logo

ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་བརྩམས་སྒྲུང《ལུག་ཚེ་ཐར》སྐོར་གླེང་བ།

རྩོམ་པ་པོ།:གཡུལ་རྒྱལ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-05-09 ཀློག་གྲངས།:

རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

            སྤྱི་ལོ2011ལོའི་ཟླ5ཚེས7ཉིན། ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་ཐེངས31པའི་ཐོག་སྐབས5པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང《ལུག་ཚེ་ཐར》གྱི་སྐོར་ལ་བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱིས་སྔོན་འགྲོའི་གཏམ་བཤད་དང་འབྲེལ་བགྲོ་གླེང་དེ་དབུ་འཚུགས་ཤིང་།  ལྷ་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སློབ་མ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ10ལྷག་བཞུགས་པ་རེད།   
            དེ་ཡང་དང་ཐོག་ཁོང་གིས་ད་ལྟའི་དུས་རབས་འདིར་དེང་དུས་རིག་གནས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་མི་རིགས་ཀྱི་རིག་གནས་ཉམས་ཞན་དུ་གྱུར་དང་འགྱུར་བཞིན་པ་ནི་ཀྲུང་གོ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་ཞིག་ཆགས་ཡོད།  དེར་བརྟེན་ང་ཚོའི་ན་གཞོན་ཚོར་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་འཕེལ་བྱེད་རྒྱུའི་དམིགས་བསལ་འོས་འགན་ཡོད་ཞེས་གསུངས་པ་དང་།  ཁོ་རང་ཉིད་ཀྱིས་བརྩམས་པའི་བརྩམས་སྒྲུང《ལུག་ཚེ་ཐར》ལ་གཞན་དང་མི་འདྲ་བའི་རྩོམ་རྩལ་མིང་མཐའ་གཉིས་པ་བེད་སྤྱད་པ་དང་།  རང་མི་རིགས་ཀྱི་རིག་གནས་གཞི་བྱས་ཏེ་ཐུན་མོང་མ་ཡིན་པའི་མི་གཤིས་སོགས་མཚོན་ཐབས་བྱས་པས་འཇིག་རྟེན་གྱི་ལྟ་ཚུལ་མི་འདྲ་བའི་མི་རིགས་ཁག་དང་འཛམ་གླིང་སྤྱི་ཡོངས་ཀྱི་ཀློག་པ་པོའི་བློ་སྒོ་འབྱེད་པར་ནུས་པ་ཆེན་པོ་ཐོན་ཏེ་ཁོང་ཚོས་འདེང་འཇོག་དང་དགའ་མོས་བྱེད་ཀྱིན་འདུག   རྗེས་ཕྱོགས་མི་སུ་ཡིན་ཡང་རྩོམ་ཡིག་འབྲི་སྐབས་ངེས་པར་དུ་རང་མི་རིགས་ཀྱི་རིག་གནས་དང་ཁ་བྲལ་ཏེ་རྩོམ་ཡིག་རྩ་བ་ནས་མི་འབྲི་རོགས་ཞེས་སློབ་མ་ཚོར་རེ་སྐུལ་གནང་སོང་བ་རེད།   
            ཁོ་ལ་ལོ་ངོ18ལྷག་གི་རྩོམ་འབྲིའི་རྒྱུད་རིམ་དང་ད་ལྟའི་རྒྱ་ཡིག་གི་རྩོམ་འབྲིའི་ཚད་གཞི་འདིར་སླེབས་པའི་རྒྱུ་རྐྱེན་གཙོ་བོའམ་དགའ་འོས་པ་ཞིག་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ལ་བསྐྱོད་ཐུབ་པ་དེ་ཡིན་པ་དང་།   གལ་ཏེ་བོད་ཡིག་ཚན་ཁག་ལ་འགྲོ་ཐུབ་མེད་ཚེ་ད་ལྟའི་སྒྲུང་དེ་འབྲི་ཐུབ་ཀྱི་མེད་པ་བསྟན། 

