོད་བྱེད་དུ་འཇུག་རྒྱུ་དེ་ཡིན་པས། རིགས་གཞུང་སློབ་སྦྱོང་དུས་རབས་ཅན་དང་། བསམ་བློའི་སྣེ་ཁྲིད་དུས་རབས་ཅན། རྩ་འཛུགས་འཛུགས་སྐྱོང་དུས་རབས་ཅན། བྱེད་སྟངས་བྱེད་ལུགས་དུས་རབས་ཅན། ལག་ལེན་གྲུབ་འབྲས་དུས་རབས་ཅན་བཅས་སུ་འགྱུར་བར་དམིགས་ནས། བསམ་བློ་གསར་པ་དང་སྙིང་སྟོབས་གསར་པར་རྗེས་སྙེག་སློབ་སྦྱོང་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ། རྒྱུན་དུ་སློབ་སྦྱོང་བྱས་ནས་རྒྱུན་ཆད་མེད་པར་ཤེས་རྟོགས་གསར་པ་ཐོབ་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་རྩ་འཛུགས་ཀྱི་ཁེབས་རྒྱ་ཆེ་རུ་བཏང་ནས། ཏང་རྩ་འཛུགས་ཀྱིས་དུས་རབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། བྱེད་ཐབས་དང་ཐབས་ལམ་གཞི་རྟེན་སོགས་ཇེ་ལེགས་སུ་བཏང་ནས་ཏང་འཛུགས་ལས་དོན་གྱི་ལས་ཕྱོད་དང་ནུས་པ་ཆེ་རུ་གཏོང་བ། དུས་རབས་གསར་པའི་བསམ་བློ་ཁྱབ་སྤེལ་གྱི་ཁྱད་ཆོས་ལ་བསྟུན་ནས་གཙོ་རྒྱུག་རིན་ཐང་དར་སྤེལ་དང་དུས་རབས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱེད་དགོས། 
       (གཉིས།) ཏང་ནང་གཏན་འབེབས“ལམ་ལུགས་ཅན”། ཏང་འཛུགས་ལམ་ལུགས་ཅན་གྱི་འགག་རྩ་ནི་ལམ་ལུགས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་། ལམ་ལུགས་ལ་བརྟེན་ནས་དབང་ཆ་སྐྱོང་བ། ལམ་ལུགས་ལ་བརྟེན་ནས་འབྲེལ་བ་མཐུན་སྦྱོར་བྱེད་པ། ལམ་ལུགས་ལ་བརྟེན་ནས་འགན་སྲུང་བཅས་བྱས་ཏེ་ཏང་འཛུགས་ལས་དོན་ལ་རྒྱུན་དུ་དམ་འཛིན་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། རིགས་གཞུང་སློབ་སྦྱོང་དང་། དབང་ཆ་འཁོར་སྐྱོད། དཔྱད་ཞིབ་གདེང་འཇོག འགན་འཁྲི་དོན་འཁྱོལ། འགན་སྲུང་རྐྱེན་སྲོལ་སོགས་ལམ་ལུགས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཐོག མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་ཡིན་པ་བཅས་ཀྱི་ཏང་འཛུགས་ལས་དོན་གྱི་ལམ་ལུགས་མ་ལག་བཙུགས་ནས། ཏང་འཛུགས་ལས་དོན་ལ་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་གཞི་འཛིན་ས་ཡོད་པར་ཁག་ཐེག་བྱས་ཏེ་རང་འདོད་ཅན་དང་རྣམ་པ་ཅན་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་དགོས།
       (གསུམ།) གཅིག་གྱུར་སྐུལ་འདེད“མ་ལག་ཅན”། ཏང་འཛུགས་མ་ལག་ཅན་གྱི་གཙོ་གནད་ནི“ཁོངས་ཁུལ་ལོགས་དབྱེ”དང“རང་ཁོངས་རང་བཙན”གྱི་བཀག་རྒྱ་གཏོར་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་སྤྱི་ཡོངས་ཀྱི་བཟོ་བཀོད་དང་། རྒྱུད་རིམ་ལྡན་པའི་བཟོ་བཀོད། འཁོར་རྒྱུག་ཐུབ་པའི་བཟོ་བཀོད་བཅས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་གཅིག་གྱུར་འཆར་འགོད་དང་། གོང་འོག་མཉམ་འགུལ། གