གུང་ཧོས་ཏང་འཛུགས་ལ་བརྟེན་ནས་སྐྱེ་ཁམས་བདེ་སྡོད་ལ་འཚམ་པའི་རྣམ་པ་གསར་པ་བཏོད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-06-24
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་བྱ་བ་ཕྱོགས་ཡོངས་ནས་སྤེལ་བའི་ཚུན་ལ། ཁུལ་ཡོངས་ཀྱི་ཤང་གྲོང་ཁག་དང་སྡེ་བ་ཁག་ཏུ་ཅན་བཅུའི་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པར་གཞི་བཙུགས་ནས། གཞི་རིམ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས། སྐྱེ་ཁམས་བདེ་སྡོད་ལ་འཚམ་པ་དང་དམངས་ལ་དྲོ་སྐྱིད་ལྡན་པའི་བཅོས་སྐྱོང་གི་གྲུབ་འབྲས་བཟང་བོ་བླངས་ཡོད། ཉེ་ཆར། གུང་ཧོ་རྫོང་དུམ་པ་སྡེ་བས་ཆེས་མཛེས་པའི་ལྷས་ར་ཞེས་པའི་དཔེ་སྟོན་ཁྱིམ་ཚང་ལ་གཅིག་སྡུད་སྒོས་གཟེངས་བསྟོད་བྱེད་པའི་བྱ་འགུལ་སྤེལ་ནས། དཔེ་སྟོན་སྣེ་ཁྲིད་ཀྱིས་མང་ཚོགས་རང་འགུལ་ངང་ལྷས་རའི་ནང་མཛེས་བཟོ་དང་སྡེ་བའི་རྣམ་པ་བཅོས་སྒྲིག་བྱེད་པའི་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ཏེ། ལྷས་རའི་ནང་གི་གཙང་སྦྲ་ལེགས་པ་དང་འཆམ་མཐུན་བདེ་སྐྱིད་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
གུང་ཧོ་རྫོང་དུམ་པ་སྡེ་བའི་སྡེ་མི་མགོན་པོས་བཤད་རྒྱུར། སྔོན་ཆད་ལྷས་རའི་ནང་དུ་དངོས་པོ་གང་སར་སྤུངས་ཤིང་གྱང་ར་ཞིག་རལ་ཏུ་གྱུར་བ་དང་གྲལ་དག་པོ་ཞིག་མིན། ད་ལྟ་ཟླ་བ་རེ་རེར་དཔྱད་བསྡུར་བྱེད་ཀྱི་ཡོད་པས། ང་ཚོའི་ལྷས་རའི་ནང་གཙང་ཞིང་གྲལ་དག་པ་ལ་སེམས་པ་ཧ་ཅང་སྐྱིད་པོ་ཡིན་ཟེར།
ད་ལྟའི་དུམ་པ་སྡེ་བར། སྡོད་ཁང་གི་ལྷས་ར་གྲལ་དག་ཅིང་ཚགས་དམ་པ་དང་། སྒོ་ཁའི་མེ་ཏོག་ལྡུམ་རར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། སྔོན་ཆད་གང་བྱུང་དུ་སྤུངས་པའི་གད་སྙིགས་དག་རྩ་བ་ནས་གཙང་སེལ་བྱས་ཡོད། ཅན་བཅུའི་ཏང་འཛུགས་ཀྱི་བྱ་བ་སྤེལ་བ་ནས་བཟུང་། སྡེ་བ་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་གིས་ལྷས་ར་དཔྱད་བསྡུར་ལམ་ལུགས་བཙུགས་ཤིང་། ཁོར་ཡུག་གཙང་སྦྲ་དང་ལྗང་སྒྱུར་མཛེས་སྤྲས། དཔལ་ཡོན་ཁྱིམ་སྲོལ་སོགས་ཀྱི་ཚད་གཞིར་དམིགས་ནས་དཔེ་སྟོན་ཁྱིམ་ཚང་བདམས་ཏེ། མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་སྡེ་བའི་ལས་བྱེད་པ་ཞིང་ཁྱིམ་དུ་སོང་ནས་ལྟ་སྐུལ་བྱེད་པ་ནས། སྡེ་མི་ཚོ་རང་འགུལ་དང་རང་རྟོགས་ངང་སྲུང་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། གུང་ཧོ་རྫོང་དུམ་པ་