《ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》འགྲེམ་སྤེལ་བྱས་པ།
《<རི་བོ་ཉི་ཟླ>ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》རྩོམ་བསྒྲིགས་ཨུ་ཡོན་གྱི་འགོ་གཙོའམ་རྫོང་
སྲིད་གཞུང་གི་འགོ་གཙོ་གཞོན་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
ཟླ7ཚེས1ཉིན། གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་གཙོ་བསྒྲིགས་གནང་བའི《<རི་བོ་ཉི་ཟླ>ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》ཞེས་པ་ཆབ་ཆ་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད།
མཛད་སྒོའི་ཡུལ་དངོས།
《<རི་བོ་ཉི་ཟླ>ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》ཞེས་པའི་དུས་དེབ།
མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་གནའ་རྩོམ་གཞུང་ལས་ཁང་གི་ཀྲུའུ་རིན་ཅིན་བསོད་ནམས་དང་། མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་འགོ་གཙོ་པདྨ་ལྷུན་གྲུབ། མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་ཀྱི་ན་གཞོན་རྩོམ་པ་པོ་ལུང་རིན་ཆེན། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་འགྲུབ་ཚེ་རིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཆོས་སྐྱོང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ། གསེར་ཆེན་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་མཁའ་འགྲོ་འབུམ། རྫོང་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་བསོད་ནམས་རྡོ་རྗེ། རྫོང་སྲིད་གྲོས་ཀྱི་ཀྲུའུ་རིན་སྐར་མ་ཚེ་རིང་། དེ་མིན་མཚོ་ལྷོའི་ཚགས་པར་ཁང་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ། མཚོ་ལྷོ་ཁུལ་འཕྲོད་བསྟན་སློབ་གྲྭ། རྫོང་དྲིལ་བསྒྲགས་པུའུ། རྫོང་རིག་གནས་ལུས་རྩལ་དང་རྒྱང་བསྒྲགས་རླུང་འཕྲིན་ཅུའུ་སོགས་སྡེ་ཁག་དང་ཆབ་ཆ་ས་ཁུལ་གྱི་མི་རིགས་སློབ་གྲྭའི་འགན་ཁུར་བ་བཅས་བསྡོམས་པས་མི30ལྷག་ཐེངས་འདིའི་འགྲེམ་སྤེལ་མཛད་སྒོ་ལ་ཞུགས་པ་རེད།
འགྲེམ་སྤེལ་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་། ཆེད་མཁས། རྩོམ་པ་པོ་དག་གིས《རི་བོ་ཉི་ཟླ》དུས་དེབ་
ཀྱི་པར་སྐྲུན་གནས་ཚུལ་ལ་རང་སོ་སོའི་བསམ་འཆར་དང་དགོངས་ཚུལ་འདོན་བཞིན་པ།
མཛད་སྒོའི་ཟུར་གཞན་ཞིག
མཛད་སྒོའི་སྟེང་། 《<རི་བོ་ཉི་ཟླ>ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》རྩོམ་བསྒྲིགས་ཨུ་ཡོན་གྱི་འགོ་གཙོའམ་རྫོང་སྲིད་གཞུང་གི་འགོ་གཙོ་གཞོན་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་ལ། གུང་ཧོ་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོའམ《<རི་བོ་ཉི་ཟླ>ལོ་འཁོར་ཉི་ཤུའི་ལེགས་རྩོམ་བདམས་བསྒྲིགས》ཞེས་པའི་དུས་དེབ་ཀྱི་གཙོ་བསྒྲིགས་གནང་མཁན་སྤེན་པ་ལགས་ཀྱིས《རི་བོ་ཉི་ཟླ》1991ལོར་འགྲེམ་སྤེལ་བྱེད་འགོ་བརྩམས་པ་ནས་བཟུང་ད་ལྟའི་བར་ལོ20ཕྱིན་པའི་བར་གྱི་གནས་ཚུལ་རགས་བསྡུས་མཚམས་སྦྱོར་གནང་བ་རེད།
མཛད་སྒོའི་ཟུར་ཞིག
《རི་བོ་ཉི་ཟླ》ཞེས་པའི་དུས་དེབ་འདི་པར་སྐྲུན་བྱས་པ་ནས་བཟུང་། གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་སེམས་བསམ་པའི་གཟིགས་སྐྱོང་དང་རྒྱབ་སྐྱོར་འོག རྩོམ་རིག་ལ་དུང་བའི་ན་གཞོན་གསོ་སྦྱོང་དང་མཚོ་ལྷོ་ས་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཡར་སྤེལ་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།
ཐེངས་འདིའི་འགྲེམ་སྤེལ་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་། ཆེད་མཁས། རྩོམ་པ་པོ་དག་ལྷན་དུ་པར་བསྐྱོན་པ།
དེ་མུར། ཐེངས་འདིའི་འགྲེམ་སྤེལ་ལ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་། ཆེད་མཁས། རྩོམ་པ་པོ་དག་གིས《རི་བོ་ཉི་ཟླ》དུས་དེབ་ཀྱི་པར་སྐྲུན་གནས་ཚུལ་ལ་རང་སོ་སོའི་བསམ་འཆར་དང་དགོངས་ཚུལ་བཏོན་པ་སྟེ། 《རི་བོ་ཉི་ཟླ》དུས་དེབ་ཀྱི་མ་འོངས་འཕེལ་རྒྱས་དང་རྒྱལ་སྤྱིར་ཁ་ཕྱོགས་པའི་སྐོར་ལ་གླེང་མོལ་མཛད་པ་རེད། འདི་ནི་ཏང་བཙུགས་ནས་ལོ་འཁོར90ལོན་པའི་སྐབས་བབ་དང་བསྟུན་ནས་འགྲེམ་སྤེལ་བྱས་པ་ཡིན་པས། ཏང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་ངེས་ཤིང་། གསེར་ཆེན་རྫོང་གི་རྩོམ་རིག་གསར་སྐྲུན་གྱི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་ཡིན། དེ་དང་ཆབས་ཅིག་ཏུ་འདིས་གསེར་ཆེན་ས་ཁུལ་གྱི་རིག་གནས་མིང་གྲགས་མཐོ་རུ་བཏེགས་ཏེ། ཆབ་སྲིད་དཔལ་ཡོན་དང་དངོས་བོའི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་སྐུལ་སྤེལ་བྱེད་པར་ནུས་པ་གང་ལེགས་ཐོན་ཡོད་པ་རེད།