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱས་ཏེ། གཞི་རིམ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་མ་ལག་བཅོས་སྐྱོང་ལ་དམིགས་ནས། ལས་ཁུངས་ཀྱི་ཁེ་ལས་དོན་ལས་སྡེ་ཚན་དང་། ཏང་སྲིད་དམག་དམངས་སློབ་གྲྭ་སོགས་ཁྱབ་ཁོངས་སོ་སོའི་མ་དངུལ་གྱི་དགེ་མཚན་དང་། ཆ་འཕྲིན་གྱི་དགེ་མཚན། འཇོན་མིའི་དགེ་མཚན། ཐོན་ཁུངས་ཀྱི་དགེ་མཚན། ཐབས་ལམ་གྱི་དགེ་མཚན་སོགས་རྒྱུ་རྐྱེན་སྡེབ་སྒྲིག་བྱེད་པར་གཅིག་གྱུར་ཀྱིས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གཤམ་སྐྱོད་དང་མི་སྣ་གཤམ་སྐྱོད། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་། ལས་རིགས་སྡེ་ཁག་ཞུགས་པའི“འགྱིག་སྐོར་གཅིག”གི་ལས་སྒྲུབ་རྣམ་པ་ཆགས་སུ་འཇུག་དགོས།
       (བཞི།) བྱ་བའི་བྱེད་ཐབས“བྱེ་བྲག་ཅན”། ཏང་འཛུགས་བྱེ་བྲག་ཅན་ཞེས་པ་ནི་སྤྱི་མཚན་གྱི་ཐ་སྙད་དེ་ལས་འགན་བྱེ་བྲག་པར་བསྒྱུར་བ་དང་། རྩ་དོན་གྱི་བླང་བྱ་དེ་བྱེད་ཐབས་དངོས་སུ་བསྒྱུར་བ། དམིགས་འབེན་དང་ཁ་ཕྱོགས་དེ་དམ་འཛིན་བྱས་ཆོག་ལ་སྒྲུབ་ཀྱང་ཆོག་པའི་དོན་དངོས་སུ་བསྒྱུར་རྒྱུ་བཅས་ཡིན་པས། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་ཉེ་བར་མཁོ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམིགས་ནས། ཏང་འཛུགས་སྐྱོང་གི“བརྗོད་གཞི་ཆེན་པོ”དེ“གཅོད་ཁ་ཆུང་ངུའི”ནང་འདྲེས་པར་བྱེད་པ་དང་། ཐོན་སྐྱེད་དང་། འཚོ་བ། བྱ་བ་བཅས་ལ་ཉེ་བར་བཅར་ནས་ཏང་འཛུགས་དེ་ལམ་ཞིག་བཟོ་བ་དང་རྩོད་གཞི་ཞིག་འདུམ་འགྲིག་བྱེད་པ་ལྟ་བུའི་དོན་དག་བྱེ་བྲག་པའི་ཐོག་ནས་མཚོན་པར་བྱེད་དགོས། སྤྱི་མཚན་དུ་གྱུར་པའི་ཏང་འཛུགས་བླང་བྱ་དེ་བྱེ་བྲག་གི“བྱ་སྤྱོད་གསལ་ཐོ”རུ་བསྒྱུར་བ་དང་། སྤྱི་ཁོག་གི་ཏང་འཛུགས་བླང་བྱ་དེ་བཀོལ་སྤྱོད་བྱེད་ཐུབ་པ་དང་། ཚད་འབེབས་བྱེད་ཐུབ་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ཀྱི་ཞིབ་ཕྲའི་ལས་འགན་དུ་བསྒྱུར་ནས། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། རེག་ཐུབ་པ། སྒྲུབ་ཤེས་པ། ཕན་འབྲས་ལྡན་པ་བཅས་ཀྱི་བྱ་སྤྱོད་ཀྱི་བརྒྱུད་རིམ་དུ་བསྒྱུར་དགོས།
       (ལྔ།) ཏང་འཛུགས་ཚད་གཞི“ཚད་ལྡན་ཅན”། ཏང་འཛུགས་ཚད་ལྡན་ཅན་ཞེས་པ་ནི་ཚད་གཞི་ལྟར་དམ་འཛིན་དང་། ལམ་ལུགས་ལྟར་ལས་པ། གོ་རིམ་ལྟར་སྒྲུབ་པ་བཅས་བྱས་ཏེ། ཏང་འཛུགས་ལས་དོན་ཚད་གཞི་གཅིག་གྱུར་དང་། ལག་བསྟར་ཚད་ལྡན། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་ཅན་དང་། དཔུང་ཁག་འཛུགས་སྐྱོང་ཚད་ལྡན་ཅན། རྩ་འཛུགས་འཚོ་བ་ཚད་ལྡན་ཅན། ཇུས་གཅོད་དོན་གྲོས་ཚད་ལྡན་ཅན་བཅས་སུ་འགྱུར་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