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་གི་ཚན་གཙོ་མཱ་ཧྲེང་ཡུན་གྱིས་བཤད་རྒྱུར། ང་ཚོར་ཁྱོན་བསྡོམས་མི76ཡོད་ལ། དེ་ཚན་ཆུང7དུ་བགོས་ནས་ལམ་འགྲམ་དང་ཁང་པའི་མདུན་རྒྱབ། ནགས་ཚལ། རྩྭ་ས་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་གི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་བཞིན་ཡོད། ད་ལྟ་ཚང་མ་རང་མོས་ཀྱིས་བྱ་བ་འདིའི་ནང་ཞུགས་ནས་གཙང་སྦྲ་བཟང་བོ་བྱེད་བཞིན་ཡོད་ཟེར། ལྷས་ར་ཆུང་ཆུང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་འདི་ནི། མཚོ་ལྷོ་ཁུལ་གྱི་ཅན་བཅུའི་ཏང་འཛུགས་བྱ་བ་དེ་ས་གནས་སུ་ལག་བསྟར་དོན་འཁྱོལ་བྱས་པར་ཕན་འབྲས་ཐོབ་པའི་མཚོན་རྟགས་ཤིག་ཡིན་ལ། གུང་ཧོ་རྫོང་ས་གྲུ་བཞི་ཤང་གྲུ་བཞི་སྡེ་བ་རུ་སྡེ་བ་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་གིས་ས་རྒོད་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་སྤེལ་ཏེ། བེད་མེད་དུ་བསྐྱུར་བའི་ས་རྒོད་བཏུལ་ནས་འདེབས་འཛུགས་བྱས་ཆོག་པའི་ཞིང་ས་གཤིན་པོ་ཞིག་ཏུ་བསྒྱུར་ཡོད།
གུང་ཧོ་རྫོང་ས་གྲུ་བཞི་ཤང་གྲུ་བཞི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝེ་ཆང་གིས་བཤད་རྒྱུར། ང་ཚོ་གྲུ་བཞི་སྡེ་བས་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། དུས་རྒྱུན་དུ་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱ་བ་སྤེལ་ཞིང་། ཐེངས་འདིའི་ཁོར་ཡུག་བཅོས་སྐྱོང་བརྒྱུད་ནས། ས་རྒོད་མུའུ50ལྷག་བདེ་སྙོམས་བྱས་ཏེ། ད་ལྟ་ས་མུའུ30ལྷག་ལ་ལོག་དཀར་བཏབ་ཡོད་པས། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ལེགས་སུ་བཏང་བ་མ་ཟད། སྡེ་བའི་ཁོར་ཡུག་ཀྱང་ཇེ་ལེགས་སུ་བཏང་ཡོད་ཟེར།
ཁང་བའི་ལྷས་ར་ལེགས་བཅོས་བྱས་པ་ནས་བེད་མེད་དུ་བསྐྱུར་བའི་ས་རྒོད་བདེ་སྙོམས་བྱས་པའི་བར། ཁུལ་ཡོངས་སུ་ཅན་བཅུའི་ཏང་འཛུགས་བྱ་བ་སྤེལ་བ་ནས་བཟུང་། ཆེད་དོན་བྱ་བའི་ཚན་ཁག་གི་གཞི་རིམ་བཅོས་སྐྱོང་བྱ་བའི་ལས་བགོས་སྔར་ལས་ཁ་གསལ་ཞིང་། ནུས་ཤུགས་སྔར་ལས་གནད་ལ་འཁེལ་བར་བྱས་ཡོད་ལ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱས་ནས། མཉམ་འཛུགས་མཉམ་སྐྱོང་མཉམ་རོལ་གྱི་རྣམ་པ་ཞིག་ཆགས་ཏེ། མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོང་དུས་མཉམ་དུ་མཐོར་འདེགས་སུ་བཏང་ནས་མང་ཚོགས་ལ་ཕན་ཁེ་དངོས་བསྐྲུན་ཡོད།

འབྲེལ་ཡོད་འོས་སྦྱོར།