ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བས་བེད་མེད་དུ་བསྐྱུར་བའི་ས་རྒོད་གཟན་རྩྭའི་རྟེན་གཞིར་བསྒྱུར།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-06-30
ཀློག་གྲངས།:
ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བ་དུས་ཡུན་རིང་པོར་ཐུན་མོང་གི་རྨོ་ཞིང་མུའུ500ཡུན་རིང་ས་རྒོད་དུ་ལུས་པའི་གནད་དོན་ལ་འཕྲད་ཡོད་པ་དང་། ཅན་བཅུའི་ཏང་འཛུགས་ལས་དོན་སྤེལ་ཚུན་ས་གནས་དེ་གའི་བེད་མེད་དུ་བསྐྱུར་བའི་རྨོ་ཞིང་དུ་སྔོ་གཟན་མ་རྨོས་ལོ་ཏོག་བཏབ་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། 2025ལོར་རྫོང་དང་ཤང་གིས་སྤུས་ལེགས་སྔོ་གཟན་མ་རྨོས་ལོ་ཏོག་གི་སོན་བཟང་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱེད་པར་གཅིག་གྱུར་གྱིས་ནང་འདྲེན་བྱས་ཏེ། རྨོ་འདེབས་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཞིབ་ཕྲ་ཅན་གྱི་ལས་སྒྲུབ་ལག་བསྟར་བྱས་ཤིང་། ལོ་རེར་གཟན་རྩྭ་སྒྱེ་ཁྲི1.3ཐོན་སྐྱེད་བྱས་ནས་མཐའ་འཁོར་གྱི་གསོ་སྤེལ་ར་བར་མཁོ་སྤྲོད་བྱས་པ་དང་། སྡེ་བའི་ཐུན་མོང་ལ་ཡོང་འབབ་སྒོར་ཁྲི53ཡོད་ལ། སྡེ་མི20ལྷག་གིས་གནས་དེ་གར་ལས་ཀ་བྱེད་པར་སྐུལ་ཁྲིད་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི100.93ཟིན་པ་དེ་དུས་མཉམ་ལས91.88%འཕར་བ་དང་སྡེ་བ་ཡོངས་ཀྱི་དུད་ཁྱིམ100ལ་ཆ་སྙོམས་ཁེ་སྤོགས་སྒོར3300བགོས་ཡོད། ད་ལོར་སྡེ་བས་ཚོ་ཆུང་བགོས་ནས་གཉེར་སྐྱོང་དང་ཚད་འབེབས་དཔྱད་ཞིབ། རྩོལ་བསྟུན་ཐོབ་སྤྲོད་བཅས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ། ཆ་སྙོམས་རིང་ལུགས་མེད་པར་བཟོས་ནས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དུས་མཉམ་དུ་འཕེལ་རྒྱས་སུ་བཏང་ནས། འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཐུན་མོང་དཔལ་འབྱོར་བརྟན་པོའི་ངང་སྟོབས་ཆེར་འགྲོ་བ་དང་། སྡེ་མིའི་ལས་ཀ་ལས་ནས་ཁེ་སྤོགས་བགོ་བ་དང་འབབ་འཕར་ཡོང་བར་བྱས་ཡོད།
ཟླ6པའི་ཚེས17ཉིན་གསར་འགོད་པ་ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིར་བསྐྱོད་སྐབས་སྔོ་ལྗང་མ་རྨོས་ལོ་ཏོག་གི་མྱུ་གུར་འབྲས་བཟང་སྨིན་ཡོད་པ་དང་། སྡེ་མི་ཚོས་འགྱིག་ཤོག་གཙང་བཤེར་དང་ཞིང་ཁའི་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་དོན་གཅིག་སྡུད་སྒོས་སྤེལ་ནས་ཞིང་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།
ཐུན་ཏེ་རྫོང་འབའ་ལུང་ཤང་འབའ་མདོ་སྡེ་བའི་སྡེ་མི་ཧེ་ཐིང་ཞང་གིས་བཤད་རྒྱུར། ན་ནིང་གི་ཐུན་མོང་ཁེ་སྤོགས་ལས་ཁོ་ནར་ང་ལ་སྒོར4800བགོས་པ་དང་དེ་སྔོན་གྱི་ཡོང་འབབ་ཚང་མ་ཆ་སྙོམས་བགོ་བཤའ་བརྒྱབ་པ་ཤ་སྟག་ཡིན་ལ། ལས་ཀའི་མང་ཉུང་དང་ལས་ཀ་བྱེད་མིན་ལ་ཁྱད་པར་ཆེན་པོ་མེད་པས་ཚང་མས་ལས་ཀ་བྱེད་སྐབས་བརྩོན་སེམས་ཆེན་པོ་མེད། ད་ལོར་སྡེ་བས་རྩོལ་བསྟུན་ཐོབ་སྤྲོད་ཁྱབ་གདལ་དུ་བཏང་ནས་ལས་ཀའི་མང་ཉུང་ལྟར་ཡོང་འབབ་དེ་ཙམ་རག་གི་ཡོད་པ་དང་། གོ་ཐོས་ལྟར་ན་ཡོང་འབབ་ད་དུང་