་བཀོད་སྒྲིག་དང་། ཚན་ཁག་འཛུགས་སྐྱོང་། ཏང་ཡོན་དོ་དམ། རྩ་འཛུགས་འཚོ་བ། འཁོར་སྐྱོད་འགན་སྲུང་སོགས་ལ་ཁྱབ་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་བྱ་བའི་ཚད་གཞི་ཁ་གསལ་བཟོ་བ་དང་། ལས་རིམ་ཚད་ལྡན་དུ་གཏོང་བ། བླང་བྱ་ཞིབ་ཕྲ་འདོན་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། ཏང་དོན་ལས་བྱེད་པ། ཏང་ཡོན་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁྲིའི་གསལ་ཐོ་ཞིབ་ཕྲ་བཟོ་བ། ཏང་འཛུགས་སྐྱོང་གི་ལྷུ་ཚིགས་ཁག་དང་ཁྱབ་ཁོངས་ཁག་གི་བྱ་བའི་གཟབ་ནན་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས།
       (དྲུག) གནད་དོན་ཁྲིད་ཕྱོགས“གནད་འཁེལ་ཅན”། ཏང་འཛུགས་གནད་འཁེལ་ཅན་ཞེས་པ་ནི་གཙོ་ཕལ་མི་འབྱེད་པ་དང་། ནན་ཏན་མིན་པ། རྣམ་པ་གཙོ་བོར་འཛིན་པ་ལས་ཕན་འབྲས་གཙོ་བོར་མི་འཛིན་པ་བཅས་ཀྱི་གནད་དོན་ཐག་བཅད་དེ། ཏང་འཛུགས་ལས་དོན་དེ་དོན་དངོས་དང་སྔར་ལས་མཐུན་ཞིང་། མང་ཚོགས་དང་། ཐོན་སྐྱེད། འཚོ་བ་བཅས་དང་སྔར་ལས་ཐག་ཉེ་པོ་ཡོང་བར་བྱ་རྒྱུ་དེ་ཡིན་པས། ཏང་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་ཨུ་བཅས་ཀྱི་གྲོང་གསེབ་དར་རྒྱས་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་སོགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རྣམས་ཞིང་སྡེ་དང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་དང་མཉམ་འདྲེས་བྱས་ཏེ། “མང་ཚོགས་ལ་ཅི་ཞིག་མཁོ་ན་དེ་དོན་འཁྱོལ་བྱེད་པ་དང་། གང་ཞིག་མེད་ན་དེ་ཐག་གཅོད་བྱེད་པའི”རྩ་དོན་བརྩི་སྲུང་བྱེད་པ་དང་། ཚོགས་སྤྱི་མི་འདྲ་བ་དང་དགོས་མཁོ་མི་འདྲ་བར་དཞིགས་ནས་རིགས་དབྱེ་ཇུས་བསྟར་བྱེད་པ། འགན་འཁྲིའི་གསལ་ཐོ་དང་། ལས་འགན་གསལ་ཐོ། ལམ་ལུགས་གསལ་ཐོ། གནད་དོན་གསལ་ཐོ་བཅས“གསལ་ཐོ་བཞི”འཐུས་ཚང་དུ་གཏོང་བ། “སུས་སྒྲུབ་པ”དང་། “ཅི་ཞིག་སྒྲུབ་པ”། “ཇི་ལྟར་སྒྲུབ་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། “འགན་འཁྲི་གནད་ལ་འཁེལ་བ་དང་། ལས་འགན་གནད་ལ་འཁེལ་བ། ཞབས་ཞུ་གནད་ལ་འཁེལ་བ”བཅས་ཡོང་ཐུབ་པར་བྱེད་དགོས།
       (བདུན།) འཚོལ་ཞིབ་རྣམ་པ“ས་ཁོངས་ཅན”། ཏང་འཛུགས་ས་ཁོངས་ཅན་ཞེས་པ་ནི་ཏང་འཛུགས་སྐྱོང་དང་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་གནས་དེ་གའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། ས་གནས་དེ་གའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ས་གནས་དེ་གའི་དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། ཏང་འཛུགས་ལས་དོན་དེ་ས་གནས་མི་འདྲ་བ་དང་། མི་ཚོགས་མི་འདྲ་བ། དོན་དག་