སློབ་མས་དྲི་བ་འདོན་བཞིན་པ།

           ད་ལྟའི་བོད་ཀྱི་རྩོམ་ཡིག་གི་གནས་བབ་དེ་རྒྱལ་ཡོངས་ཀྱི་རིམ་པ་གཉིས་པར་སླེབས་ཀྱི་འདུག་པས་མ་འོངས་པར་ང་ཚོས་རང་མི་རིགས་ཀྱི་རིག་གནས་ལ་སྣང་ཆུང་གཏན་ནས་མི་བྱེད་པར་རྒྱུན་འཛིན་བྱེད་ཐུབ་པ་ཡིན་ན།  ང་ཚོའི་རྩོམ་རིག་གི་ལམ་བུར་གཡུར་དུ་གཟར་བའི་འབྲས་བུ་ཐོབ་པའི་རེ་བ་ཆེན་པོ་ཡོད་ལ་སླད་འཛམ་གླིང་དུ་སྐད་གྲགས་ཆོད་པའི《ནོ་ཝའེ་རྩོམ་རིག་བྱ་དགའ》ཐོབ་པའི་རྩོམ་པ་པོ་མང་དུ་འབྱུང་བར་ཡིད་ཆེས་ཆེན་པོ་ཡོད།   ད་དུང་བརྩམས་སྒྲུང་ནི་ལོ་རྒྱུས་ཀྱི་ཤ་དང་རུས་པ་ལྟ་བུ་ཡིན་པ་དེང་དུས་དཔྱད་ཞིབ་པ་མང་པོས་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་བརྩམས་སྒྲུང་འབྲི་བའི་དགོས་པ་ཡང་འདི་ལས་མ་འདས་ཤིང་།  དེ་ཡང་སྒྲུང་རྩོམ་འབྲི་བའི་སྐབས་སུ་ངེས་པར་དུ་དུས་རབས་དང་འཚམས་པའི་སྒོ་ནས་འབྲི་དགོས་ཏེ།  དཔེར་ན་དུས་རབས་གོང་མར་ཕྱི་རྒྱལ་གྱི་འཁྲབ་གཞུང་རྩོམ་ཡིག《ཀ་ཏོའོ་སྒྲུག་པ》ཞེས་པ་དེའི་ནང་དོན་ལ་དེ་ཙམ་གྱི་སྙིང་པོ་མེད་རུང་སྐབས་དེའི་སྤྱི་ཚོགས་ལ་ཟུར་ཟ་དང་ངོ་རྒོལ་བྱེད་པའི་རྣམ་པ་ཞིག་མཚོན་ཡོད། 
           དུས་རྒྱུན་ང་ཚོས་རྩོམ་ཡིག་འབྲི་བའི་སྐབས་སུ་མི་སྣའི་རང་བཞིན་མཐའ་གཅིག་ཏུ་ལེགས་ཉེས་གཏན་འཁེལ་དུ་ངོས་འཛིན་གྱི་ཡོད།   ཡིན་ནའང་དངོས་ཡོད་འཚོ་བའི་ནང་གང་ཟག་གཅིག་གི་སྟེང་དུ་དགེ་སྐྱོན་གཉིས་ཀ་འཛོམས་པའི་ཕུན་སུམ་ཚོགས་པ་ཞིག་ཡིན་པར་བརྟེན། དུས་ཕྱིས་རྩོམ་ཡིག་གི་ཁྱབ་ཁོངས་ཡང་རྒྱ་ཆེ་རུ་ཕྱིན་ཡོད།   ང་རང་གི་ངོས་ནས་བཤད་ན་གནས་ཚུལ་བྱུང་ཚད་སྒྲུང་རྩོམ་གྱི་བརྗོད་བྱར་ངོས་འཛིན་གྱི་མེད།  སྒྲུང་ཞིག་ཡིན་ན་མི་དང་མིའི་བར་གྱི་བརྩེ་བ་དང་འགལ་ཟླ།  མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་སོགས་མིའི་རིགས་ཀྱི་མ་འོངས་པའི་ཁ་ཕྱོགས་སྟོན་ཐུབ་པའི་ནུས་པ་ལྡན་དགོས་པ་སོགས་བརྩམས་སྒྲུང《ལུག་ཚེ་ཐར》གྱི་སྐོར་ལ་ཡང་གསར་རྩོམ་གྱི་བརྒྱུད་རིམ་དང་། བརྩམས་སྒྲུང་དེ་ཉིད་ལས་བོད་རིགས་སམ་བོད་ལྗོངས་ཀྱི་རིག་གནས་རྒྱབ་ལྗོངས་སུ་བགྱིས་ཏེ་རྩོམ་རིག་གསར་རྩོམ་གྱི་མ་འོངས་ཁ་ཕྱོགས་ལ་བལྟ་བ། བརྩམས་སྒྲུང་གསར་རྩོམ་བྱེད་དགོས་པའི་རྒྱུ་མཚན་དང་དོན་སྙིང་། དེང་རབས་བོད་ཀྱི་རྩོམ་རིག་གི་གནས་སྟངས་བཅས་དོན་ཚན་བཞིར་དབྱེ་བ་ཡིན། 

           བརྩམས་སྒྲུང《ལུག་ཚེ་ཐར》གསར་རྩོམ་གྱི་བརྒྱུད་རིམ་ལའང་བརྩམས་སྒྲུང་འདི་འབྲི་དགོས་པའི་རྒྱུ་མཚན་དང་།  བརྗོད་དོན་གང་འདྲ་ཞིག་གླེང་དགོས་པ།  གསར་རྩོམ་ཐབས་རྩལ་རང་བཞིན་གྱི་རྒྱུན་ལྡན་རྩོམ་རྩལ་ལས་བརྒལ་བ་བཅས་དོན་ཚན་གསུམ་གྱི་ཐོག་ནས་ངོ་སྤྲོད་ཞིབ་པར་གནང་རྗེས་བརྩམས་སྒྲུང《ལུག་ཚེ་ཐར》དང་འབྲེལ་བའི་སློབ་མའི་དྲི་བ་ཁག་ལའང་ལན་ཁ་གསལ་གནང་སོང་བ་རེད།

འབྲེལ་ཡོད་འོས་སྦྱོར།