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་ངེས་ཡིན། ཁྱིམ་དུ་བསྡད་ན་ལས་ཀ་ཅི་མང་མེད་པ་དང་། ཞིང་ནང་དུ་འགྱིག་ཤོག་གཙང་བཤེར་དང་མ་རྨོས་ལོ་ཏོག་བདག་སྐྱོང་བྱེད་དུ་ཡོང་ན་ལུས་ཕུང་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད་ད་དུང་ཡོང་འབབ་མང་ཙམ་ལེན་ཐུབ། འདྲ་མཉམ་དྲང་གཞག་གི་སྲིད་ཇུས་འདི་ལྟ་བུ་ལ་ང་ཚོ་སྡེ་མི་ཚང་མས་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར།
ཞིང་ནང་དུ་སྨིན་པའི་སྔོ་གཟན་མ་རྨོས་ལོ་ཏོག་བསྡུས་རྗེས་འཐག་པ་དང་། དེ་ནས་ཐུམ་བརྒྱབ་ཏེ་བསྙལ་ནས་སྤུས་ལེགས་གཟན་རྩྭ་གྱུར་བས། མཐའ་འཁོར་གཞི་ཁྱོན་ཅན་གྱི་ནོར་ལུག་གསོ་སྤེལ་ར་བར་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་བཞིན་ཡོད་ལ། གསོ་སྤེལ་ར་བའི་ནོར་ལུག་གི་གཟན་རྩྭ་གཙོ་བོ་ནི་སྔོ་གཟན་མ་རྨོས་ལོ་ཏོག་ཡིན་པས། ནོར་ལུག་ལ་ཤ་ཤེད་རྒྱས་ཤིང་། གསོ་སྤེལ་གྱི་ཚད་གཞི་ལ་སླེབས་ཚེ་གཅིག་གྱུར་སྒོས་བཤས་རར་སྐྱེལ་བཞིན་ཡོད་པས། སྔོ་གཟན་མ་རྨོས་ལོ་ཏོག་འདེབས་འཛུགས་དང་གཟན་རྩྭ་ལས་སྣོན། ནོར་ལུག་གསོ་སྤེལ། བཤས་གཏོང་ལས་སྣོན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཞིག་ཆགས་ཡོད།
འབའ་མདོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རིག་ལྡན་དོན་འགྲུབ་ཀྱིས་བཤད་རྒྱུར། 2025ལོར་ང་ཚོ་འབའ་མདོ་སྡེ་བའི་ཏང་ཀྲི་པུའུ་ཡིས་མང་ཚོགས་སྐུལ་སློང་བྱས་ཏེ་ས་མུའུ500ཡན་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། གཅིག་གྱུར་སྒོས་སྔོ་གཟན་མ་རྨོས་ལོ་ཏོག་བཏབ་ཅིང་། ལོ་མཇུག་ཏུ་སྔོ་གཟན་མ་རྨོས་ལོ་ཏོག་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི53ལ་སླེབས་པས། ཆ་སྙོམས་ཁེ་སྤོགས་སྒོར3300བགོ་བཤའ་བརྒྱབ་པ་ཡིན། ད་ལོར་ང་ཚོས་འདེབས་འཛུགས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས། ཞིང་སར་ཚད་ལྡན་གྱིས་དོ་དམ་བྱས་ཏེ། ཡོང་སྒོ་སྒོར་ཁྲི70ལས་བརྒལ་རྒྱུའི་སྔོན་དཔག་གི་འཆར་གཞི་ཡོད་ལ། མང་ཚོགས་ཀྱི་བརྩོན་སེམས་ཀྱང་ཧ་ཅང་ཆེ་ཟེར།
སྔོ་གཟན་མ་རྨོས་ལོ་ཏོག་གི་ཐོན་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ཏུ། འབའ་མདོ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ས་གནས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་རྐང་བཙུགས་ཏེ།གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་བཀོད་སྒྲིག་བྱས་ནས། སྡེ་དམངས་ཀྱིས་མཐའ་འཁོར་ལྗོངས་ཁུལ་དུ་ཞོར་ལས་གཉེར་བ་དང་དམངས་སྲོལ་མགྲོན་ཁང་གཉེར་བར་སྐུལ་ཁྲིད་བྱས་ཏེ། འདེབས་འཛུགས་གསོ་སྤེལ་དང་རིག་གནས་ཡུལ་སྐོར་དུས་མཉམ་དུ་སྤེལ་ནས། སྡེ་དམངས་ཀྱི་འབབ་འཕར་ལམ་བུ་མུ་མཐུད་དུ་ཆེ་རུ་བཏང་ལ། སྔོན་ཆད་ཀྱི་མུ་མེད་ཐང་སྟོང་དེ་ད་ལྟ་གཟན་རྩྭ་འདེབས་སའི་རྟེན་གཞི་རུ་གྱུར་ཡོད་པས། ས་གནས་ཀྱིས་མུ་མཐུད་དུ་རི་ཆུ་སྔོན་མོ་ནི་དམངས་ཕྱུག་འབབ་འཕར་གྱི་ཚོང་ལས་གཉེར་བའི་གོ་སྐབས་ལེགས་པོར་བསྒྱུར་བཞིན་ཡོད།

འབྲེལ་ཡོད་འོས་སྦྱོར།