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་ལྟར་སྒྲུབ་ནས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དེ་ཡིན་པས། མཚོ་ལྷོ་ཁུལ་གྱི་རོང་འབྲོག་ཁུལ་གྱི་ས་ཁོངས་ཆ་རྐྱེན་དང་། སྤྱི་ཚོགས་གོང་འཕེལ་བྱུང་ཚད། རིག་གནས་ཀྱི་འབྱུང་ཁུངས། མང་ཚོགས་ཀྱི་ནུས་པ། མང་ཚོགས་ཀྱི་གོམས་གཤིས། ཞབས་ཞུ་ནུས་པའི་ཚངས་ཕྱེད་སོགས་ས་ཁོངས་མི་འདྲ་བའི་ཁྱད་ཆོས་དང་། བཅོས་སྐྱོང་གི་ཁྱད་ཆོས། དངོས་ཡོད་དགོས་མཁོ་བཅས་ལ་དམ་པོར་དམིགས་ཐོག ཡུལ་བབ་དང་བསྟུན་ནས་ཏང་འཛུགས་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་གཞི་རྟེན་གསར་གཏོད། ཞབས་ཞུ་བྱེད་སྟངས་ལེགས་སྒྱུར་བཅས་བྱས་ཏེ། ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ལས་དོན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། ཏང་འཛུགས་ལས་དོན་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་། རང་ཡུལ་གྱི་བྲོ་བ། ས་གནས་ཀྱི་དྲོད་ཚད་བཅས་ལྡན་པར་བྱེད་དགོས།
       (བརྒྱད།) ཏང་འཛུགས་ཞུགས་རྒྱ“ཡོངས་ཁྱབ་ཅན”། ཏང་འཛུགས་ཡོངས་ཁྱབ་ཅན་ཞེས་པ་ནི་མང་ཚོགས་ཅན་དུ་འགྱུར་བར་བྱེད་པ་སྟེ། མང་ཚོགས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། མང་ཚོགས་དང་ཉེ་བར་བཅར་བ། མང་ཚོགས་ལ་བསྟུན་པ། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཏང་གིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཇུག་མཐའི་གོམ་པ་གང”ཤར་གཏོང་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས། “ཏང་འཛུགས་སྐྱོང་བྱེད་པ་ནི་ཏང་ཡོན་གྱི་བྱ་བ་ཡིན་པར”སྙམ་པའི་བསམ་གཞིགས་བྱེད་སྟངས་དོར་ནས། ཏང་གི་རྩ་འཛུགས་མང་ཚོགས་ཅན་དང་། གཞུང་ལུགས་མང་ཚོགས་ཅན་། དྲིལ་སྒྲོག་མང་ཚོགས་ཅན། བཅོས་སྐྱོང་མང་ཚོགས་ཅན། ཐེ་ཞུགས་མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་གི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས“མི་སེར་དཀྱུས་མའི་ཁྱིམ་དུ་སྐྱོད་ཐུབ་པར”བྱེད་དགོས། མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་དེ་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ནང་འདྲེས་ཐུབ་པ་དང་། གཞི་རིམ་གྱི་མི་ཚང་མར་ཁྱབ་ཐུབ་པ། མང་ཚོགས་གར་སྟེགས་འོག་ནས་གར་སྟེགས་ཐོག་སྐྱོད་དེ། “ཟློས་གར་ལྟ་མཁན”ནས“འཁྲབ་གཞུང་རྩོམ་མཁན་དང་། འཁྲབ་ཁྲིད་པ། འཁྲབ་སྟོན་པ”བཅས་སུ་འགྱུར་བར་བྱས་ཏེ། ཏང་འཛུགས་ལས་དོན་དེ“ཏང་ནང་འཛུགས་སྐྱོང”ནས“དམངས་ཡོངས་མཉམ་སྐྲུན”དུ་འགྱུར་བར་བྱེད་དགོས།
       (དགུ།) ཏང་གི་གཞུང་ལུགས“གོ་བདེ་ཅན”། ཏང་འཛུགས་གོ་བདེ་ཅན་དུ་ཞེས་པ་ནི་གནས་ལུགས་ལ་མཐོང་ཆེན་བྱས་ནས་སློབ་སྦྱོང་གི་བརྒྱུད་རིམ་སྟབས་བདེར་བཟོ་བ་དང་། གནས་ལུགས་ལ་མཐོང་ཆེན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་པ་སྟེ། གནས་ལུགས་ཆེན་པོ་གསལ་པོར་བཤད་པ་དང་། བླང་བྱ་བཙན་པོ་དོན་དངོས་སུ་བསྒྱུར་ནས་ཏང་འཛུགས་སྐྱོང་དེ“ཡིག་ཆའི་ནང”ནས“འཚོ་བའི་ཁྲོད”ལ་སྐྱོད་དུ་འཇུག་རྒྱུ་དེ་ཡིན་པས། མང་ཚོགས་ཀྱི་རིག་གནས་ཆུ་ཚད་དང་། ཤེས་རྟོགས་གོམས་གཤིས། དང་ལེན་བྱེད་ནུས་བཅས་ལ་གཞིགས་ནས་གོ་བདེ་བའི་སྐད་ཆ་དང་། ནང་དོན། རྣམ་པ་བཅས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་དགོངས་དོན་དེ་གོ་སླ་བའི་རྒྱུན་ལྡན་གྱི་སྐད་ཆར་བསྒྱུར་ནས་མང་ཚོགས་ཀྱིས་ཉན་མ་ཐག་ཤེས་ཐུབ་པ་དང་ལས་མ་ཐག་དགའ་ཞེན་བྱེད་དུ་འཇུག་དགོས་པ་དང་། ཏང་འཛུགས་ལས་དོན་དེ་རྒྱུན་ལྡན་གྱི་ལས་དོན་དང་། ཉེ་འགྲམ་གྱི་བྱ་བ། མང་ཚོགས་ཀྱི་དགོས་མཁོ་བཅས་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་ཏང་འཛུགས་སྐྱོང་དེ་རང་ཉིད་དང་འབྲེལ་བ་དམ་ཟབ་ཡོད་པ་དང་ཁ་འབྲལ་ཐབས་མེད་པའི་ཚོར་སྣང་སྐྱེ་རུ་འཇུག་དགོས་ཤིང་། གཏམ་རྒྱུད་ཐུང་ངུ་དང་བྱ་འགུལ་ཆུང་ངུ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་དང་གཞི་རྟེན་སྤྱད་ནས་ཏང་འཛུགས་དེ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་འཚོ་བའི་བྲོ་བ་ལྡན་པར་བྱེད་དགོས།
       (བཅུ།) མཇུག་འབྲས་ཁྲིད་ཕྱོགས“ཕན་འབྲས་ཅན”། ཏང་འཛུགས་ཕན་འབྲས་ཅན་ཞེས་པ་ནི་གནད་དོན་ཐག་གཅོད་དང་། དོན་འཁྱོལ་ལ་སྐུལ་འདེད། ཕན་འབྲས་དངོས་འཐོབ་པ་བཅས་བྱ་རྒྱུ་དེ་ཏང་འཛུགས་ལས་དོན་གྱི་མགོ་རྩོམ་ས་དང་དོན་ལ་འབབ་སར་བྱས་ཏེ། ཏང་འཛུགས་ལས་དོན་དེ་མིག་མཐོང་ལག་ཟིན་དང་ཕན་འབྲས་ཐོན་པར་ཁག་ཐེག་བྱ་རྒྱུ་དེ་ཡིན་པས། གནད་དོན་ཐག་གཅོད་བྱས་ཡོད་མེད་དང་། འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་མེད། མང་ཚོགས་ཡིད་ཚིམ་མིན་བཅས་བྱ་བའི་ཕན་འབྲས་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩིས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་སོགས་ཀྱི་དགོངས་པ་གལ་ཆེན་དང་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་། དཀའ་གནད་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་སྐུལ་སྤེལ་བཅས་བྱེད་པའི་བྱེ་བྲག་གི་དངོས་སྒྲུབ་བྱེད་ཐབས་སུ་བསྒྱུར་བ་དང་། ཏང་འཛུགས་ལས་དོན་དང་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ལ་སྣེ་ཁྲིད་དང་། དམངས་འཚོར་ཞབས་ཞུ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་སུ་འགྱུར་བར་སྐུལ་སྤེལ་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།